Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕོ་མདའ་ཤང་དུ་ཡིག་ཆ་སྦྱར་འགྲེམས་ཀྱི་གནས་ཚུལ།

Posted on 2012-02-282012-02-28 By ཁ་བརྡ་ 3 Comments on ཕོ་མདའ་ཤང་དུ་ཡིག་ཆ་སྦྱར་འགྲེམས་ཀྱི་གནས་ཚུལ།

(དཀར་མཛེས་རྫོང་ཁོངས་སྟོང་སྐོར་སྙི་ཁོག་གི་ཕོ་མདའ་ཤང་དུཡིག་ཆ་སྦྱར་འགྲེམས་ཀྱི་གནས་ཚུལ།)

རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་ནས་བསྟན་འཛིན་དར་རྒྱས་ཀྱིས།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། དཀར་མཛེས་རྫོང་ཁོངས་སྟོང་སྐོར་སྙི་ཁོག་གི་ཕོ་མདའ་ཤང་དུ། ཉེ་སྔོན་ལོ་སར་ཚེས་གཅིག་གི་དགོང་མོར་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་པས་ཤོག་སྦག་རྒྱག་པ་སོགས་དགའ་སྐྱིད་ཀྱི་རྣམ་པ་བསྟན་སྐབས། ས་གནས་དེ་གའི་བོད་མི་ཚོས་ཀི་འབོད་སོགས་བྱས་ནས་སྤྲོ་སྐྱིད་དེར་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་བྱས་འདུག་ཅིང་། ལོ་སར་སྔ་རྗེས་ཀྱི་ཉིན་ཁ་ཤས་རིང་ཕོ་མདའ་ཤང་གི་རྒྱ་ནག་གི་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་། ལམ་ཆེན་དང་། ཟམ་པ། གློག་གི་ཀ་བ་སོགས་སུ། བོད་རང་བཙན་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན། ཞེས་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆ་ཧ་ཅང་མང་པོ་སྦྱར་འགྲེམས་བྱས་ཡོད་འདུག་ལ། ས་གནས་ཀྱི་རྒྱའི་ལས་བྱེད་པ་རྣམས་ཡོང་ནས་སྦྱར་འགྲེམས་བྱས་པའི་ཡིག་ཆ་རྣམས་བསྡུ་རུབ་བྱས་ཡོད་འདུག་མོད། ཆ་ཚང་བསྡུས་མ་ཐུབ་པར་ལམ་ཟུར་དང་གློག་གི་ཀ་བ་སོགས་ཀྱི་སྟེང་དུ་ད་དུང་ཡང་མང་པོ་ལྷག་ཡོད་འདུག་ཀྱང་། ས་གནས་དེའི་བོད་མི་འཇུ་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁ་པར་གྱི་བརྒྱུད་ལམ་སོགས་ལ་དམ་དྲག་ཆེ་བའི་སྟབས་ཀྱིས་གནས་ཚུལ་དེ་ཙམ་ལས་རག་སོན་མ་བྱུང་ཡང་། ད་དུང་མུ་མཐུད་རྩད་དཔྱོད་བྱེད་མུས་ཡིན།།

གསར་འགྱུར།

Post navigation

Previous Post: བདག་གི་བྲང་ཁོང་ན་སྙིང་ཡར་དྲག་ཏུ་མཆོང་གིན་འདུག
Next Post: གཞོན་ལྷན་དབུས་རྒྱུན་ལ་ཕུལ་བའི་དྲི་བ་བཅུ།

Comments (3) on “ཕོ་མདའ་ཤང་དུ་ཡིག་ཆ་སྦྱར་འགྲེམས་ཀྱི་གནས་ཚུལ།”

  1. ཁྭ་ཏ་ཁ་ཏ་བ། says:
    2012-02-28 at 8:37 am

    དཔེ་ཡག་པོ་རེད། སྲོག་ཉན་མེད། ཞི་བ་ཞི་བ་རེད། དེ་འདྲ་མང་ཙམ་གནང་དགོས། ཐུག་རྗེ་ཆེ་དཔའ་རྒོད་ཚོ།

  2. རྨ་རྒྱལ་སྤོམ་ར། says:
    2012-02-28 at 1:52 pm

    རྗེས་སུ་ཡི་རང་ཡོད།

  3. Norbu Tsephel says:
    2012-02-28 at 10:56 pm

    ས་བྱིའི་ཞི་རྒོལ་ཆེན་མོའི་སྐབས་ཉིན་གཅིག་གི་ནང་རྒྱ་དམར་གྱིས་བོད་མི་༡༥ཙམ་བསྡེབས་གསོད་བཏང་སའི་སྟོང་སྐོར་གྱི་ཡུལ་འདིར་དགུན་དུས་གྲང་ངར་ཆེ་བའི་སྐབས་ད་ལྟ་ནས་ཡ་མཚན་ཆེ་བའི་མེ་ཏོག་མང་པོ་འཁྲུངས་ཡོད་འདུག་པ་མ་ཟད། ས་ཐག་རིང་བའི་ཡུལ་ལུང་དུ་མ་ནས་ཀྱང་མེ་ཏོག་དེ་དག་མཇལ་དུ་ཡོང་གི་ཡོད་འདུག་ཅིང་། ལས་དག་དད་ལྡན་དུ་མས་ནི་མེ་ཏོག་དེ་དག་གི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྤྱན་ཤེལ་དང་། ཕྱག་གཉིས་ཐལ་མོ་སྦྱར་ནས་བཞུགས་པའི་རྣམ་པ་སོགས་གསལ་པོར་མཇལ་ཐུབ་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་དེའི་སྐོར་གྱི་གནས་ཚུལ་གསུང་མཁན་ཞིག་བྱུང་ན་བསམས་ཏེ་ངང་སྒུག་བྱས་ནས་སྡོད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme