Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕོ་བྲང་ནགས་མའི་ལྡིང་ཁང་།

Posted on 2019-12-012019-12-03 By ཁ་བརྡ 10 Comments on ཕོ་བྲང་ནགས་མའི་ལྡིང་ཁང་།

གསལ་ལེ་རྒྱལ།

ཕོ་བྲང་ནགས་མའི་ལྡིང་ཁང་ནི་སེང་གེ་བློ་བཟང་གི་ཕོ་བྲང་ཡིན་པས་མི་ལ་ལས་སེང་གེ་ཕོ་བྲང་ཟེར་ཅིང་མི་ལ་ལས་ཕོ་བྲང་ནག་མོའི་ལྡང་ཁང་ཡང་ཟེར། གང་ལྟར་ཕོ་བྲང་འདི་རི་བོ་མཐོན་པོ་ཞིག་གི་སྐེད་ན་ཡོད་ནའང་ནགས་ཚལ་སྟུག་པོ་ཞིག་་གི་དཀྱིལ་ན་ཡོད་པས། སེང་གེ་བློ་བཟང་ཚང་གི་སེང་ཕྲུག་ཚོས་རི་སྐྱེས་རི་དྭགས་མང་པོ་མཐོང་མྱོང་བ་ལས་ནགས་ཚལ་འདིའི་ཕྱི་རུ་མི་ཡི་འཇིག་རྟེན་ཞིག་ཡོད་པ་ཤེས་ཀྱིན་མེད་ལ། ནོར་རྫི་སྤེན་པ་ཚང་གི་ནོར་གནག་ཚོའང་དེ་བཞིན་ཡིན།

ནོར་རྫི་སྤེན་པ་ནི་འཁྱམས་པོ་ཡུལ་མེད་ཅིག་ཡིན་པས་ས་གཡར་མ་ཞིག་གི་ཐོག་ན་ངུར་མི་ཤེས་པའི་ནོར་གནག་རྫུན་མ་འགའ་འཚོས་ནས་བསྡད་ཡོད། དོན་རྐྱེན་དེ་མ་བྱུང་བའི་སྔོན་ལ་སེང་གེ་བློ་བཟང་དང་ནོར་རྫི་སྤེན་པ་གཉིས་གྲོགས་པོ་ཡིན། དྲང་མོར་བཤད་ན་ནོར་རྫི་སྤེན་པའི་གདོང་དབྱིབས་ནི་རྡོ་སེང་ཞིག་དང་འདྲ་བོ་ཡོད་པས་ཁོ་གཉིས་གྲོགས་པོར་གྱུར་བ་དེའང་ལས་དབང་གིས་གྲུབ་པ་ཡིན་ངེས་ལ། ད་དུང་ནོར་རྫི་སྤེན་པས་ནོར་འཚོ་སའང་སེང་གེ་ཕོ་བྲང་གི་གཡས་གཡོན་དེ་རུ་ཡིན།

སེང་གེ་བློ་བཟང་དང་ནོར་རྗི་སྤེན་པ་གཉིས་ལ་སྤྱི་མཚུངས་ཀྱིས་ཤ་ཚ་ཞིང་སྙིང་ཉེ་ལ་ཁོང་གཉིས་ཀས་གུས་བརྩི་བྱེད་ས་ཞིག་ཡོད་པ་ནི་ཨ་ཅེ་དྲང་བདེན་སྒྲོལ་མ་ཡིན། ཨ་ཅེ་དྲང་བདེན་སྒྲོལ་མ་ནི་རི་བོང་ཞིག་ཡིན། ནམ་ཡིན་ཡང་ཁོང་གཉིས་ལ་ཁ་རྩོད་ཅུང་ཙམ་ཤོར་ཚེ་སུ་ཡིན་ཡང་ཨ་ཅེ་དྲང་བདེན་སྒྲོལ་མར་འདྲི་ཟེར་ངེས་ཡིན།

ན་ནིང་ཞིག་ལ་སེང་གེ་ཕོ་བྲང་ནས་གསེར་གི་རྐུབ་སྟེགས་ཤིག་བོར་བརླག་ཏུ་སོང་པ་དེ་སེང་གེ་བློ་བཟང་གིས་ནོར་རྗི་སྤེན་པས་བརྐུས་པ་རེད་ཅེས་ནོར་རྗི་སྤེན་པར་རྐུས་བཙུག ཡིན་ནའང་ནོར་རྗི་སྤེན་པས་ཁོ་རང་རྐུན་མ་མིན་པས་ནམ་ཡང་ངེས་ལེན་མེད་ཅེས་གནས་ལུགས་གསུམ་བདེན་པའི་རྒྱབ་རྩར་དྲངས་པས་སེང་གེ་བློ་བཟང་གིས་གོ་ཐོས་བཅུ་རྒྱུ་མཚན་དུ་དྲངས་ནས་ངར་ངར་བྱས། ནོར་རྗིས་སྤེན་པས་ཁྱོད་ཀྱིས་ང་ལ་མ་ཉེས་ཁག་གཡོགས་བྱས་སོང་ཞེས་སྐད་བརྒྱབས་ནས་སེང་གེ་ཕོ་བྲང་ཡོམ་ཡོམ་འདར་བར་བྱས་པས་སེང་གེ་བློ་བཟང་གིས་་དེ་ན་ཁྱོད་ཀྱིས་ཨ་ཅེ་དྲང་བདེན་སྒྲོལ་མ་ལ་གཏུགས་་ཅེས་ལོ་དེའི་ཟླ་གསུམ་བའི་ཚེས་བཅུ་ཉིན་ཡང་བསྐྱར་ངར་ངར་བྱས།

ནོར་རྗི་སྤེན་པས་ང་ལ་ཐབས་གཞན་མི་འདུག་ཅེས་ངུ་གིན་ངུ་གིན་ཨ་ཅེ་དྲང་བདེན་སྒྲོལ་མར་གཏུག་ཏུ་སོང་། ཨ་ཅེ་དྲང་བདེན་སྒྲོལ་མས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ཡུན་གྱིས་བལྟ་ཞེས་པ་ཙམ་ལས་སྐབས་ཐོག་དེར་ཅི་ཡང་མ་བཤད། ཟླ་འགའ་འགོར་རྗེས་ཨ་ཅེ་དྲང་བདེན་སྒྲོལ་མས་སྐད་བཏང་བ་བཞིན་ནོར་རྫི་སྤེན་པས་རང་གི་ནུ་མོ་རྣམ་རྒྱལ་ཚེ་སྐྱིད་ཁྲིད་ཅིང་སེང་གེ་བློ་བཟང་གིས་རང་གི་སྐུ་ཚབ་འགའ་དང་རྩོད་ལེན་པ་སེང་གེ་གྲགས་པ་མངགས་ནས་ཨ་ཅེ་དྲང་བདེན་སྒྲོལ་མའི་མདུན་དུ་སོང་། ཝ་མོ་མོ་གཅིག སྐྱ་ཀ་གཉིས། ཁྭ་ཏ་གསུམ། ད་དུང་ལྟུལ་ལི་འགའ་བཅས་བདེན་དཔང་གི་ཚུལ་དུ་ཡོང་།

ནོར་རྫི་སྤེན་པ་རྡོ་སེང་གེ་ཞིག་དང་འདྲ་བར་ཁ་ཅི་ཡང་མི་གྲགས་པར་མགོ་སྒུར་ནས་བསྡད། ནུ་མོ་རྣམ་རྒྱལ་ཚེ་སྐྱིད་ཀྱིས་གནས་ལུགས་གསུམ་ལ་འགྲེལ་བཤད་བཅུ་བརྒྱབས་ཤིང་སེང་གེ་གྲགས་པས་གོ་ཐོས་བཅུ་ལ་ལོག་འགྲེལ་དགུ་བརྒྱབས། ཨ་ཅེ་དྲང་བདེན་སྒྲོལ་མས་ཞིབ་ཀྱིས་ཉན་རྗེས་རང་གི་གདོང་ལ་ཡིད་ཆེས་ཀྱི་ཉམས་གསོན་པོ་ཞིག་ཤར་བའི་མོད་ལ། སེང་གེ་བློ་བཟང་ལགས། ནོར་རྫི་སྤེན་པ་རྐུན་མ་རེད་མི་འདུག ཟླ་གཅིག་མ་བརྒལ་པའི་ནང་དུ་ཁོང་ལ་དགོངས་དག་ཞུས། དེ་ནས་ཁྱེད་གཉིས་འགྲིག་པ་ཡིན་ཞེས་བཤད་ཉན་གྱི་མཇུག་བསྡུས། སེང་གེ་གྲགས་པས་ཚིག་གི་མགོ་ན་ཨ་ཅེའང་མེད་པར་དྲང་བདེན་སྒྲོལ་མ་དྲང་བདེན་མ་རེད་ཅེས་སྐད་བརྒྱབས། སེང་གེ་བློ་བཟང་དྲང་བདེན་གྱི་རྒྱ་མ་ལས་ལྷུང་སྟེ་ས་ལ་ཤུགས་ཀྱིས་བརྡབས་པས་ཟླ་འགའ་ལ་ངག་མི་འཁྲོལ་པར་གྱུར།

ཕྱིས་སུ་སེང་གེ་བློ་བཟང་གིས་མྱི་ཟོག་གཉིས་འཆམ་མཐུན་ཡོང་བའི་ཆེད་དུ་དྲང་བདེན་སྒྲོལ་མའི་སྐད་ཆར་གུས་བརྩི་བྱེད་ཀྱི་ཡིན་ཞེས་བཤད་ནའང་བརྡབ་སྐྱོན་དེའི་དབང་གིས་དགོངས་དག་སོགས་ཐ་སྙད་ལྗིད་མོ་དག་ད་དུང་ངག་ནས་ཐོན་མི་ཐུབ་པར་གྱུར།

༢༠༡༩ ལོའི་ཟླ ༡༡ པའི་ཚེས་༢༩ ལ་ཕ་རེ་སི་ནས།

བརྩམས་སྒྲུང་།

Post navigation

Previous Post: ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན། (གཞས་ཚིག)
Next Post: བྱ་རོག་ཞལ་གདམས། (སྟོད་ཆ)

Comments (10) on “ཕོ་བྲང་ནགས་མའི་ལྡིང་ཁང་།”

  1. རྟ་བདུན་དབང་བོ says:
    2019-12-01 at 9:24 pm

    ཧ་ཅང་སྙན་མོ་ཞིག་བྲིས་འདུག འདི་འདྲའི་སྒྲུང་གཏམ་མཚར་པོ་བྱིས་པ་ཚོའི་སློབ་དེབ་ནང་དུ་བཞག་ན་ཡག་པོ་འདུག །

  2. བདེ་འཇགས་ཕོ་ཉ། says:
    2019-12-02 at 8:49 am

    ལྟུལ་ལི་—-རྟོལ་ལེ་་་་་

  3. བོད་ཁམས་སྡེ་ says:
    2019-12-02 at 1:21 pm

    དངོས་གནས་སྙན་མོ་ཞིག་བྲིས་འདུག་

  4. ཇ་མ་ says:
    2019-12-02 at 7:43 pm

    བྱ་སྤྲུའི་གཏམ་རྒྱུད་དང་གཅིག་པ་རེད། ཁ་བྲོ་སྙན་ཐག་ཆོད་འདུག

  5. རིག་པའི་རྡོ་རྗེ། says:
    2019-12-02 at 9:03 pm

    ཧ་ཅང་སྙན་ལ་ནང་དོན་ཡང་ཟབ། ཤིན་ཏུ་ལེགས།
    སེང་གེ་བློ་བཟང་གི་སྐོར་ལས་བྲིས་པའི་སྙན་ངག་དང་། སྒྲུང་གཏམ། དཔྱད་བརྗོད་སོགས་ཡོད་ཚད་བསྡུ་རུབ་བྱས་ནས་དེབ་ཅིག་པར་བསྐྲུན་བྱེད་ཐུབ་ན། ལོ་རྒྱུས་ཀྱི་དཔྱད་གཞིར་ཕན་ཐོག་ངེས་ཅན་ཞིག་ཡོད་སྙམ།

  6. བདེ་འཇགས་ཕོ་ཉ། says:
    2019-12-03 at 8:52 am

    དམྱལ་བ་བོ།་འདི་མོ་འདི་བྲིས་ན་ཏ་གསལ་ལེ་རྒྱལ་འདི་ལ་འབབ་རྒྱུ་འདྲ་ཟིག་ཡོད་ཡ།

  7. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-12-03 at 10:04 pm

    ཁ་མཆུ་ཨང་20འདིའི་རིག་རྩོམ་པ་དང་དཔྱད་རྩོམ་པ་དང་སྙན་ངག་མཁན་སོགས་རང་རིགས་མི་མང་པོ་ལ་ལས་ཀ་རག་འདུག་པ་ཐུགས་རྗེ་ཆེ་བཀྲིན་ཆེ།

  8. དོམ says:
    2019-12-03 at 10:15 pm

    རྒྱུ་མཚན་མི་འདུག གནད་དོན་གང་ཡང་བཤད་མི་འདུག

  9. བློ་བཟང་། says:
    2019-12-04 at 6:49 am

    འ་འ་འ་བྲིས་ནོ་ཡག་ག དགེ་བ་ཟིག་རེད།

  10. དམར་ཁ་ཚ། says:
    2019-12-05 at 11:48 pm

    རྩལ་དུ་ཐོན་འདུག ངོ་མ་བཙན་བྱོལ་གྱི་རྫ་ཙིག་གཏམ་རྒྱུད་རང་རེད། བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme