Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕེ་སེ་བྷུཀ་facebookགདོང་དེབ་དྲ་རྒྱ། ངོ་སྤྲོད།

Posted on 2010-01-302010-01-30 By ཁ་བརྡ་ 4 Comments on ཕེ་སེ་བྷུཀ་facebookགདོང་དེབ་དྲ་རྒྱ། ངོ་སྤྲོད།

སྨྱུག་རྒོད་གངས་བུ་དཔལ།

ཕེ་སེ་བྷུཀ་facebookགདོང་དེབ་དྲ་རྒྱ་ནི་ས་གནས་གང་སར་ཡོད་པའི་རང་གི་གྲོགས་པོ་སོགས་འབྲེལ་འཐུད་ཀྱི་སྤྱི་ཚོགས་དྲ་རྒྱ་ཡིན།
གལ་ཁྱེད་ཀྱིས་ཕེ་སེ་བྷུཀ་ནང་ཐོ་འགོད་བྱས་པའི་རྗེས་ཁྱེད་ཀྱི་གྲོགས་པོ་མང་པོ་འདེམས་ཆོག་ལ། རང་གིས་དཔར་དང་རྩོམ་ཡིག སྐད་ཆ་སོགས་དྲ་ཚིགས་སུ་སྤེལ་ཆོག ཁྱེད་ཀྱིས་དཔར་དང་བརྗོད་གཏམ་གང་ཞིག་དྲ་ཚིགས་སུ་སྤེལ་བ་དང་ཁྱེད་ཀྱི་གྲོགས་པོ་ཚང་མའི་ཕེ་སེ་བྷུཀ་མདུན་ངོས་སུ་ཤར་ངེས་ཡིན་པས་སྐད་ཅིག་ལ་གྲོགས་པོ་ཚང་མར་རང་གི་བྱས་པ་བསྟན་ཐུབ་པའི་ཁྱད་ཆོས་ཡོད། གྲོགས་པོ་བཟོ་ཆོག་ཐད་མ་གཞི་སོ་སོས་མི་དེའི་མིང་བླུགས་ནས་འཚོལ་ཞིབ་ཀྱིས་འདེམས་རྒྱུ་ཡོད་ཀྱང་། ཕེ་སེ་བྷུཀ་ཉིད་ཀྱིས་ཁྱེད་དང་ཕྱོགས་མཐུན་གྱི་གྲོགས་པོ་དེ་འདྲ་ཡང་མིང་འདོན་བྱེད་ཀྱི་རེད། ཕེ་སེ་བྷུཀ་ནང་ཁྱེད་ཀྱི་སོ་སོའི་མིང་བོད་ཡིག་ཐོག་བསྒྱུར་ཆོག་གི་འདུག་ལ། འཕྲིན་དང་རྩོམ་ཡིག་གང་ཡིན་བོད་ཡིག་ཐོག་ཏུ་ཡང་བྲིས་རྒྱུ་འདུག
དམིགས་བསལ་རྩོམ་པ་པོ་དང་དྲ་འཁྱམས་པ་བདག་ལྟ་བུར་ཕེ་སེ་བྷུཀ་བེད་སྤྱོད་བྱེད་ན་སྟབས་བདེ་པོ་དང་ཡག་པོ་འདུག གསལ་བཤད་ཞུ་རྒྱུ་ཞིག་ལ་ཕེ་སེ་བྷུཀ་ནང་བོད་ཡིག་ཆུང་ཙམ་ལས་མ་འདོན་པའི་སྐྱོན་ཡང་འདུག༼འོན་དང་དེ་ནི་ctrlདང་+གཉིས་མཉམ་དུ་བསྣན་ན་སེལ་ཐུབ།༽
གྲོགས་པོ་ཚོས་ཕེ་སེ་བྷུཀ་བཟོ་འདོད་ཡོད་ན་དྲ་བྱང་ནི་www.facebook.comརེད་འདུག།

སྣ་ཚོགས།

Post navigation

Previous Post: བོད་པ་ཚང་ལ། ༧རྒྱལ་བ་རིན་པ་ཆེ་དགོས་ཀྱི་ཡོད་དམ་མེད།
Next Post: ཕྱི་གླིང་ནས་བསྐུར་བའི་སེམས་འཕྲིན།

Comments (4) on “ཕེ་སེ་བྷུཀ་facebookགདོང་དེབ་དྲ་རྒྱ། ངོ་སྤྲོད།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-01-30 at 11:01 pm

    ང་ཡིན་ན། (Facebook)ལ་”ངོ་དེབ”་ལབ་ན་སྟབས་བདེ་བར་མཐོང་།
    བོད་རིགས་རྩོམ་འབྲི་བ་ཚོ་ཡང་འདིའི་སྟེང་ལ་ག་ལེར་ག་ལེར་ཡོང་ཐུབ་ན་བཟང་གི།
    བཙན་བྱོལ་ནང་གི་དབྱིན་ཡིག་རྩོམ་འབྲི་བ་ཕལ་ཆེ་བ་འདིའི་སྒང་ན་ཡོད། ཁོང་ཚོར་ཁ་བརྡ་ནང་བཞིན་གྱི་རང་དབང་གླེང་སྟེགས་དམིགས་བསས་གཞན་མེད་པས།
    ངོ་དེབ་ཀྱི་སྒང་ལ་སོ་སོའི་རྩོམ་འདྲ་སྤེལ་། དེ་ནས་དེའི་སྦྲེལ་ཐག་རྩོམ་གྲོགས་ཚོར་སྤྲད། རྩོམ་གྲོགས་ཚོས་དེའི་སྒང་ལ་མཆན་བུ་འདྲ་བརྒྱབ། དེ་ལྟར་བྱས་ནས་དུས་ཚོད་འགྲོ་བཅུག་གི་འདུག མཆན་བུ་མང་ཤོས་དེ་ཚོར་། མཆན་བུ་སུམ་ཅུ་ལྷག་ཡོང་གི་འདུག དུས་རྒྱུན་ཏུ་ངོ་དེབ་ཀྱི་སྒང་ལ་རྩོམ་འབྲི་མཁན་ཁོངས་སུ།
    བུ་ཆུང་བསོད་ནམས་དང་བསྟན་འཛིན་བདེ་སྐྱིད། ཚེ་རིང་སོགས་དང་། ཡང་མཚམས་མཚམས་ལ་རྩོམ་ཡིག་སྤེལ་མཁན་ཁོངས་སུ་། བསྟན་འཛིན་བརྩོན་འགྲུས་དང་བསྟན་འཛིན་རྡོ་རྗེ། ཚེ་རིང་དབང་ཕྱུག་སོགས་ཡོད། གང་ལྟར། དབྱིན་ཡིག་རྩོམ་འབྲི་བ་ཚོ་འཛོམས་ས་ཆེ་ཤོས་དང་བེད་སྤྱོད་ཀྱང་ཡག་པོ་གཏོང་གི་འདུག་དྲན།

  2. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-31 at 1:56 am

    རེད། ངེད་ཀྱིས་ཀྱང་དེ་ག་བསམ་ནས་རྩོམ་ཡིག་འདི་སྤེལ་བ་ཡིན། མ་གཞི་ཊེའུ་ཊར་twitterཞེས་པ་དེའི་ནང་གདོང་དེབ་ལས་བོད་ཡིག་ཡག་པ་འཐོན་གྱི་འདུག་ནང་། སོ་སོའི་མིང་བོད་ཡིག་ནང་བཟོ་མ་ཐུབ་པ་དང་། འདྲ་དཔར་སོགས་འཇོག་རྒྱུ་མེད་པ་དང། ཡིག་གེ་བྲིས་ས་ཧ་ཅང་ཆུང་པས། འདིར་གདོང་དེབ་ངོ་སྤྲོད་བྱེད་པ་ཡིན།

    ངོ་དེབ་ལབ་ན་གདོང་དེབ་ལས་བརྗོད་པ་བདེ་བདེ་འདུག་ནའང་། ངོ་ཞེས་པ་ནི་གདོང་ཙམ་ལ་མ་གོ་བར་མངོན་སུམ་མམ་ཡང་ན་མདུན་ལྟ་བུར་གོ་རྒྱུ་འདུག་པས། ངས་ ངོ་དེབ། བཞིན་དེབ། གདོང་དེབ་གསུམ་ལས་གདོང་དེབ་འདེམས་པ་ཡིན།

  3. རྡོ་རྗེ་ཧེ་རུ་ཀ། says:
    2010-01-31 at 12:43 pm

    རང་རིག་བོད་རིགས་རྩོམ་པ་པོ་ཚོས་དེང་དུས་ཀྱི་དྲ་ཐོག་ནས་གོ་སྐབས་མང་ཙམ་ལེན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་འདིར་ངོ་དེབ་ཀྱི་སྐོར་ནས་བཤད་ན་དེང་དུས་འཛམ་གླིང་ནང་ན་གཞོན་ཕལ་མོ་ཆེའི་ཁྲོད་དུ་ཆེས་དར་ཁྱབ་ཡོད་པའི་དྲ་རྒྱ་ཞིག་རེད་འདུག ལྷག་པར་ངོ་དེབ་བེད་སྤྱོད་བྱེད་མཁན་ཁྲོད་ཨ་རིའི་སྲིད་འཛིན་ཨོ་བ་མ་སོགས་ཀྱང་ཡོད་འདུག ཡ་མཚན་པ་ཞིག་ལ་སྔར་ཨོ་བ་མས་རང་གི་སྲིད་འཛིན་ལས་ཁུངས་ནང་གི་གལ་ཆེའི་མི་སྣ་འདེམས་སྒྲུག་གི་བསྒྲགས་གཏམ་ཡང་ངོ་དེབ་facebookཀྱི་ཐོག་བྱས་ཡོད་པའི་རིན་ཐང་གླེང་མཁན་ཡང་ཧ་ཅང་མངས། དེ་བཞིན་blogspotཞེས་རྩོམ་པ་པོ་སོ་སོའི་སྒེར་གྱི་དྲ་རྒྱ་gmailཞེས་པའི་གློག་འཕྲིན་ཁ་བྱང་ཞིག་བཟོ་ན་རིན་མེད་དུ་ཡོད་པ་ཞིག་འདུག་པ་དེ་ཡང་ཕན་ཐོགས་ཆེན་པོ་འདུག་པས་ཐུགས་སྣང་ཡོད་པ་ཞུ། བཀྲ་ཤིས་བདེ་ལེགས། བོད་ཀྱི་སྐད་ཡིག་རྒྱལ་ལོ།།

  4. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-31 at 1:15 pm

    རེད། ཡ། འདིར་ཕེབས་དང་blogspot ཀྱི་རིན་ཐང་ཚོར་གྱི་རེད།

    http://kyareng.blogspot.com/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme