Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕལ་སྐད་སློབ་དེབ།

Posted on 2010-07-162010-07-16 By ཁ་བརྡ་ 14 Comments on ཕལ་སྐད་སློབ་དེབ།

སྐྱོ་བྲག་དགའ་དབང་།

བྱེས་སུ་ཡོད་པའི་སྐྱབས་བཅོལ་བ་འགའ་དང་། གཞིས་ཀྱི་ལྷ་ས་དང་།
ཨ་མདོ་སོགས་ཀྱིས་རང་རང་གི་ཕལ་སྐད་སློབ་དེབ་བྲིས་ཡོད། དེའི་བསམ་པ་ནི། སྤྱིར་བཏང་སྐད་ཡིག་ནི་བརྡ་སྤྲོད་བྱེད་ཡིན་པ་དང་།
མི་རིགས་གཞན་གྱི་སྐད་ཡིག་ཀྱང་སྒྱུར་བཞིན་པ་ཡིན་པ་དང་།
བོད་སྤྱིའི་སྐད་ཡིག་ནི་རིག་གནས་ཆུ་ཚད་ཡོད་མཁན་ལས་ཕལ་གྱིས་ཇི་བཞིན་གོ་མི་ཐུབ། དེས་ན་ཕལ་སྐད་མཁོ་སྤྱོད་པ་ལེགས་སྙམ་ཙམ་པ་ཡིན།
དེ་ནི་བོད་རང་གི་རིག་གཞུང་གི་རོ་མྱང་མ་མྱོང་བ་དང་།
བོད་ཀྱི་མདུན་ལམ་ལ་བལྟ་མ་ཤེས་པའི་སྐྱོན་རེད།
དེས་མ་འོངས་པའི་བོད་ཀྱི་ཆོས་སྲིད་གཉིས་ཀར་གེགས་ཆག་ཆེན་པོ་བཟོས་ཡོད།ནང་དོན་རིག་པ་གཙོ་བོར་བྱས་པའི་སྔར་གྱི་རིག་གཞུང་རྣམས་མི་རིགས་གཞན་གྱི་སྐད་ལྟར་འགྱུར་བ་དང་།
༢
བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྐད་ཡིག་བསམ་སྤྱོད་སོགས་ཐ་དད་དུ་གྱུར་ནས་བོད་དུམ་བུར་འགྱུར་བ་དང་།
༣ སྤྱིའི་བརྡ་བྱེད་ཅིག་མེད་ན་འདུག་ཐབས་མེད་པ་དང་།
ད་ལྟར་བོད་དུ་རྒྱ་སྐད་ཁྱབ་ཆེན་པོ་ཡོད་པ་དང་།རིམ་བཞིན་རྒྱ་ནག་འཛམ་གླིང་གི་ཚོང་ར་ཞིག་ཏུ་གྱུར་ནས་རྒྱ་སྐད་ཁྱབ་ཆེ་རུ་འགྲོ་བ་སོགས་ལ་བརྟེན་ནས་བོད་ཀྱི་སྤྱི་སྐད་དེ་རྒྱ་སྐད་འགྱུར་བ་དང་།
༤
དེ་སྐབས་བོད་ཀྱི་ཆས་གོས་ཕྲན་བུ་ལྷག་ན་མ་གཏོགས་སྐད་ཡིག་རིག་གཞུང་མི་རིགས་རྣམས་ནི་རྩ་མེད་དུ་འགྲོ་བས།ད་ལྟ་རྒྱ་མིས་བཙན་དགག་བྱས་པ་བས་ཀྱང་ཐུ་ཆེ།དེས་ན་བོད་མེད་ཐབས་ཀྱི་ལག་ཆ་ཡག་ཤོས་ཕལ་སྐད་སློབ་དེབ་དེ་ནི། བོད་མི་ལ་རྒྱ་ཅན་དང་། ཤེས་ཡོན་ཅན་ཚོས་དགག་འོས་པ་དང་།
དགག་དགོས་པ་ཞིག་ཏུ་མཐོང་ངོ་། །

སྣ་ཚོགས།

Post navigation

Previous Post: རྒྱ་ནག་ཏུ་འཕུར་སྡེར་མངོན་པ།
Next Post: “དབྱར་ས།” ཐོན་ལ་ཉེ་བའི་གློག་བརྙན་གསར་བ།

Comments (14) on “ཕལ་སྐད་སློབ་དེབ།”

  1. མགོན་པོ་ཕྱག་གཉིས་པ། says:
    2010-07-16 at 10:40 am

    ཕལ་སྐད་སློབ་དེབ་བཟོ་བ་དང་། ཕན་ཚུན་གྱི་ཕལ་སྐད་ལ་སློབ་སྦྱོང་བྱེད་པ་འདི་དག་ནི་བོད་སྐད་གཅིག་གྱུར་གྱི་གོམ་པ་དང་པོའི་གྲས་རེད། དཔེ་མི་སྲིད་པའི་ཡག་པོ་རེད། དེ་དང་མཉམ་དུ་རང་རང་གི་ཡུལ་སྐད་ནང་ད་སྔ་ཡིག་སྐད་ནང་འབྲི་ཁྱབ་ཕྱིན་མེད་པ་དེ་ཚོའང་ཡིག་ཐོག་འབྲི་བ་དང་དག་ཆ་གཏན་འཁེལ་སོགས་བྱེད་དགོས་པ་རེད། ཡིག་ཐོག་འབྲི་རྒྱུན་བྱུང་བ་ནས་ཡིག་སྐད་ཆགས་པ་རེད།
    དེ་ནས་ཡི་གེ་འབྲི་སྐབས་ད་བར་གྱི་ཡིག་སྲོལ་གཙོ་བོ་བྱས་ནས་འབྲི་དགོས་པ་རེད། ལྷ་ས་ལ་མཚོན་ན། ཁ་ས། བང་ཁོག ག་འདྲས། སོགས་འབྲི་བ་དང་། ཨ་མདོར་མཚོན་ན། ཧར་ཕྱིན། ལག་པའི་གྱུ་མོ་སོགས་བྲིས་ན་དེ་ནི་སྐད་གཅིག་གྱུར་ལ་གཏོར་བརླག་རེད།
    ཁ་བརྡ་སོགས་ཀྱི་སྐབས་རང་གི་ཕ་ཡུལ་གཅིག་པ་ཚོ་དང་མཉམ་ཕལ་སྐད་ཀྱིས་ཁ་བརྡ་བྱས་ན་སྐྱོན་མི་འདུག་སྙམ།
    ལུང་པ་གང་ལའང་སྔོན་གྱི་འབྲི་རྒྱུན་རྙིང་བ་དང་ཆོས་གཞུང་གཏིང་ཟབ་པོ་དེ་འདྲ་ཡོད་པ་རེད་དེ། ཁོ་ཚོས་སྐད་ཀྱི་འགྱུར་བ་ག་ཚོད་ཕྱིན་ན། དེ་དུས་དང་དུས་སུ་སྐད་དང་བསྟུན་ནས་འགྱུར་བ་བཏང་འགྲོ་གི་ཡོད་རེད། ང་ཚོས་དེར་འགྱུར་བ་མ་བཏང་བར་དེ་དང་བསྟུན་ནས་དུས་ནས་དུས་སུ་སྡོད་དགོས་པ་ལྟ་བུ་ཞིག་བཤད་ཡོང་ན་དེ་ནི་བླུན་རྟགས་ཤིག་ལས་མ་འདས།
    སོག་པོའི་ཡིག་ཐོག་བཀའ་བསྟན་སོགས་བསྒྱུར་སྐབས་ཀྱང་། སོག་པོ་ལའང་སྐད་མི་གཅིག་པ་དུ་མ་ཞིག་ཡོད་པ་ལ་བསྟེན་ནས། ཆོས་ཚིག་ལོགས་སུ་བཟོས། དེ་ལ་ཚིག་མཛོད་བཟོས། དེ་ནས་སོག་ཡིག་ཏུ་བསྒྱུར་བ་ལྟར་རོ།

  2. མེ་ཏོག་དཀར་པོ། says:
    2010-07-16 at 1:27 pm

    ཕལ་སྐད་སྦྱོང་ཀྱི་སྦྱོང་ཡུལ་ཕལ་སྐད་དེ་ལ་ཚད་ཅིག་ཡོད་དམ། མགོན་པོས་ལེགས་སོའི་བསྔགས་བརྗོད་འདུག་སྟེ། ངས་ནི་བོད་སྐད་གཅིག་འགྱུར་བཏོར་ཤིག་གཏོང་བ་ལ་དེ་ལས་འཐུ་བ་ཞིག་མེད་པ་མཐོང་གིན་འདུག
    རྣམ་པ་ཀུན་ཏུ་ཕལ་སྐད་ཡིག་ཐོག་ཏུ་ཕབས་པ་ལ་ངོ་རྒོལ་ཡོད།

  3. མེ་ཏོག་དཀར་པོ། says:
    2010-07-16 at 1:27 pm

    ཕལ་སྐད་སྦྱོང་ཀྱི་སྦྱོང་ཡུལ་ཕལ་སྐད་དེ་ལ་ཚད་ཅིག་ཡོད་དམ། མགོན་པོས་ལེགས་སོའི་བསྔགས་བརྗོད་འདུག་སྟེ། ངས་ནི་བོད་སྐད་གཅིག་འགྱུར་བཏོར་ཤིག་གཏོང་བ་ལ་དེ་ལས་འཐུ་བ་ཞིག་མེད་པ་མཐོང་གིན་འདུག
    རྣམ་པ་ཀུན་ཏུ་ཕལ་སྐད་ཡིག་ཐོག་ཏུ་ཕབས་པ་ལ་ངོ་རྒོལ་ཡོད།

  4. ཀརྡོ་རབ་འབྱམས་པ་ says:
    2010-07-16 at 2:06 pm

    ཡུལ་ལུང་སོ་སོའི་སྐད་ལུགས་རྣམས་གཞན་དང་མ་བསྲེས་པར་ངེས་པར་ཡིག་ཐོག་ཏུ་གང་ཐུབ་འབེབས་དགོས། དེ་ཡང་སྐྱིད་རོང་པའི་སྐད། སྟོད་པའི་སྐད། ལ་དྭགས་པའི་སྐད། གཙང་པའི་སྐད། ལྷ་ས་པའི་སྐད། ཁམས་པའི་སྐད། ཨ་མདོའི་སྐད། མོན་པའི་སྐད། ཤར་པའི་སྐད། སྙེ་ཤང་པའི་སྐད་སོགས་སོ་སོར་མ་འདྲེས་པར་བྱུང་ན་བཟང་།
    བོད་ཀྱི་སྤྱི་སྐད་ནི། བོད་དབུས་ཀྱི་ཆར་གཏོགས་པའི་ལྷ་སའི་ཁ་སྐད་ལ་སྙིགས་དོར་བཅུད་ལེན་གྱིས་མི་ལོ་༥༠ལྷག་སོང་བའི་ནང་རང་བཞིན་ཉམས་མྱོང་ལས་ཐོན་པའི་དྷ་སའི་སྐད་ལའང་སྙིགས་དོར་བཅུད་ལེན་ཁ་སྐོང་དག་དེར་གྱིས་ཡོང་དགོས་པ་དང་། དེ་ཡང་ཕྱི་བཞུགས་བོད་དགེ་རྣམས་ཀྱིས་ཐུགས་འགན་བཞེས་ཐུབ་ན་སྙམ་པའི་རེ་འདུན་དང་བཅས་ཞུ་ཐལ་ཤོར་སོང་།

  5. མི་རྐང་གླིང་བུ། says:
    2010-07-16 at 2:07 pm

    ཕལ་སྐད་ཀྱི་སློབ་དེབ་ལ་སློབ་སྦྱོང་བྱས་རྗེས་མི་དེས་ཕལ་སྐད་ཅིག་ལས་ལབ་མི་ཤེས་པ་ཆགས་ངེས་རེད། དེ་ལྟ་ན་ཕལ་སྐད་དེ་ལ་རིན་ཐང་ག་འདྲ་འདུག མདོ་དབུས་ཁམས་གསུམ་སྤྱི་ལ་ཁྱབ་པའི་ཡིག་སྐད་གཏོར་གཤིག་ཀྱི་གོམ་པ་དང་པོ་དེ་རེད། བོད་ལ་ཤ་ཞེན་ཅན་རྣམས་ཀྱིས་མཐའ་གཅིག་ཏུ་དགག་དགོས་ངེས་རེད། གཟབ་གཟབ་བྱོས།

  6. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-16 at 4:31 pm

    ཕ་ཡུལ་བརྗེད་རུང་། ཕ་སྐད་མ་བརྗེད་། ཟེར་བ།
    སྐད་རིགས་སྣ་ཚོག་ཤེས་ན་བཟང་མོད་ཀྱང་།
    རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་།
    བྱིས་པ་ཡིན་དུས་སུ་ངག་ཐོག་ལ་ཡོད་པས་ལེགས་བཤད་ཅིག་རེད་། སུ་གསུང་མིན་ཤེས་། གང་ལྟར་ཕལ་སྐད་དོར་ཚར་ན་ཕ་སྐད་དོར་ཚར་བ་རེད་། མ་གཏོག་ད་ལྟའི་ཆར་བོད་སྤྱི་ཡོང་ནས་གོ་ཐུབ་པ་དང་བཤད་ཐུབ་པས་སྤྱི་སྐད་ཞིག་མེད་། བོད་ས་ཡོང་རྫོགས་རང་གི་ཕལ་སྐད་ཐོག་བསྡད་ཡོད་པ་རེད།

  7. མགོན་པོ་ཕྱག་གཉིས་པ། says:
    2010-07-16 at 9:33 pm

    ཕལ་སྐད་གཅིག་མ་གཏོགས་མ་ཤེས་ན། ཁོས་ཤེས་པ་དེ་ཕལ་སྐད་ཅིག་རེད་ལ། ཕལ་སྐད་མང་པོ་ཞིག་ཤེས་པ་ན་ཁོས་ཤེས་པ་དེ་སྤྱི་སྐད་ཅིག་རེད།
    ད་ལྟ་ཁྱེད་ཚོས་ཤོད་བཞིན་པའི་ཡིག་སྐད་ཟེར་བ་དེའང་ཕལ་སྐད་རྐྱང་ལས་གྲུབ་པ་ཞིག་རེད། སྐྱིད་གྲོང་བས་སྨྲས་ཟེར། ལྷ་ས་བས་ལབ་ཟེར། ཨ་མདོས་བཤད་དང་ཟེར་ཟེར། ཟེར་གྱི་འདས་པ་ལ་བཟེས་ཟེར། ད་རུང་ལབ་གླེང་མང་གི་ཟེར་ནས་ལབ་ཡང་སྐད་ནང་ཡོད་པ་རེད། ཁམས་ཀྱིས་རྫོ་ཟེར། བརྗོད་ཡིན་ནའང་ཐང་། འདི་ཚོ་སྤྱི་སྐད་རེད།
    རྩ་བའི་སྐད་གཅིག་ཡིན་པས་གཏོར་བརླག་གཏོང་རྒྱུ་ཅང་ཡོད་མ་རེད། ལེན་རྒྱུ་ཅུང་ཟད་རེ་སྐད་ཚང་མའི་ནང་ཡོད་པ་རེད། ཀློག་སྟངས་སོགས་སྐད་གཞན་ལ་ལྟོས་ཏེ་སྒྱུར་བཅོས་གཏོང་དགོས་སའང་ཡོད་པ་རེད།
    གཞན། སྔོན་མ་ཁང་གསར་རྡོ་རྗེས། བཀྲག་ཟེར་བ་ཞིག་བྲིས་པ་རེད། དེའི་ཁུངས་བསྲེག་ཡིན་དུ་ཆུག་ཀྱང་སྐད་ནང་དོན་དག་མ་འདྲ་བ་ཆགས་ཡོད་ན། བཀྲག་ཟེར་བ་དེ་ང་ཚོས་ལེན་དགོས་པ་རེད། ཚིག་དོན་སྟོན་ཕྱོགས་རྒྱ་ཆེ་རུ་འགྲོ་གི་ཡོད་པ་རེད། ཨམ་སྐད་ནང་ཡང་། ད་སྔ་བཤད་ཚུལ་མེད་པའམ་རང་གིས་མ་ཤེས་པ་ཅི་ཡིན་མི་ཤེས་ཀྱང་། ཐ་སྙད་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་མང་པོ་ཞིག་ཡོང་གི་འདུག དེ་ཚོ་ཡིག་ཐོག་འབྲི་དགོས་པ་རེད། ཡུལ་ལུང་ཚང་མའི་སྐད་དེ་བཞིན་རེད། ད་བར་འབྲི་རྒྱུན་ཡོད་བསྡད་པ་དེ་བསམ་བཞིན་དུ་སྐོར་ལོག་ཅིག་བྲིས་ཡོང་བ་དེ་དངོས་གནས་དགོས་པ་དམིགས་བསལ་བ་མེད་པ་ཡིན་ན་གཅིག་གྱུར་གྱི་སྐད་ལ་གཏོར་བཤིག་རེད། སྐད་ལ་ཡར་རྒྱས་དང་ཕུན་སུམ་ཚོགས་སུ་གཏོང་འདོད་ན་དེ་འདྲ་ཞིག་རེད།
    དེ་ཁྱེད་ཚོ་བླ་སྤྲུལ་དགེ་བཤེས་དང་། གྲྭ་བ་གྲྭ་ལོག་ཚོས་ཧ་གོ་སོང་ངམ། ཁྱེད་ཚོས་ཆོས་གསུངས། འཇིག་རྟེན་གྱི་དགེ་མི་དགེའི་ལེགས་ཉེས་དང་སྤང་བླང་སྐོར་གསུང་ཡོང་ན་རྗེས་སུ་ཡི་རང་ཡོད། དེ་མིན་བརྡ་སྤྲོད་ཚུད་པའི་རིག་གཞུང་ཚང་མར་མི་ཤེས་བཞིན་དུ་སྒེར་ལྡེམ་བྱེད་རྒྱུའི་ཧམ་སེམས་འཆང་ན་སོར་གང་ཡང་གཏོང་གི་མིན།
    ཁྱེད་ཚོའི་ཆོས་དེ་མི་མང་གིས་ཤེས་ན་འདོད་ན། སྤྱི་ཚོགས་ཀྱི་འགྱུར་བ་དང་སྐད་ཀྱི་འགྱུར་བ་དང་བསྟུན་ནས་འགྲོ་དགོས་པ་ལས། ལོ་ཉིས་སྟོང་ལྷག་གི་སྔོན་གྱི་སྐད་དང་བརྡ་སྤྲོད་ལ་བསྟུན་ནས་འགྱུར་མེད་སོར་གནས་བྱེད་དགོས་པར་བསམ་པ་དེ་ནི་སྟོང་བསམ་ཞིག་ལས་ཅི་ཡང་མིན་པ་རེད། ལྷག་པར་དུ་ད་ལྟའི་བརྡ་འཕྲིན་དང་སྐད་ཀྱི་འགྱུར་བ་ཆེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཀླད་རྙིང་མཁྲེགས་འཛིན་བྱས་བསྡད་ན་ཡོད་པ་དེ་ཡང་ཉམས་པའི་རྒྱུ་ལས་མ་འདས། དུས་དང་སྤྱི་ཚོགས་དང་བསྟུན་ནས་ག་ཚོད་ཀྱིས་འགྱུར་བ་གཏོང་ཐུབ་ན་དེ་ཚོས་ཀྱིས་ཚེ་རིང་བ་ཡོང་གི་རེད། མགོ་རྡོ་འདྲ་བ་རྐྱང་རྐྱང་ལ་ཡོང་ནས་རྩོད་པ་སུས་རྒྱག་འདོད་མོད། རྨོངས་པའི་བློ་ལ་ཡང་དྭངས་རྒྱུ་ཞིག་ཡོད་མོད་བསམ་ནས་མ་བཀལ་བའི་ཁུར་འཁུར་བའི་ལས་འདི་དང་དུ་བླང་བ་ཙམ་ཡིན་ནོ།

  8. ཀརྡོ་རབ་འབྱམས་པ་ says:
    2010-07-16 at 10:37 pm

    ཝ་ཨིས་སེ་ ཨ་མི་རི་ཀའི་ བོད་སྐད་རླུང་འཕྲིན་གྱི། ཁམས་སྐད་དང་ཨ་མདོའི་སྐད། མི་གོ་ཡ་གང་ཡང་མི་འདུག དངོས་བྱུང་གློག་བརྙན་ནང་ལ། ཨམ་སྐད་ལས་ཁམས་སྐད་དེ། གོ་དཀའ་བ་འདུག ཁམས་སྐད་དང་ཨམ་སྐད་ནང་ལ་ཡང་ནང་གསེས་མང་པོ་ཡོད་སྲིད། ཨ་ཙི་དེས་ན་སྤྱི་སྐད་ཅིག་དང་སྒེར་སྐད་ཅིག གཉིས་གང་མགྱོགས་དར་ན་ཅི་མ་རུང་། དར་བར་འགྱུར་ཅིག དར་བར་བདག་གིས་བགྱིའོ། ཞེས་སེམས་བསྐྱེད་པར་བྱའོ།

  9. མི་རྐང་གླིང་བུ། says:
    2010-07-17 at 3:06 am

    བོད་སྤྱི་ལ་ཁྱབ་པའི་སྐད་དེ་བཀའ་བསྟན་འགྱུར་གཉིས་གཙོས་པའི་སྔོན་བྱོན་དམ་པའི་གསུང་རབ་ཁག་ན་འཁོད་པའི་བརྡ་ཆད་དེ་དག་རེད། དེ་དག་བོད་མདོ་དབུས་ཁམས་གསུམ་ཀས་གོ་བའི་སྐད་ཅིག་རེད། དེས་ན་དེ་ཉིད་སྤྱི་སྐད་དུ་ཆགས་སོང་བ་རེད།
    ཕལ་སྐད་དཔེར་ན། དོན་དག་ཆེས་བཟང་བའམ་མངོན་མཚན་ཅན་ཞིག་ལ་འབོད་སྐབས། ཨ་མདོས་ཧྲག་གི་ཟེར། ཁམས་པས་སྐྲག་མོ་གདའ། དབུས་པས་ཞི་བོ་འདུག འདི་དག་ཡུལ་སྐད་དམ་ཕལ་སྐད་ཉི་ཚེ་བ་རེད། འདི་དག་གིས་བོད་སྤྱི་ལ་ཁྱབ་མི་ཐུབ།
    ད་མང་པོ་མི་བཤད། གོ་བའི་བུ་ལ་བརྡས་ཆོག ཡང་ལུང་ཚན་གང་ཞིག་ཏུ་འདྲུད་ཉེན་ཡོད།

  10. མེ་ཏོག་དཀར་པོ། says:
    2010-07-17 at 5:06 am

    མགོན་པོ་ཕྱག་གཉིས་པས་སོར་གང་ཡང་གཏོང་གིན་མིན་གསུངས། ད་ལྟ་ང་ཚོས་མཆན་བུ་བཏགས་བཞིན་པ་འདི་ཚོའི་བོད་སྤྱི་སྐད་ཟེར། ཅིའི་ཕྱིར་ན་འདིས་ང་ཚོ་མདོ་དབུས་ཁམས་གསུམ་མ་ཚད་བོད་ཀྱི་སྐད་ཡིག་ལ་སྤྱོད་པའི་ཧི་མ་ལའི་མི་རིགས་དང་བཅས་པས་ཐུན་མོང་དུ་གོ་ཐཱུབ། བོད་སྤྱི་སྐད་འདི་ལ་ཡང་གོ་སའི་ཐད་ནས་བསམ་ན་ཆེས་མཐོ་བའི་སྐད་དེ། ཇི་སྐྱེད་སུ་དང་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །ཞེས་པ་སོགས་བཀའ་བསྟན་ནང་བཞུགས་པ་འདི་དག་རེད།
    གཞན་བརྡ་སྤྲོད་སོགས་ལ་སྦྱངས་པའི་མཁས་པ་དག་གིས་བྲིས་པའི་རྩོམ་ཡིག་དཔེར་ན་༼
    མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ༽་ལྟ་བུ་ཁ་བརྡས་བྲིས་པ་འདི་དག་རེད།

    ཕ་སྐད་བརྗེད་ན་ངོ་ཚ་རྒྱུའི་ཕ་སྐད་འདི་བོད་པ་བསམ་ན་བོད་སྐད་ལས་ཡུལ་ལུང་བྱེ་བྲག་པའི་སྐད་དེ་མ་ཡིན།
    ཕལ་སྐད་དེ་ཚོ་བརྗེད་ན་ལེགས། མེད་ཀྱང་རུང་བའི་སྐད་རེད།

    སྲེག་ལ་བཀྲག་བྲིས་པའི་ནོར་བ་ཚབ་ཆེན་ལ་ལེགས་སོའི་བསྔགས་བརྗོད་བྱེད་ལུགས་ལ་ལྟོས་དང་། མེ་ལ་སྲེག་ཅེས་པར་དག་ཆ་གཉིས་ཀྱི་ག་ལ་ཚད་དེ། གཙང་པས་སྲ་ལ་ཧྲ་འདོན་པས་ཧྲག་ཀྱང་འབྲི་དགོས་ཡིན་ནམ།

    གྲྭ་པ་དང་གྲྭ་ལོག་ལ་སྡང་སྡང་སྡིག་སྡིག་དང་། བློ་རྒྱ་ཡངས་དོགས་གིས་ཆོས་དང་རིག་གཞུང་ལ་ཐུབ་ཚོད་བཏང་བར་རང་དཔའ་བོར་རྩིས་པའི་ལམ་ལུགས་ཉིད་ཞུགས་ཟིན་འདུག་པས་ང་ཚོས་བཤད་པའི་སྐད་ཆ་ཁྱེད་ཀྱི་སྙན་གྱི་བུ་གར་ཞུགས་རེ་ཡང་བྲལ།

  11. མེ་ཆ་། says:
    2010-07-17 at 10:50 am

    ཡ་ལེགས་སོ་། མེ་ཏོག་དཀར་པོ་ལགས། ཨ་མདོ་ནས་ཀྱང་མེ་སྲེག་ཞེས་བར་། མྱེ་ཧྲག་དང་། སྲིད་པ་ནི་། ཧྲིད་པ་། ཧྲ་གི་ཟེར་བ་འདི་འང་ སྲ་གི་ཞེས་པའི་དོན་འེ་ཡོད་ན་།

  12. མེ་ཏོག་དཀར་པོ། says:
    2010-07-17 at 11:40 am

    སྲ་ཞེས་པར། ལྷ་ས་བ་དང་ཨ་མདོ་བ་ཁག་གཅིག་གིས་ཀྲ། གཙང་པས་ཧྲ། ཁམས་པས་ས། ཞེས་སྒྲ་གདངས་མི་འདྲ་བ་གསུམ་དུ་འདོན་གིན་འདུག

    ངས་གྲོགས་པོ་མགོ་ལོག་པ་ཞིག་གིས་སྲ་ལ་ཀྲ་འདོན་པ་ཅུང་མི་བདེ་དོགས་གིས་ཀྲ་ཡོད་ཚད་སྲར་ཀློག་པས། འཇམ་བསྟོད་ཀྱི་བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་རབ་ཏུ་འདུད། །ཅེས་པའི་སྤྲས་ལ་སྲས་ཀློག་གིན་འདུག་པར་ཁོག་དགོད་ཤོར་དགོས་པ་དེ་འདྲ་ཡོང་གིན་ཡོད།

    འདི་སྙན་ངག་དོན་རྒྱན་ནང་གི་རྨོངས་པའི་དཔེ་ལྟར་དཔེ་དཔེ་ཅན་ལ་འཕྲུལ། དཔེ་ཅན་དཔེ་ལ་འཕྲུལ་པ་དང་ཨ་ན་མ་ན་རེད།

  13. ཀརྡོ་རབ་འབྱམས་པ་ says:
    2010-07-19 at 12:30 am

    ངས་བྱས་ན། མེ་དཀར་ལས་མགོན་ཕྱག་བདེན་པ་འདུག གང་ཡིན་ཟེར་ན། ཐ་སྙད་གསར་པ་བཏགས་ཡ་དང་། མིང་གསར་པ་ཚིག་འགྱུར་དོན་འགྱུར་དེ་ཙམ་དཀའ་མོ་ཅིག་མིན། འོན་ཀྱང་རང་བཞིན་གྱིས་ཚིག་གསར་ཡར་ཐོན་གྱི་ཡར་རྒྱས་ཤིན་ཏུ་དཀའ་བ་ཅིག་རེད། དཔེར་ན་ད་ལྟ་འདིར། ཡུལ་སྐད་ནང་གི སྲེག་དང་། ཧྲག་དེ་གཉིས་ཡུལ་སྐད་ཙམ་གྱིས་ཡུལ་དེར་མི་ཆོག་པ་མེད་ཀྱང་། བག་ལེབ་ལྟ་བུ་ལ་བཀྲག་ཅེས་པ་འདི་ཚིག་གསར་ཡིན་ན་ཡང་ཤིན་ཏུ་མཁོ་སྟེ། ཕུང་པོ་སྲེག་པ་དང་། ཤོག་བུ་སྲེག་པ་ལྟར་རྩ་མེད་དུ་མི་འགྲོ་བར། བག་ཕེ་རྫིས་པའི་རྗེན་པའི་ཆ་དེ་བཀྲག་ནས་ལྷག་མ་བཟའ་རྒྱུ་ལྷག་པ་ལྟ་བུ་ལ་གོ་དགོས། དེ་མིན་ན་བག་ཕྱེ་ཡང་མེ་ལ་བསྲེགས་ནས་རྩ་མེད་ཆགས་ན་མེ་དཀར་རང་འཕོ་ལྟོག་ལུས་ཉེན་མི་འདུག་གེ རྩེད་མོ་དང་བཅས།

  14. ཀརྡོ་རབ་འབྱམས་པ་ says:
    2010-07-20 at 5:25 am

    བོད་རིགས་སྤྱི་སྐད་ཀྱི་དཔེ་མཚོན་ནི།
    ང་ བག་ལེབ་ བསྲེགས་ལ་ ཕྱིན་པ་ཡིན།
    ང་ བག་ལེབ་ ཧྲག་ལ་ ཕྱིན་པ་ཡིན།
    ང་ བག་ལེབ་བཀྲག་ཀར་ ཕྱིན་པ་ ཡིན
    འདི་གསུམ་གར་བོད་རིགས་སྤྱི་སྐད་དུ་འདོད་པས་བློ་རྒྱ་བསྐྱེད་ཅིག
    ངས་བྱས་ན་”ང”འི་རྗེས་སུ་འདས་པ་ལ་”པ་ཡིན།” ཞེས་པ་འདི་སྤྱི་མཚུངས་དགོས་ཀྱི་བྱ་ཚིག་ལ་ཡུལ་ཚིག་བཀོལ་ན་བོད་སྐད་ཕྱུག་ཏུ་འགྲོ་ལ་ཤིན་ཏུ་ནས་རན་ལ་འོས་ཤིང་འཚམས་པའོ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme