Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕམ་ཁ་མདུན་དུ་ལེན་པའི་ལུགས་སྲོལ་མེད།།

Posted on 2016-04-182016-04-18 By ཁ་བརྡ 3 Comments on ཕམ་ཁ་མདུན་དུ་ལེན་པའི་ལུགས་སྲོལ་མེད།།

ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་བཤད་ཁ་བཤད་སྨྲ་བརྗོད་རང་དབང་ལ།།
འཁོན་སེམས་དུག་གི་ཚེར་མ་ཡ་རེ་ང་།།
གང་བསམ་ཡིག་ཐོག་འགོད་པའི་བློ་སྤོབས་ལ།།
ང་རྒྱལ་ཕྲག་དོག་རང་སེམས་རང་གིས་བསླུས།།

ཅི་བྱ་གཏོལ་མེད་སྤྱི་ཚོགས་དཀྲུགས་པའི་ལས།།
ཆེ་མཐོང་ཡིད་ཆེས་རང་མིང་བསྐུང་བའི་འོག །
ཇུས་མེད་འགན་འཁུར་དྲ་ནང་འཛུལ་བ་འཁྲུལ།།
ཉོན་མོངས་སྡུག་བསྔལ་གཞན་ལ་སྨོད་པ་འདིས།།

ལྟས་ངན་མིང་རྫུན་ལྷག་བསམ་དམར་པོ་འདི།།
ཐོས་པ་ཙམ་གྱིས་སྤྱི་ཚོགས་དཀྲུགས་ལ་མཁས།།
དོན་མེད་ཁུངས་མེད་ནག་ཁུང་མཛུབ་སྟོན་རིགས།།
ནམ་ཡང་གཞན་ཕན་མིན་པ་ཤེས་པར་གྱིས།།

དཔོན་ལ་མཐོ་འབྱར་བྱེད་པའི་གཤིས་ངན་མེད།།
ཕམ་ཁ་མདུན་དུ་ལེན་པའི་ལུགས་སྲོལ་མེད།།
བོང་བ་གསེར་ལ་ནོར་མཁན་དྲ་འབུ་མིན།།
དམན་ལ་རྟག་ཏུ་འཚེ་བའི་གོམས་གཤིས་མེད།།

རྩ་བའི་གཏམ་བརྗོད་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྟན།།
ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས།།
རྫབ་དོང་ནང་གི་མེ་ཏོག་ཧ་ལུའི་རིགས།།
ཝ་སྤྱང་དམར་པོ་མགོན་མེད་དུད་འགྲོའི་དགྲ།།

ཞ་ར་འོན་པ་འཇིག་རྟེན་ལས་ཀྱིས་སྦྱིན།།
བཟང་སྤྱོད་དོར་ནས་གཞན་ལ་འགྲན་མཁན་ཚོ།།
འུར་གཏམ་མ་ཤོད་རང་མིང་བཀོད་ན་བཟང་།།
ཡ་རབས་བྱ་བས་སྤྱི་ཚོགས་བསྲུང་ན་དགའ།།

རང་མིང་ལྐོག་ཏུ་སྦས་ནས་མིང་རྫུན་འོག །
ལབ་སྟོང་ལུང་སྟོང་གཞན་སེམས་དཀྲུགས་པ་ན།།
ཤེས་རབ་རལ་གྲི་སོ་གཉིས་རང་མགོ་རྨས།།
སེམས་བཟང་གཏམ་དང་ལྷག་བསམ་འགན་ཁུར་ལ།།

ཧེ་བག་མེད་པའི་ཀ་བཤད་རྫོགས་མཐའ་མེད།།
ཨ་རོ་དྲ་འབུ་མཆན་འདེབས་རང་མིང་འཁོད།།

ལྷག་བསམ་འགན་ཁུར་ཡིན་ན་རང་མིང་བཀོད།།
ལྷག་བསམ་ཁུངས་ཐུབ་ཡིན་ན་མདུན་དུ་འཐོན།།
ལྷག་བསམ་ནུས་མེད་དྲ་ནང་འཛུལ་མཁན་ཚོ།།
ལྷག་བསམ་ཅན་གྱི་མདུན་ལམ་མ་འགོག་ཅིག །

སྣ་ཚོགས།

Post navigation

Previous Post: རྩོམ་རིག་མེ་ལོང་ཁང་ནས་བདག་ལ་བཅར་འདྲི་བྱས་པ་ཞིག
Next Post: ཚ་བ་མདའ་སྨྱུག་གི་དགེ་རྒན་ལ་འཕྲོད་པར་ཤོག

Comments (3) on “ཕམ་ཁ་མདུན་དུ་ལེན་པའི་ལུགས་སྲོལ་མེད།།”

  1. ཀ་བ་ཚེ་རིང་ says:
    2016-04-18 at 5:20 pm

    ཞ་ར་འོན་པ་མིན་ན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཕམ་ཁ་མདུན་དུ་ལེན་པ་ཞིག་མིན་ན་གང་ཡིན་།ཁྱེད་ཀྱི་ལྷ་སྲུང་བློ་སེང་གིས་བོད་མི་ཚོར་ཧོང་ཀོང་མང་ཚོགས་ཀྱི་ལོངས་སྤྱོད་བྱེད་བཞིན་པའི་དམངས་གཙོ་ཡང་རྩོད་ཀྱི་མེད་རྒྱ་ནག་དམར་པོའི་སྲིད་གཞུང་འོག་སྡོད་ཀྱི་ཡིན་ཟེར་བ་དེ་ཕམ་ཁ་མདུན་དུ་ལེན་པ་ཞིག་མིན་ན་གང་ཡིན་།
    ཀ་བཤད་ཁ་བཤད་ཁྱེད་ཀྱི་སྨྲ་བརྗོད་རང་དབང་རེད་། ཡིན་ནའི་བློ་སེང་དང་བློ་སེང་གི་རྒྱུགས་ཁྱི་ཚོའི་གཡོ་རྒྱུ་དང་ལེན་བྱ་མིན་དོ་བདག་སོ་སོའི་རང་དབང་རེད་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-04-18 at 9:26 pm

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་ཚོ་།
    ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
    ནག་ཁུང་མདའ་འཕེན་བྱེད་པ་འཕྲུལ་བའི་བློ་།
    བདེན་དཔང་ཁུང་མེད་སྤྱི་ཚོགས་དཀྲུགས་པའི་གཞི་།
    ལྷག་བསམ་སྲིད་པའི་གངས་རི་དཀར་པོ་ལ་།
    དགུན་གྱི་ཉི་མས་ནམ་ཡང་གཞུར་མི་ཐུབ་།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-04-19 at 10:25 am

    ཀོ་གྷལ་གཞུང་པ་ཚེ་བསོད་ཀྱིས། །
    ཁ་ནས་ཐོན་ཚད་ཀ་བཤད་སྤེལ། །
    ག་ས་ག་རུ་ཁ་བརྡའི་ནང་། །
    ང་ཡི་མཆན་བུ་སྤེལ་སར་གྱུར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme