Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕན་མ་ཐོགས་ན་གནོད་མི་བསྐྱེལ་བ་དེ་ངའི་དམ་བཅའ་ཡིན།

Posted on 2012-06-09 By ཁ་བརྡ་ 11 Comments on ཕན་མ་ཐོགས་ན་གནོད་མི་བསྐྱེལ་བ་དེ་ངའི་དམ་བཅའ་ཡིན།

་་་་་་ངས་འགྲོ་བ་འདྲ་མཉམ་དང་བོད་མི་རིགས་ཀྱི་ཁེ་དབང་རྩོད་ཀྱི་ཡོད།

བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་ངའི་མི་ཚེ་ནང་དུ་དཀར་ཐིགས་ཙམ་ཞིག་འཇོག་ཐུབ་སོང་བ་ཡིན་ན། ང་རང་ལ་མི་ངན་དང་ཁྲེལ་མེད། ནག་ཅན། མི་རིགས་ཤིག་གི་ཉེས་ཅན་པ། མི་ཁ་དང་འཕྱ་དམོད་གང་ཞིག་བྱས་ཀྱང་། ང་རང་སྒེར་ངོས་ནས་དེ་ལ་སྡང་སེམས་དང་འཁོན་ལན་གཏན་ནས་མེད་པ་མ་ཟད། སེམས་ཁོང་རུས་པའི་གཏིང་ནས་བློ་འགྱོད་སྤུ་ཙམ་མེད། ནམ་ཞིག་ང་རང་ས་སྒང་འདི་དང་ཁ་གྱེས་ནས་སོང་རྗེས་སུ། བོད་མི་ཆེས་མི་ཉུང་བ་ཞིག་གིས་ངས་བོད་མི་རིགས་ཀྱི་ཞི་བདེ་དང་རང་དབང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་པའི་ཆེད་དུ་སོང་ཟིན་པའི་ལེའུ་དེ་ལ་ཕྱིར་དྲན་རེ་བྱེད་མཁན་བྱུང་ན་དེ་གས་འཐུས་པ་ཡིན། གཞན་ང་རང་སྒེར་ལ་འཇིག་རྟེན་འདི་ན་མི་སུ་ལའང་འཁོན་ལན་དང་འགྲན་སེམས། ཞེ་སྡང་སོགས་གཏན་ནས་མེད་པར་ཞི་བའི་འཐབ་རྩོད་ཁོ་ནའི་ལམ་ཕྲན་ལས་རྒྱལ་བར་ཡིད་ཆེས་ཀྱི་སྨྱོས་པ་ཁོ་ན་ལས་གཞན་ཅི་ཡང་མེད་པ་རིགས་སུ་སྐྱེ་བའི་སྙིང་གི་སྤུན་ཟླ་ཡོངས་ལ་གདམས་པའི་ཆེས་ཐ་མའི་བསྒྲགས་ཚིག་ལགས།
༥།༦།༡༢བལ་ཡུལ་བཀག་བསྐྱིལ་ཁང་ནས་བྲིས།

སྣ་ཚོགས།

Post navigation

Previous Post: ལུས་ཐོག་ནས་ཁྲག་དྲོན་བཞུར་གི་ཡོད་པ་ལས་ས༌སྣུམ་མ་རེད།
Next Post: རྙིང་མའི་དབུ་འཛིན་གྱིས་བཀའ་ཆོས་གནང་བ་དང་ཁྲི་འདོན།

Comments (11) on “ཕན་མ་ཐོགས་ན་གནོད་མི་བསྐྱེལ་བ་དེ་ངའི་དམ་བཅའ་ཡིན།”

  1. མཁན་པོ་ཉི་མ། says:
    2012-06-09 at 11:52 am

    ཆེས་ཐ་མའི་ཟེར་ན་ད་གང་ཞིག་ཏུ་འགྲོ་རྒྱུ་ཡིན ? རྒྱ་ནག་ཏུ་་་་་་་་

  2. མིག་བརྒྱད་པ། says:
    2012-06-09 at 4:53 pm

    དཔའ་རྒོད་ལགས། སེམས་ཀྱི་འཁྱེར་སོ་ང་ཅང་བཟང་གི། ཁ་བཤད་སྟོང་བཤད་ཙམ་མིན་པའི་ཁྱེད་འདྲ་བའི་བློ་ཐག་ཆོད་པོ་ཞིག་དང་སྐྱོ་སྡུག་གི་ལེའུ་ལ་ཕྱིར་དྲན་བྱེད་ཐུབ་མཁན་དཀོན་པོ་རེད། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཞེས་པའི་ལས་འགུལ་འདིའི་ནང་དུ་བོད་ཀྱི་ལས་དབང་ཡོད་ཚད་བཅོལ་ཡོད་པས། འདིའི་གནས་ལུགས་ཁྱེད་ཀྱིས་རྟོགས་འདུག་གོ །བཙན་བྱོལ་ལ་མཁོ་བ་དེ་རང་ཡིན་པས་དེའི་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་རེད། ལེའུ་དེ་མུ་མཐུད་དུ་སྐྱོང་འདོད་ཡོད་ན་ཁྱེད་རང་གསོན་པ་གལ་ཆེ་ཞེས་སྙིང་ཁུངས་རུས་པའི་སྟེང་ནས་རེ་སྐུལ་ཞུ། །

  3. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-09 at 8:03 pm

    ཨོའོ། ཨོའོ། ཆེས་ཐ་མ་ཟེར་རྒྱུ་མང་ཀི། ཐ་མ་ལ་རྫོགས་ཐ་མེད་ཀི། ཁྱེད་ཀྱི་མི་ཚེའི་ནང་དཀར་ཐིགས་འཇོག་གི་ཡོད་དམ་ནག་ཐིགས་འཇོག་གི་ཡོད་ཅི་མི་ཤེས་ཀི།

  4. སྐྱུ་རྩི་ནས། says:
    2012-06-09 at 8:46 pm

    མི་ཡག་པོ་རེད།

  5. གནམ says:
    2012-06-10 at 1:57 am

    དེ་ད་ཡིན་ཐལ་ཡིན། གནོད་སྐྱེལ་ནི་ཞིག་ང་ཚོ་ལ་དགོས་དོན་མེད། དུས་ཁོམ་འདྲ་བྱུང་ན་སྔ་བྱུང་གི་དཔའ་བོའི་མཛད་རྗེས་དང་མ་འོངས་བའི་འཛམ་གླིང་གི་སྤྱི་སྡོམ་སོགས་དཔེ་རིགས་སྣ་ཚོགས་ལས་བློ་སྦྱོང་བྱས་ན་བདག་གཞན་གཉིས་ཀྱི་བསམ་པའི་དོན་འགྲུབ་པ་དང་འདོད་པའི་ཆར་འབབ་སྲིད་པ་ཞིག་རེད། ང་ཡི་མཆན་མཐའ་མ་དེ་ཡིན་དགོས་བྱུང་སོང་རེད། ད་བདེ་མོ་བྱོས། གསར་འགྱུར་རྒྱུད་ལམ་ཞིག་ནས་སྐད་ཞིག་གོ་བའི་རེ་བ་ཡོད།

  6. ཧཱུཾ་ཤི་ཕཊ་འགྱེལ། says:
    2012-06-10 at 5:01 am

    ཁོང་གིས་ཆེས་ཐ་མའི་གསུངས་ན་གསལ་བསྒྲགས་ཀྱི་ཐ་མ་གསུང་གི་ཡོད་རྒྱུ་རེད།

  7. རིག་པའི་བུ says:
    2012-06-10 at 8:56 am

    ད་ལྟ་གནས་དེར་ཁྱེད་ལ་ཉེན་ཁ་ཅི་ཡང་མེད། ཡོད་པ་ནི་བཙོན་དུ་་ལྷུང་བས་འགྲོ་འདུག་གི་རང་དབང་མེད་པ་དེ་རེད། འགྲོ་འདུག་གི་རང་དབང་ཐོབ་མིན་གཙོ་བོ་ཉིད་ཀྱི་ཐག་གཅོད་ཁ་ན་རེག་ལས་ཡོད། རྒྱ་ནག་ལ་བཏང་མི་སྲིད། རྒྱ་ནག་ལ་བཏང་ན་བལ་གཞུང་ལ་ཁེ་ཕན་མེད་པ་མ་ཟད་རྒྱ་གཞུང་ལ་དེ་བས་ཁེ་ཕན་མེད་པས་ཡིན། བཏང་བ་རྙིགས་དྲ་རྫོགས་རྒྱུའི་ཚབ་ཏུ་འགོ་གཅུགས་པས་རེད། དེ་བརྟེན་ལྐོག་རྔན་ལན་རྒྱུ་གོམས་ཤིང་མིའི་རིན་ཐང་ལ་དུད་འགྲོ་ལྟར་འདུ་ཤེས་འཛིན་པའི་བལ་ཡུལ་གཉེན་རྟོགས་པ་ཚོས་སྐུ་ཉིད་ཀྱི་རེ་བ་མ་ཤི་བར་དུ་བཙོན་ནས་འཇོག་ཉེན་ཆེ་ལ་རྔན་པ་མ་སྤྲད་བར་དུ་དེ་རུ་ལུས་ཤས་ཆེ། རྒྱུ་མཚན་ཁྱེད་ཉིད་དེ་རུ་སྡད་ནས་ཟས་གོས་སོགས་རང་ངོས་འགྲོ་སོང་གཙོ་བོ་བཏང་བས་བལ་གཞུང་ལ་གྱོང་གུད་མེད་པས་ཕྱིན་ཆད་ཁྱེད་ལྟར་མི་ཡོང་བའི་སླད་དུས་ཡུན་རིང་ཙམ་འཇོག་ངེས་ཆེ། དེ་བརྟེན་ཐོབ་ཐབས་ལ་བློ་གྲོས་ལྡན་པའི་ངང་ཐབས་ཤེས་བཙལ་ན་ལེགས་པ་སེམས།

  8. སྟག་སྨྱོན། says:
    2012-06-10 at 9:09 am

    སྤྱིར་བཏང་ཁྱེད་རང་གི་སེམས་ཁམས་དེ་ཁྱད་མཚར་ཞིག་རེད་འདུག ཧ་ལམ་དྲ་ཐོག་གི་གནས་ཚུལ་ཀློག་རྒྱུ་མང་དྲགས་པས་སེམས་ཁམས་ལ་སྐྱོན་ཆེན་པོ་བརྒྱབ་མེད་འགྲོ་བསམ་བསམ་འདུག དྲ་ཐོག་གི་སྐད་ཆ་ལ་དུང་ཞེན་དང་གཅེས་འཛིན་བྱེད་རིན་ཁྱི་རྔ་ཙམ་ཡང་ཡོད་མ་རེད། འདི་ན་ཆབ་སྲིད་མི་ཤེས་མཁན་ཚོས་ཆབ་སྲིད་བཤད། ཆོས་མི་ཤེས་མཁན་ཚོས་ཆོས་བཤད། ཞེད་མི་དགོས་མཁན་ཚོས་དཔའ་གཏམ་འཐེན དད་མ་མེད་མཁན་ཚོས་བླ་མ་བརྩད། རྒྱལ་ཚོང་བ་ཚོས་ལ་རྒྱ་བཤད། བོད་སྐད་མི་མཁན་ཚོས་བོད་ཡིག་ལ་གསར་བརྗེ་སློང་ས་ཡིན་ཞིག་ཡིན་པ་རེད། འདི་ནང་མི་བུ་གླེན་ཚུགས་ཅན་ཚོ་ཞུགས་ན་མདུན་ལམ་དང་མི་ཚེ་འཕྲོ་བརླག་ཏུ་གཏོང་གི་རེད། དེང་སྐབས་ཁྱེད་རང་ལ་དྲ་རྒྱ་འདི་དག་ཤ་དང་ཁྲག་ནང་བཞིན་མེད་ཐབས་མེད་པ་ཞིག་ཏུ་གྱུར་མེད་འགྲོ་བསམ་པ་འདུག དེ་འདྲ་ཡིན་ན་ཁྱེད་རང་རྦད་དེ་ནོར་ཡོད་པ་རེད། དཔེར་ན་དྲ་ཁང་འདི་དག་རིན་པོ་ཆེའི་སྣོད་བཟང་ཞིག་ཁྱི་སྐྱག་གིས་བརྒྱངས་བཞག་པ་དང་གཅིག་པ་རེད། ངའི་བཤད་དོན་དྲ་ཁང་འདི་དག་བསམ་ཚུལ་ལྡུག་སའི་རིན་པོ་ཆེའི་སྣོད་ནང་བཞིན་རྩ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་སྟབས་ཉེས་ནས་རིན་པོ་ཆེའི་སྣོད་འདིའི་ནང་བསམ་ཚུལ་དང་གནས་ཚུལ་ཁྱིའི་སྐྱག་པ་འདྲ་བོ་རྐྱང་གིས་བཀང་ཡོད་པ་རེད་ཟེར་གྱི་ཡོད། བྱས་ཙང་ཁྱེད་རང་གིས་སེམས་པ་ལ་བདག་པོ་ཡག་བརྒྱབ་ན། ཁྱེད་ལ་མི་ལུས་རིན་པོ་ཆེ་ཞིག་ཐོབ་ཡོད་ཀྱང་། འོད་ཟེར་ལྡན་པའི་གོ་སྐབས་མང་པོ་ཐོབ་ཀི་རེད། ད་དུང་བཤད་རྒྱུར་མི་ལུས་བླངས་ཟིན་ཕྱིན། རྩམ་པ་ཟ་རྒྱུའི་སྐལ་བ་ཤར་གི་རེད། བྱས་ཙང་སོ་སོའི་མདུན་ལམ་དང་སེམས་ཁམས་སྔ་བོ་ནས་ཆུ་ཟོས་སུ་མ་གཏོང་ཟེར་གི་རེད།

  9. མེ་ཏོག་དཀར་པོ། says:
    2012-06-10 at 9:52 am

    དྲ་ཁང་འདི་ནང་གི་སྐྱག་པ་ནང་ནས་སྐྱག་རྒན་དེ་སྨྱོན་པ་འདི་རེད།

  10. གནམ says:
    2012-06-10 at 11:03 am

    སྟོག་སྨྱོན་ཁོ་རེ།
    མཆན་བུ་འདི་དག་ཚང་མ་ཀློག་པའི་ཆེད་བཀོད་པ་རེད། ཀློག་དང་ཀློག
    མྱི་སུམ་ཅུར་བསམ་པ་སུམ་ཅུ།
    མཛོ་སུམ་ཅུར་རྭ་ཁ་དྲུག་བཅུ།
    བསམ་བློ་འདྲ་མིན་དང་ཁ་དོག་སྣ་ལྔས་འཇིག་རྟེན་འདི་ལྟོས་བས་མི་ངོམས་པ་དང་ཤེས་བས་མི་གཞལ་བ་ཞིག་དུ་ཡོད་པ་མ་ཤེས་སམ། ཁྱོ་འདི་་་་་་ཁྱོ་འདི་ལྟ་བ་ཡོད་སའི་རྟོགས་པ་མེད་ས་ཞིག་ཡིན་ནི་མིན་ནི་ཨ།

  11. སྣྲོན་ངག་ཁྲི། says:
    2012-06-10 at 11:04 am

    གལ་སྲིད་༸གོང་ས་མཆོག་བོད་དུ་གདན་དྲངས་པ་ཙམ་གྱིས་བོད་དོན་ཐག་ཆོད་པའམ་
    བོད་མིའི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་ན། མིག་སྔའི་ཆར་ཐབས་ཤེས་བཟང་ཤོས་དང་མྱུར་ཤོས་ནི། བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་ཏུ་མིང་དོན་མཚུངས་པའི་རང་སྲིད་རང་
    སྐྱོང་ངམ་མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་པའི་འཛིན་སྐྱོང་གཅིག་ཅེས་པའི་ཟློས་ཚིག་གི་ཐ་སྙད་་དེ་བློས་བཏང་ནས་མིང་དོན་མཚུངས་པ་གཅིག་པུའི་
    མངོན་འདོད་དམ་བསམ་འཆར་མུ་མཐུད་འདོན་ཐུབ་ན་དངོས་ཡོད་གནས་ཚུལ་དང་མཐུན་པའི་འཐབ་རྩོད་བྱེད་སྟངས་ཞིག་གམ་འཕྲིན་ལས་མྱུར་བའི་
    བསམ་གཞིག་ངོ་མ་ཞིག་རེད། དེ་མིན་རྒྱབ་རྟེན་གང་ཡང་མེད་པའི་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས་རང་བཙན་ལས་
    སྒྲུབ་དཀའ་བའི་གྲོས་འཆར་དང་རེ་སྒུག་བྱེད་པ་ནི་བོད་མིའི་གྲངས་འབོར་བརླག་བྱེད་ཙམ་དུ་ཟད་དོ་སྙམ་མོ། གང་ཡིན་ཞེ་ན་།།མངོན་སུམ་མཐོང་ཆོས་སུ་སྣང་བའི་ཕྱིར་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme