Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕངས་སེམས་དང་གནོང་འགྱོད་ཀྱི་ལོ་ངོ་བདུན།

Posted on 2020-04-222020-04-22 By ཁ་བརྡ 2 Comments on ཕངས་སེམས་དང་གནོང་འགྱོད་ཀྱི་ལོ་ངོ་བདུན།

ཆ་འགག་མེ་བསྟན།
 
—ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༨ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླགས་སུ་སོང་བར་ཕྱིར་མིག་ལྟ་བ།
 
ཁོང་ནི་བོད་བཙན་པོའི་གདུང་རྒྱུད་ཅིག་ཡིན་ལ། ཁོང་ནི་སྐད་ཡིག་དང་རིག་གནས། བྱུང་རབས་དང་ཡུལ་སྲོལ་སོགས་ཁྱོན་ཡོངས་ནས་རྒྱ་ནག་དང་ཐ་དད་པའི་རི་བོ་ཧི་མ་ལ་ཡི་སྙིང་ཁམས་སུ་ཆགས་པའི་བོད་རྒྱལ་ཁབ་ཀྱི་ཕ་མེས་ཡང་མེས་ཚོའི་གཅེས་ཕྲུག་ཅིག་ཡིན།

ཚང་མས་ཤེས་གསལ་ལྟར། དེ་ནི་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཡིན་ཞིང་། གཡུལ་སའི་དཔའ་པོ་ལྟར་ཁོང་གི་སེམས་ཤུགས་ནི་ངར་ཤུགས་ཆེན་པོས་གྱེན་དུ་འཕྱོ་བཞིན་པའི་མེ་ལྕེ་དང་འདྲ་ལ། ཁོང་གི་ལངས་ཕྱོགས་ནི་འགྱུར་མེད་རྟག་བརྟན་ངང་༧གོང་ས་ཏཱ་ལའི་བླ་མའི་དབུ་འོག་དབུང་འདེགས་ལ་མཐའ་གཅིག་ཏུ་ཕྱོགས་པ་དེའོ།།

ལོ་ངོ་བདུན་གྱི་ཡར་སྔོན་ཁོང་གར་སོང་ཆ་མེད་དུ་མ་འགྱུར་བར། ཁོང་གི་ཡོད་ཚད་ཡིག་འབྲུ་རྐང་གཉིས་ནང་བསྡུ་ཐུབ་པ་ནི། “འཐབ་རྩོད”
ཅེས་པ་དེ་ཡིན། གླིང་ཚའི་འཐབ་རྩོད་དེ་བོད་རིགས་ནང་ཁུལ་གྱི་འཐབ་རྩོད་མིན་ལ། ཁ་དང་སྣའི་འཐབ་རྩོད་ཀྱང་དེ་བས་མིན། གླིང་ཚའི་འཐབ་རྩོད་དེ་དགྲ་བོ་རྒྱ་དམར་གཞུང་ལ་འཐབ་ཅིང་རྒོལ་ནས་རང་མི་རིགས་ཀྱི་བདེན་པ་རྩོད་རྒྱུ་དེ་ཁོ་ནའོ།།

ཁྱོད་ཤི་ང་གསོན་གྱི་ཁྲག་གི་མཚོ་མོ་ཞིག་མི་འཁྱིལ་བའི་ཆེད། འཚེ་མེད་ཞི་བའི་དམ་བཅའ་ཞིག་ས་གཞིར་བཏིང་ཞིང་། རང་རྒྱལ་གཞན་ཕམ་གྱི་ཞེ་འཁོན་ཟུར་དུ་བཞག་ནས་སེམས་དང་སེམས་པ་མཐུན་པའི་དབུ་མའི་ལམ་གྱི་དར་ཆེན་དགུང་དུ་འཕྱར། ཀི་འདེབས་བཞིན་རླུང་རྟ་གཏོར་བཞིན། རྒྱལ་ས་ལྷ་ས་ཁྲག་གིས་བརྫིས་པའི་ལོ་རྒྱུས་ཀྱི་ཉིན་མོ་དེར། བོད་མི་རིགས་ཀྱི་དཔའ་རྟུལ་དང་འཐབ་མོ་བའི་རྒྱལ་ས་སྟེ། རྡ་རམ་ས་ལ་ནས་ལམ་དུ་ཆས།

དེ་ནི་ནུབ་ཕྱོགས་སུ་དངུལ་འཚོལ་བར་ལམ་ལ་ཆས་པ་མིན་ལ། ཤར་ཕྱོགས་སུ་ཡུལ་སྐོར་དུ་ཆས་པ་ཡང་མིན་པར། བོད་མི་རིགས་ཀྱི་ལས་དབང་རྙིད་པོ་དེར་ཟུངས་ཤུགས་གསར་པ་ཞིག་སྐྲུན་ཆེད། གངས་སེང་གི་དར་ཆ་བརྗིད་ཆེན་དེ་གངས་ལྗོངས་ནས་གནམ་ལ་འདེགས་ཆེད། ཕོ་བྲང་པོ་ཏ་ལའི་གསེར་ཁྲི་སྟོང་བར། དོན་དམ་གྱིས་བཞུགས་འོས་པའི་དམ་པ་གང་དེ་གདན་འདྲེན་ཆེད། ཡོད་ཚད་ནས་ཡོད་ཚད་བློས་བཏང་ཞིང་། ཡོད་ཚད་ཀྱི་ཡོད་ཚད་ཞེར་བཅང་ནས་འཕགས་ཡུལ་ནས་ལམ་དུ་ཆས་ཤིང་། ཙི་ནར་གདོང་གཏད་ནས་གངས་སེང་གི་ངར་སྐད་ལྟ་བུའི་བདེན་པ་བསྒྲགས་ཤིང་། ཉི་མའི་འོད་སྣང་ལྟར་དགྲ་ཕྱོགས་ཀྱི་མུན་པ་སེལ་ཕྱིར་ཉིན་དང་ཞག བདུན་ཕྲག་དང་ཟླ་བ་བསྐྱལ།

འདི་ལྟར་དཔའ་རྒོད་ཅིག་གིས་ངར་སྐད་དང་།  འོད་སྣང་གི་དབུ་ཁྱུད་བྲིས་ནས་ཟླ་གཉིས་ལྷག་སོང་མཚམས། དཔའ་ངར་གྱིས་ཕྱུག་པའི་གླིང་ཚ་གར་སོང་ཆ་མེད་དུ་གྱུར།  ཉིན་དེ་ནས་བཟུང་། དཔའ་རྟུལ་ཁོང་། འབྲུག་སྟོང་གི་སྐད་སྒྲ་དུས་གཅིག་ཏུ་འཇགས་པ་དང་། འོད་སྣང་ཁྲི་མ་འབུམ་སྐད་ཅིག་ཉིད་དུ་ཡལ་བ་ལྟ་བུར་གྱུར་ཏེ། ཤུལ་ཏུ་ལྷག་པ་ནི། འཁུན་སྒྲ་དང་ངུ་འབོད། སྨེ་ངག་བཅས་ཡིན་ཞིང་། ངག་ནས་བཟློ་བ་ཡང་། དཔའ་རྟུལ་ཁོང་གང་དུ་བཞུད་དང་། སླར་གང་ནས་རྙེད་ཅེས་པ་དེ་ཙམ་དུ་ཟད།

མུན་ནག་གི་ཉིན་མོ་དེ་ནས་བཟུང་དཔའ་རྒོད་ཁོང་འཚོལ་བའི་སྐུལ་མ་ཁྲི་མ་འབུམ་ཤར་ནུབ་ཀྱི་ཡུལ་གྲུ་སོ་སོར་བསྐྱལ་ཞིང་། ལྷ་སྲུང་མའི་གྲོགས་དང་འཕྲིན་ལས་ལ་རེ་བའི་བསང་གསེར་སྐྱེམས་ཀྱི་གཙང་བོའི་བཞུར་རྒྱུན་ཡང་ཡུན་ནས་ཡུན་དུ་བསྲིངས།

འོན་ཀྱང་། ཁ་ངན་ཞིག་གིས་བཤད་པ་ལྟ་བུའི་སྙིགས་དུས་འདིར། དོན་དམ་གྱི་དཔའ་རྒོད་འདི་ལྟ་བུར་ཆོས་སྐྱོང་ཚོས་ཁ་འཛིན་སྡོངས་གྲོགས་མི་བྱེད་ལ། གདོང་དམར་བོད་པ་ཚང་གི་ཁ་རྗེ་དབང་ཐང་ཆེད་ཡིན་རབས་ཤོད་བཞིན་པའི་ཚོགས་སྡེ་སུས་ཀྱང་། བོད་ཀྱི་ལོ་རྒྱུས་ཀྱི་ཉིན་མོ་དེར། དཔའ་རྒོད་སུ་ཞིག ཅི་ཞིག་གི་ཆེད་དུ། ཇི་ལྟར་བྱས་ནས། གང་དུ་ཡལ་སོང་བར་སུས་ཀྱང་མི་འདྲི། སུས་ཀྱང་མི་གླེང་། གཅིག་བྱས་ན་ཁོང་ཚོས་གླེང་གཞིའི་བརྗེད་ཐོ་ནས་བསུབ་ཡོད་ཀྱང་སྲིད།

འོན་ཀྱང་ང་ནི་ལས་དབང་ཞིག་གིས་དཔའ་རྒོད་ཁོང་ལ་མཇལ་མྱོང་ལ། ཁོང་གི་བྱེད་སྒོ་འགར་དངོས་སུ་བཞུགས་མྱོང་། ཇི་ལྟར་ཡང་། ངས་སླར་ཡང་། ང་བོད་མི་རིགས་ཡིན་འདོད་མཁན་གྱི་སྐྱེ་བོ་རེ་རེར། ང་དང་ང་ཚོའི་ཚོགས་པས། བོད་བསྟན་པ་ཆབ་སྲིད་ཆེད། ནུབ་འཕྱི་ཉལ་དང་། ནངས་སྔ་ལངས་བྱེད་བཞིན་ཡོད་སྙམ་ཆེ་བ་ཚོར། འུ་ཚོ་ཚང་མའི་ཆེད་དུ་དཔའ་སྐད་བསྒྲགས་མྱོང་མཁན་དེ། འུ་ཚོ་ཚང་མའི་ཆེད་དུ་བཞུད་སོང་བ་དེ། ད་ཆ་ལོ་ངོ་བདུན་གྱི་རྗེས། ཁྱེད་ཀྱིས་ཁོའི་ཡོད་ཚད་བརྗེད་ངེས་སུ་བཏང་ཡོད་དམ། ཡང་ན་རྒྱུ་མཚན་ཐན་ཐུན་ཞིག་ལ་ཁེན་ཏེ་ནམ་ཡང་མི་གླེང་རྒྱུའི་དམ་བཅའ་བྱས་ཡོད།

ངས་ནི་དུས་ནམ་དུ་ཡང་། བོད་མི་ས་ཡ་དྲུག་པོས་དཔའ་རྟུལ་ཁོང་བརྗེད་མེད་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད། ང་ཚོ་རང་དབང་ལུང་བ་ཞིག་ཏུ་ལྷོད་ཉལ་བྱས་ཏེ་ཐག་རིང་ཐག་རིང་ཞིག་དང་། ཕ་རོལ་ཕ་རོལ་ཞིག་ཏུ་ཅིག་མ་འགྲིག་པ་གླེང་རྒྱུ་ལས།
ང་ཚོའི་མིག་མདུན་ནས་ཅི་ཞིག་བྱུང་སོང་བ་དེ་ཅི་བས་ཀྱང་གླེང་དགོས་ངེས་དང་། ཤེས་དགོས་ངེས་སུ་མཐོང་བ་དེ་ཅིས་ཀྱང་མ་བརྗེད་ཟེར་འདོད་པ་ཙམ་མོ།།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ ཉིན། Paris, FRANCE

བསམ་ཚུལ།

Post navigation

Previous Post: སྨན་པ་དང་སྨན།
Next Post: ཤེས་རབ་ཀྱི་ལྷ་མཆོག

Comments (2) on “ཕངས་སེམས་དང་གནོང་འགྱོད་ཀྱི་ལོ་ངོ་བདུན།”

  1. བོད་ཡིག་སྐྱབས། says:
    2020-04-23 at 10:12 am

    གླེང་རིན་ཅན་པོ་གླེང་འདུག ལེགས་སོ། དེང་སང་ ཁོང་ལ་རྗེས་དྲན་དང་ཁོང་གི་ཤུལ་ལུས་ནང་མི་ཚོར་ལྟ་རྟོག་ཅུང་རེ་བྱེད་པའི་སྐད་འཕྲིན་ཚོགས་པ་ཞིག་འདུག དེ་དག་ལ་རྗེས་སུ་ཡི་རང་ཞུ།

  2. པ་ཚེ་རིང་། says:
    2020-04-24 at 7:44 pm

    གླིང་ཚ་ཤི་གསོན་གང་ཡིན་མི་ཤེས་པ་དེ་ཡ་མཚན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme