Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ས་བུ་བདག་གི་ཀ་བཤད།

Posted on 2015-05-122015-05-12 By ཁ་བརྡ་ 4 Comments on ཕ་ས་བུ་བདག་གི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས།

 
དཀའ་ལས་མེད་པའི་རང་བཙན།།
ཁ་རྩོད་མང་བའི་དབུ་མ།།
ག་དུས་ཡིན་ནའང་རང་སྐྱོང་།།
ང་ཚོ་བོད་མིའི་འཐབ་རྩོད།།
ཅ་ཅོ་འར་འུར་མང་ནས།།
ཆ་འཇོག་གཏན་འཁེལ་མ་ཐུབ།།
ཇ་ཆང་བདེ་སྐྱིད་ངོམས་ནས།།
ཉ་དང་ཉུང་མ་ནོར་ཡོང་།།
ལྟ་བ་ལངས་ཕྱོགས་མ་ཐུབ།།
ཐ་མ་རང་སྐྱོང་བབས་སོང་།།
ད་ལྟ་རང་དབང་ཡོད་དུས།།
ན་རྒྱུ་ཚ་རྒྱུ་མ་ཤོད།།
པ་ཅོག་མགོ་ལ་གྱོན་ནས།།
ཕ་ཡུལ་དགྲ་ལག་བཅུག་འདུག །
བུ་རབས་ཚ་བརྒྱུད་ཡོད་ན།།
མ་བརྗེད་ཕ་ཡུལ་ལེན་ཤོག །
རྩ་བ་རྒྱལ་ཁབ་རང་བཙན།།
ཚ་གྲང་ཚོར་ནས་རྩོད་དང་།།
འཛམ་གླིང་ས་རྩོད་མང་བ།།
ཝ་ལེར་སོམས་དང་ས་བདག །
ཞང་ཞུང་བོད་ཀྱི་ས་ཆ།།
ཟ་ཧོར་བོད་ཀྱི་ལོ་རྒྱུས།།
འ་ར་འུར་རེ་ཆེ་ནས།།
ཡ་རབས་ལོ་རྒྱུས་བོར་འདུག །
ར་བ་གངས་རི་དཀར་པོ།།
ལ་ལུང་རྩ་ཆུ་འཛོམས་ནས།།
ཤ་བ་ཁ་ཤའི་འཚོ་གནས།།
ས་ཆ་འདི་ལས་མེད་དོ།།
ཧམ་པ་ཆེ་ཙམ་བྱས་ན།།
ཨ་རིའི་ཌོ་ལོར་ཐོབ་ཡོང་།།

སྙན་ངག

Post navigation

Previous Post: སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་མཆེད་པ། མུ་འགོད་ཉེར་གཅིག་པ།
Next Post: སྐྱ་ཐང་ཐང་གི་ཁ་དོག

Comments (4) on “ཕ་ས་བུ་བདག་གི་ཀ་བཤད།”

  1. དཔལ་ལྡན། says:
    2015-05-13 at 2:40 am

    རང་བཙན་དབུ་མ་བོད་སྐྱོབ་ཐབས་ལམ་རེད། །
    ཐབས་ལམ་མི་འདྲ་ཁ་ཁ་སོ་སོ་རེད། །
    གཅིག་གིས་གཅིག་ལ་སྐྱོན་བལྟས་ན། །
    དགྲ་དགྱ་ནག་དགའ་ནོ་ཁོ་ཐག་རེད། །

    དེས་མི་ཚད་ཐབས་ཤེས་གང་ཡོད་ཀྱིས། །
    ནང་དཀྲུག་རྒྱའི་རེ་ངན་བཅང་གི་རེད། །
    རང་རིགས་ཀྱི་ཕུ་ནུ་མིང་སྲིང་ཚོས། །
    བློ་གཅིག་གིས་མཐུན་སྒྲིལ་བྱས་བྱས་ན། །

    དགྲ་དགྱ་ལས་རྣམ་པར་རྒྱལ་ངེས་རེད། །
    དེ་མ་བྱས་ཕྱོགས་ཕྱོགས་འཐེན་འཐེན་ན། །
    མཐུན་ལམ་གྱི་གསེར་གྱི་ཐག་པ་དེ། །
    གཅོད་མ་དགོས་རང་ཆད་བྱེད་ན་ཐང་། །

  2. ལྷ་སྡེ་གནམ་ལོ་ཡག says:
    2015-05-13 at 2:50 am

    དབུ་མ་བླ་མའི་བཀའ་རེད།
    རང་བཙན་བྱུང་བའི་རྒྱུན་རེད།
    རང་ཐག་རང་གཅོད་ཁྲིམས་རེད།
    གདམ་ག་བོད་མིའི་ལག་རེད།

  3. དཔལ་དོན། says:
    2015-05-13 at 3:57 am

    དབུ་རང་འགལ་བའི་སྣང་ཚུལ།།
    སྒེར་འཁོན་ཞེ་ནས་ཡོང་བ།།
    ཨོ་ལོ་ལོ་གསུམ་ཚུན་གྱིས།།
    ཡིད་ལ་ཝ་ལེར་ཝ་ལེར།།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-05-13 at 9:14 am

    དཀའ་ལས་མ་བརྒྱབ་པའི་རང་བཙན། །
    ཁ་རྩོད་མ་བརྒྱབ་པའི་དབུས་ལམ། །
    ག་དུས་ག་འདྲ་ཟེ་བོད་དོན་འདི། །
    ང་ཚོའི་ནམ་ཡང་དེ་བསྒྲུབ་ཐུབ་བམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme