Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ཕ་ས་བུ་ཐུག” གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

Posted on 2012-06-122012-06-13 By ཁ་བརྡ་ 17 Comments on “ཕ་ས་བུ་ཐུག” གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

དྲ་རྒྱར་གཟིགས་ན་འདི་ལ་བསྣུན།

འདི་ནི་སེམས་ཤུགས་འཕར་ངེས་བའི་བོད་པའི་སྒྱུ་རྩལ་བ་ཞིག་གི་གཏམ་རྒྱུད་སྟེ། བསྟན་འཛིན་རིག་གྲོལ་ལགས་ནས་སྐྱབས་བཅོལ་བོད་མི་རྣམས་བོད་ལ་ཉེ་བར་བཅར་བའི་ཕུགས་བསམ་ཞིག་བསླངས་བ་དེ་རེད་། སྔོན་ཆད་བྱུང་མ་མྱོང་བའི་སྒྱུ་རྩལ་གྱི་ལས་འཆར་འདི་བརྒྱུད་། ཕ་ཡུལ་བོར་ཚར་བའི་བཙན་བྱོལ་བོད་མི་རྣམས་ལ་ཕ་ཡུལ་གྱི་ས་དངོས་སུ་མཐོང་བ་དང་དེ་ལ་ཉམས་མྱོང་ཞིག་གསོག་འཇུག་ཆེད་། བསྟན་འཛིན་རིག་གྲོལ་གྱིས་རི་བོ་ཧི་མ་ལ་བརྒྱུད་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་རྒྱ་གར་རྡ་ལམ་ས་ལར་དབོར་འདྲེན་བྱས་བ་རེད་། ཁོང་གི་ཕུགས་བསམ་ཆུང་ཆུང་འདིའི་དགེ་ཕན་བརྒྱུད་། སྒྱུ་རྩལ་གྱི་ལས་འཆར་འདིས་ཕ་ཡུལ་ལ་ཕྱིར་ལོག་དཀའ་བའི་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བསྐྲུན་།

གསལ་བསྒྲགས།

Post navigation

Previous Post: དྲ་འབུ་ Kawa རྙེད་པའི་སྒྲུང་།
Next Post: "ཕ་ས་བུ་ཐུག" གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།

Comments (17) on ““ཕ་ས་བུ་ཐུག” གློག་བརྙན་ལས་འཆར་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་རོགས།”

  1. གཅན་བཟོད་རྒྱམ། says:
    2012-06-12 at 11:19 pm

    བསྟན་འཛིན་རིག་གྲོལ་ལགས་ཀྱི་ལས་ཀ་འདིའི་སྐོར་ལ་ཁོང་གིས་སྔར་ཡང་འགྲེལ་བརྗོད་བྱས་སོང་མོད། ས་འདི་འདྲ་མང་པོ་ཞིག་སྡུག་དཀའ་ལས་བརྒྱབས་ཏེ་རྒྱ་གར་དུ་དབོར་འདྲེན་བྱེད་དགོས་ཀྱི་སྙིང་དོན་དེ་ངས་ད་དུང་ཤེས་མ་ཤེས་ལ། འདིར་ཁ་བརྡ་ཚང་གིས་འགྲེལ་བརྗོད་ཐུང་ངུ་ཞིག་བྲིས་པ་ནི་དེ་བས་ཀྱང་གོ་བ་ལོན་དཀའ་བ་ཞིག་ཏུ་གྱུར་སོང་།

    ༡༽ ༼བསྟན་འཛིན་རིག་གྲོལ་ལགས་ནས་སྐྱབས་བཅོལ་བོད་མི་རྣམས་བོད་ལ་ཉེ་བར་བཅར་བའི་ཕུགས་བསམ་ཞིག་བསླངས་བ༽

    ༢༽༼ཕ་ཡུལ་གྱི་ས་དངོས་སུ་མཐོང་བ་དང་དེ་ལ་ཉམས་མྱོང་ཞིག་གསོག་འཇུག་ཆེད་།༽

    ༣༽ ༼ཁོང་གི་ཕུགས་བསམ་འདི་༽གང་ཡིན་རེད།

    ༤༽ ༼སྒྱུ་རྩལ་གྱི་ལས་འཆར་འདི་༽ ཟེར་ན་ལས་འཆར་གང་རེད།

    ༥༽ ༼སེམས་ལ་བག་ཆགས་ཟབ་མོ་བསྐྲུན་།༽ ཅི་ཞིག་སྐྲུན་ཡོད་དམ།

    ང་ལ་ད་དུང་འདི་ཚང་མ་ལྐོག་གྱུར་རེད།
    ད་དུང་བསྟན་འཛིན་རིག་གྲོལ་ལགས་ཀྱི་ལས་དོན་འདི་འདྲ་བྱེད་དགོས་དོན་དང་ས་འདི་འདྲ་མང་པོ་ཞིག་དབོར་འདྲེན་བྱས་པའི་དགོས་དོན་གང་ཡིན་སོགས། མདོར་ན་ལས་དོན་འདིའི་འགོ་མཇུག་ཚང་མ་ངས་ཅུང་ཙམ་ཡང་རྟོགས་མ་སོང་ལགས།
    གསལ་བཤད་ཁ་གསལ་གོ་བདེ་རེ་ཡོད་ན་ལེགས། དེ་མིན་གོང་གི་གསལ་བཤད་འདི་འདྲ་བ་ནི་གོ་བདེ་བ་ལས་གོ་དཀའ་བར་བཏང་འདུག་སྙམ།

  2. ཨ་ར་དཀར་པོ says:
    2012-06-13 at 12:09 am

    ཐོག་མར་བོད་ས་རྒྱ་གར་དུ་དྲངས་ནས་སྐད་གྲགས་བསྒྲུབས་པ་རེད། ད་དེའིི་རྗེས་ལ་མཁོ་བ་དེ་སྒོར་མོ་མིན་ནམ། དོན་དངོས་དང་མཐུན་མིན་གང་ལྟར་ཡང་ངའི་ངོས་ནས་གོ་བ་འདི་འདྲ་ཞིག་ལས་གང་ཡང་ལོན་མ་སོང་།

  3. འདོད་ལྷ་ཁམས་པ། says:
    2012-06-13 at 12:09 am

    བོད་ས་རྒྱ་གར་ལ་དབོར་བ་དེ་སྒྱུ་རྩལ་ཡིན་ན་ཐང་མོང། བོད་དོན་བདེན་མཐའ་གསལ་བའི་རྟེན་འབྲེལ་འགྲིག་མེད་གི་པྭ།

  4. ཚངས་པ། says:
    2012-06-13 at 12:17 am

    དངོས་གནས་འཇོན་པོ་བྱུང་། རི་བོ་ཧི་མ་ལ་ཡ་བརྒྱུད་དེ་ས་ཁྲོན་(ton)ཉི་ཤུ་ཙམ་འཁྱེར་ཐུབ་པ། དཔེ་མི་སྲིད་པའི་འཇོན་པོ་བྱུང་།

  5. ལོག་སྨྲ་ཚར་གཅོད་ནས། says:
    2012-06-13 at 12:53 am

    འཛམ་གླིང་གི་ལུས་རྩལ་རྩེད་མོ་ཚར་བ་དང་བོད་རྒྱ་གྲོས་མོལ་གྱི་འབྲེལ་ཐག་ཆད་པ་ཡང་གཅིག་མཚུངས་སུ་གྱུར་པ་དེས་རྒྱ་ཕྱོགས་ཀྱིས་གྲོས་མོལ་མགྲོན་འབོད་དེ་གནས་སྐབས་ཁོ་པ་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་དང་ལག་པ་ཕྱི་ས་ཞིག་གིས་ཐོག་ནས་དུས་ཚོད་ནར་མགྱངས་གཏོང་ཆེད་ཁོ་ན་ལས་དོན་དམ་པའི་གྲོས་མོལ་བྱ་འདོད་མེད་པ་དང་ད་ལྟ་གནས་བཞིན་པའི་མིང་ཙམ་གྱི་མི་རིགས་ས་གནས་རང་སྐྱོང་ཟེར་བ་འདི་ཡང་རྩ་མེད་བཟོ་རྒྱུའི་ཕུགས་བསམ་བཅངས་ཡོད་པ་མངོན་གསལ་དོད་པོར་ཆགས་ཟིན་ནས་༸གོང་ས་མཆོག་གིས་ད་ལྟའི་རྒྱ་ཡི་དཔོན་རིགས་ཚོར་ང་ཚོས་རེ་བ་རྒྱག་ས་ཞིག་མི་འདུག་ཅེས་གསལ་པོར་གསུངས་ཟིན་ནའང་ད་དུང་བློ་སེང་གིས་ཚ་ཚ་འུར་འུར་གྱིས་གྲོས་མོལ་གྱི་གྲ་སྒྲིག་བྱེད་ཀྱིན་པ་འདི་ནི་མཁས་པའི་མིང་འཛིན་ཙམ་ལས་དོན་དུ་ལྐུགས་པས་བྲོ་གར་སྔ་ཤུལ་དུ་འཁྲབ་པ་དང་འདྲའོ།

  6. སྐྱིད་ཆུ་ཚང་། says:
    2012-06-13 at 4:54 am

    ལས་དོན་འདི་དོན་མེད་དཀའ་ལས་རེད། བོད་ཀྱི་ས་རྒྱ་དཀར་ནང་མང་པོ་ཞིག་ཡོད་ཡོད་པ་རེད། དཔེ་ན། ཨ་རུ་ནཱ་ཅལ་གྱི་ས་ཁྱོན་ལ། མུའུ་གྲུབ་བཞི་མ།༩༠༠༠༠། དང་། དེ་ཞིན། ལ་བདག འབྲས་ལྗོངས། སེམས་ལ། སོགས་ཡོད་པ་ཁྱེད་ཚོས་ཤེས་དགོས་ཚོད་རེད། དེ་རྣམ་ཚུར་ལེན་ཐབས་ལ་འབད་དགོས་པ་ལས། ད་དུང་ཕར་་་་་་་་་་་་་་་་་་་་་་་་་་་ད་ཅང་མ་ཤེས་ཡ།།

  7. རི་རྒྱལ་ཏི་སེ། says:
    2012-06-13 at 4:55 am

    ཁྱེད་རང་ལྟ་བུ་ལ་ཉེ་བར་མཁོ་བའི་(གངས་ལྗོངས་སྐྱེས་མའི་ལོ་རྒྱུས་)ཀྱང་ཁོང་གིས་བརྩམས་པ་རེད།

  8. འཇམ་རྡོ says:
    2012-06-13 at 5:45 am

    དྲི་བ་ཁ་ཤས། ངས་འདི་ལ་རོགས་རམ་ཏོགཙམ་བྱེད་ཐུབ་བསམ་བྱུང་།
    ༡ཁོང་གི་ལས་གཞི་འདིའི་ཐོག་མའི་རྣམ་དཔྱོད་དམ་ས་བོན་དེ་ག་འདྲ་བྱུང་སྐོར་ཧ་གོ་འདོད་ཡོད།
    ༢གློག་བརྙན་ཇི་ལྟར་བཟོ་རྩིས།
    ༣དཔལ་འབྱོར་གཏོང་སྒོའི་སྐོར་ཅི་འདྲ་གང་འདྲ།
    ༤དུས་ཚོད་ཚད་བཀག་ཡོད་དམ།

  9. པ་སངས་ says:
    2012-06-13 at 6:12 am

    གོང་དུ་མཆན་༥བར་ལོག་སྨྲ་ཚར་གཅོད་ཟེར་པ་ཞིག་གིས་འབྲེལ་མེད་དོན་གཞན་གྱི་མཆན་བུ་ཞིག་འདིར་བཏབ་འདུག་པས། ཁ་བརྡ་ཚང་གིས་འདིའི་རིགས་ངེས་པར་དུ་ཕྱིར་འབུད་གཏོང་དགོས། ༧གོང་ས་མཆོག་གིས་དེ་གསུངས་པ་བདེན་ཡང་ང་ཚོའི་ངོས་ནས་འཛམ་གླིང་འདིར་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་མང་བོའི་མདུན་སར་གྲོས་མོལ་གྱི་ཆ་རྐྱེན་མ་བཏོན་ན་དེ་ལས་ལྷག་ཅིག་ག་རེ་བྱེད་ཀྱི་ཡོད། གང་ཟག་རང་ངོས་ནས་གནས་ལུགས་དང་འཆར་གཞི་གང་ཡང་བཏོན་རྒྱུ་མེད་པར་རྟག་པར་གཞུང་གི་གནད་ཡོད་མི་སྣར་སྐྱོན་བརྗོད་བྱས་བསྡད་ན་དེ་གཏན་ནས་ཡག་པོ་མ་རེད། ད་དུང་ཁྱེད་ཀྱིས་མཁས་དབང་བློ་སེང་ལ་ལྐུགས་པས་ཞབས་བྲོ་རྒྱབ་པ་རེད་ཟེར་པ་འདི་ལོགས་པར་སྨྲས་པའི་གཏམ་ཁོ་ན་ལས་འདས། ལྐུགས་པ་སུ་ཡིན་ལྟ་ན་ཁྱེད་ལས་ལྷག་གི་ལྐུགས་པ་ཞིག་འཇོག་རྒྱུ་མི་འདུག རྒྱ་གཞུང་གིས་མི་རིགས་ས་གནས་རང་སྐྱོང་ཟེར་པའི་བཅའ་ཁྲིམས་འདི་ལ་ད་དུང་འགྱུར་བ་གང་ཡང་བཏོན་མེད། ལྷག་པར་དུ་མི་རིགས་ས་གནས་རང་སྐྱོང་ཟེར་པ་ཚད་དང་ལྡན་པ་ཡོད་པའི་ཁ་གཡང་སྒྲོག་བཞིན་པ་རེད། ལྟོས་དང་ཉེ་ཆར་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྟེང་ནས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལ་འགྱུར་བ་བཏང་འདུག་གམ། དོན་མེད་ལ་མགོ་ཉོག་ནས་མིང་བྱང་རྫུན་མ་ཞིག་གི་རྒྱབ་ནས་རང་གཞུང་ལ་སྐྱོན་བརྗོད། མ་གཞི་ནས་ཁྱོད་ལྟ་བའི་ལོགས་ལྟ་ཅན་གྱི་མི་འདི་ཚོ་སུ་ཡིན་དང་། དམིགས་ཡུལ་གང་ཡིན་སོགས་རིམ་གྱིས་རྩེད་གཅོད་ཞིབ་མོ་རྣམ་འཐག་བྱེད་ངེས་ཡིན།

  10. གནམ says:
    2012-06-13 at 6:40 am

    ལ་ལས་བོད་ས་སྲུང་དགོས་ཟེར།།
    ལ་ལས་བོད་ས་སྤོར་དགོས་ཟེར།།
    ལ་ལས་ཡོང་གི་མ་རེད་ཟེར།།
    ལ་ལས་ཅི་ཡང་མི་ཤེས་ཟེར།།
    བོད་པ་ལ་ལའི་ཀླད་པ་འདི།།
    རྒྱུ་དང་སྙན་གྲགས་གཅིག་པོ་རེད།།
    བོད་པ་ལ་ལའི་ཀླད་པ་འདི།།
    མ་ཚོས་ཡང་རིལ་ཕྱིད་པོ་རེད།།

  11. འུར་རྡོ། says:
    2012-06-13 at 6:59 am

    ཁོང་གིས་སྔོན་མར་འགྲེལ་བཤད་ཐུང་ཐུང་ཞིག་གི་ནང་དུ་ལས་གཞི་འདི་ནི་རང་གི་ཨ་ཕའི་ཁ་ཆེམས་ཡིན་པའི་བཟོ་འདྲ་བོ་ཞིག་ཀྱང་བཤད་འདུག
    ཁོ་རང་སྒྱུ་རྩལ་བ་ཞིག་གི་ངོས་ནས་བཤད་ན་འདིའང་སྒྱུ་རྩལ་ཞིག་ཡིན་འདོད་ཀི་ཡོད་རྒྱུ་རེད།
    ངས་བསམ་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་དག་གི་རྨི་ལམ་ནི་གཞན་སའི་སྟེང་ལ་རང་ས་ཞིག་སྤུངས་ནས་འདུག་རྒྱུ་དེ་མིན་པར་རང་ཡུལ་ལ་རང་དབང་གིས་ལོག་རྒྱུ་དེ་མ་ཡིན་ནམ།

  12. རྨུ་ཐག་གི་བུ་རྒྱུད། says:
    2012-06-13 at 10:45 am

    བོད་རྟེན་འབྲེལ་གྱི་རང་བཞིན་ཡིན་པ་བདེན་ན། ལས་ཀ་འདི་རྟེན་འབྲེལ་ལོག་པའི་ལས་ཀ་ཞིག་རེད།

  13. བསྟན་འོད་ says:
    2012-06-13 at 11:09 am

    བོད་ནས་ས་མང་པོ་ཁུར་ཡོང་ནས་བོད་ལ་ཕྱིར་ལོག་དཀའ་་པའི་བཙན་བྱོལ་བོད་མི་སྟོང་འཕྲག་མང་་པོའི་སེམས་ལ་བག་ཆགས་ཟབ་མོ་བསྐྲུན་ཟེར་བ་འདི་ལ་གོ་བ་ཅི་ལྟར་ལེན་། བཙན་བྱོལ་སྟོང་འཕྲག་མང་པོ་ཞིག་བོད་ལ་ཕྱིར་ལོག་འདོད་མེད་པའི་བག་ཆགས་རེད་དམ་། པོད་ལ་ལོག་འདོད་སྐྱེ་བའི་བག་ཆགས་རེད་།
    གང་ཡིན་ཡང་དོན་ལ་འབྲེལ་བ་མེད་པའི་བག་ཆགས་ཞིག་བསྐྲུན་པ་འདྲ་གོ་རྒྱུ་ཅི་ཡང་མི་འདུག་སུ་ཞིག་གི་འདི་ལ་འབྲེལ་བཤད་ཞིག་གནང་རོག་ཞུ་།

  14. ཧཱུཾ་ཤི་ཕཊ་འགྱེལ། says:
    2012-06-13 at 11:40 am

    ཆོ་མེད་ལས་ཀ་་རང་རེད། བོད་ས་རྒྱ་གར་ལ་དབོར། ད་རྗེས་སུ་རྒྱ་གར་ས་ཡོ་རོབ་ལ་དབོར། ཡོ་རོབ་ས་ཨ་རི་ལ་དབོར། དེ་ནས་དེ་ཐ་མར་རྒྱ་ནག་ལ་མར་དབོར་ཉེན་འདུག

  15. ལྷོ་པ་ལུང་རིགས says:
    2012-06-13 at 1:10 pm

    དཀའ་ལས་མེད་སར་སྐུ་ངལ། འགྲོ་སོང་མེད་སར་འགྲོ་སོང་རང་རེད། སྒྱུ་རྩལ་ཟེར་བ་དེ་ཡིན་ཐང་། ངས་ནི་འདི་གླེན་རྟགས་ཤིག་རེད་འདོད། མི་དགའ་བ་བྱེད་ཐད་མོད། བསམ་ཚུལ་འདི་སླེབས་སྟངས་དང་ལས་འགུལ་འདི་སྤེལ་སྟངས། འགྲོ་སོང་དེ་གཏོང་སྟངས་ཚང་མར་གླེན་ཞད་འདྲེས་འདུག་པར་མཐོང་སོང་།

  16. གཅན་བཟོད་རྒྱམ། says:
    2012-06-13 at 2:15 pm

    ལོག་སྨྲ་ཚར་གཅོད་ཟེར་མཁན་གྱི་བསམ་ཚུལ་ལ་པ་སངས་ལགས་ཀྱིས་བསུམ་ཚུལ་བཤད་པ་དེ་ག་རང་ངས་ཀྱང་འདོད། ད་དུང་༼་༸གོང་ས་མཆོག་གིས་ད་ལྟའི་རྒྱ་ཡི་དཔོན་རིགས་ཚོར་ང་ཚོས་རེ་བ་རྒྱག་ས་ཞིག་མི་འདུག་༽ཅེས་ཟེར། ད་འོ་ན་གོང་ས་མཆོག་གི་དགོངས་གཞི་གང་རེད་དམ། ཡང་སྙིང་ཅི་ཞིག་གསུང་བཞིན་ཡོད་དམ། ཁྱོད་ཀྱིས་གོང་ས་མཆོག་གི་དགོངས་གཞི་གང་ཡིན་ཁ་གསལ་ཞིག་གསུང་དང་། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡང་བཤད་ཚར་བ་རེད། ད་དུང་བཤད་རྒྱུ་ཅི་ཞིག་ལྷག་ཡོད་དམ། ད་འོ་ན་བཀའ་ཁྲི་ལ་ལས་ཀ་ཞིག་མེད་པ་ཡིན་ནམ། ཡང་ན་ལས་ཀ་བྱས་མི་ཆོག་པ་རེད་དམ། ཡང་ན་ཁ་བཙུམས་ནས་སྡོད་དགོས་པ་རེད་དམ། ངོ་མ་དགོས་ས་མི་དགོས་ལ་བཤད། མི་དགོས་པ་ན་རྙོག་དྲ་བཟོས་ནས་ཤེས་མི་ཤེས་ཚང་མས་བོད་ཀྱི་དོན་འདི་ཅི་འདྲའི་མགོ་རྙོག་པོ་ཞིག་ཏུ་བསྒྱུར་མི་འདུག
    ད་དུང་མི་ལས་ཤས་ཀྱིས་དུས་རྒྱུན་ཁ་གྲགས་ཚད་ལ་གོང་ས་མཆོག་གིས་ཅིག་ཅིག་ཟེར་བཞིན་པ་འདི་ཡག་རྟགས་ཤིག་མ་རེད། མཐར་དེད་ན་མི་འདིའི་རིགས་ནི་གོང་ས་མཆོག་ལ་ནག་ནོག་གི་དྲི་བ་འབྱི་དག་རེད་འདོད། རང་གིས་ཤེས་ས་འཇོན་ས་རེད་འདོད་ས་ནས་ཁ རྗེ་དབང་ཐང་མ་རང་གི་ཡིན་མདོག་བྱས། མི་འཇོན་ས་དང་མགོ་རྙོག་རང་གིས་བཟོས་ཚར་རྗེས་སྡུག་དང་ནག་ཉེས་ཚང་མ་གོང་ས་མཆོག་དང་བོད་མི་དམངས་ཀྱི་ལས་དབང་རེད་ཟེར། ངོ་མ་མི་འདིའི་རིགས་ཀྱིས་ད་ནི་ཚོད་བཟུང་རན་མ་རེད་དམ།
    མི་ཚོའི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་ནང་དུ་མི་དེའི་རིགས་མང་དྲག་མི་འདུག་གམ།

  17. གནམ says:
    2012-06-15 at 4:58 am

    འགྲོ་སོང་གཏོང་ནོ་མ་རེད་སྡུད་ནོ་རེད།།
    བོད་ས་སྐྱོང་ནོ་མ་རེད་སྐྱུར་ནོ་རེད།།
    རྒྱུ་རྩལ་ཤེས་ནས་མ་རེད་འཕྲུལ་ནས་རེད།།
    ནོམ་པ་ཡོད་ནས་མ་རེད་རྔམ་ནས་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme