Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་རྒན་ཞིག་གི་དྲི་བ།

Posted on 2009-12-05 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on ཕ་རྒན་ཞིག་གི་དྲི་བ།

བོད། ལྷ་ྐླུ་གཉེན་གསུམ།

སྤུན་ཟླ་ཚོ། ཁྱེད་ཅག་གི་ངོ་ཤེས་དང་ཉེ་རིང་། ཡང་ན། ཕ་མ་དང་སྤུན་མཆེད་སོགས་སུ་ཞིག་སྨན་པ་ཡིན་པ་མ་ཟད། སྨན་ལ་མཁས་པ། ལུས་ཁམས་བསྐྱེད་སྲུང་བྱེད་ཕྱོགས་ཐད་དུ་མཁས་པ་འདྲ་ངོ་ཤེས་ཡོད་ན། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན། དྲི་བ་དེར་ལན་དྲང་མོ་ཞིག་དུས་ཐོག་ལ་འདེབས་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།

བྱིས་པ་ཞིག་ལ་ཆུང་དུས་སུ། དྲིན་ཆེན་ཨ་མའི་ནུ་མ་ཟླ་ངོ་ཁ་ཤས་རིང་དུ་ནུས་རྗེས་སུ། ཟས་ལ་རོལ་བའི་སྐབས་སུ་སླེབས་དུས། བོད་ཡུལ་དུ། ང་རང་གི་ཁོར་ཡུག་ནས་ཆུང་དུས་བྱིས་པ་ལ་གཡག་སྙིང་བཙོས་དེ་སྤྲོད་ཀྱི་ཡོད་པ་རེད། དེ་ནི་བྱིས་པ་དེ་ཡི་འཚར་ལོངས་ཁྲོད་དུ་རང་ཚུགས་ཡོད་པ་དང་སྙིང་སྟོབས་ལྡན་པ་སོགས་འགྲེལ་བཤད་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། བདག་གིས་དེ་ནི་ལུགས་སྲོལ་ཡག་པོ་ཞིག་ལ་གཏན་ནས་མཐོང་གི་མི་འདུག་མོད། རེད་དེ། དེ་ཡང་གོམ་སྲོལ་ཞིག་ལས་དངོས་ནས་བྱིས་པའི་འཚར་ལོངས་ལ་ཕན་ཐོག་ཡོད་མེད་དེ་ནི་བཤད་ཁག་པོ་རེད།

ངས་འདི་ནས་བཀའ་འདྲི་ཞུ་འདོད་པའི་དོན་དག་གཙོ་བོ་དེ་ནི། བྱིས་པ་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། དམར་ཟས་སམ། ཤའི་རིགས་ལ་ལོངས་སྤྱོད་མ་བྱས་པར། འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་མི་ཚེའི་ནང་དུ་གཟུགས་པོའི་ནུས་པ་ཤོར་འགྲོ་བའམ། ཡང་ན། གཟུགས་པོའི་འཕྲོད་བརྟེན་ལ་གནོད་པ་སོགས་ཡོད་མེད་དང་། གཏན་ནས་ཤའི་རིགས་ཁ་ལ་མ་རེག་པར་འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་ལུས་ཁམས་གསོ་སྐྱོང་གི་ཐད་དུ་དཀའ་ངལ་ཡོད་དམ་མེད། ཡང་ན། བྱིས་པ་དེའི་ལུས་ཁམས་སུ་ཅིས་ཀྱང་སྲོག་ཆགས་གཞན་ཞིག་ཤ་ཁྲག་གི་རིགས་མ་ཟས་པ་ཡིན་ན། འཚར་ལོངས་བྱུང་དེ་འོང་དུས། དཀའ་ངལ་འཕྲད་ཀྱི་ཡོད་དམ་མེད། སྔོ་ཚང་རིགས་ཁོ་ན་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད། ཡོད་ན་དེའི་ཐབས་ལམ་སོགས་གང་ཡིན་མིན་བསྐོར་ལ། སྤུན་ཟླ་སུ་ཞིག་གིས་རང་གི་ཕ་མ་དང་ཉེ་དུ། གྲོགས་པོ་དང་སྤུན་མཆེད། ངོ་ཤེས། ཡང་ན། རང་ཉིད་ལ་ལུས་པོ་གསོ་སྐྱོང་བྱེད་པའི་བསྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་སྤུན་ཟླ་སུ་ཞིག་ཡོད་ན། བདུན་ཕྲག་རེ་ཟུང་ནང་དུ་ལན་ཞིག་ཡོང་བའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།

སྣ་ཚོགས།

Post navigation

Previous Post: བྱིས་པར་གཅར་རྡུང་མི་བྱེད་པར་སློབ་གསོ་སྤྲོད་ཕྱོགས།
Next Post: ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།

Comments (6) on “ཕ་རྒན་ཞིག་གི་དྲི་བ།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-05 at 7:44 pm

    ཨ་རོ། ངའི་ངོ་ཤེས་སྨན་པ་གཉིས་ཡོད།
    འཚོ་བྱེད་བུ་དང་སྨན་པ་དཀོན་མཆོག་ཚེ་བརྟན་གཉིས་རེད། ཁོང་གཉིས་ཀ་ཨ་རིར་བཞུགས་མཁན་དེ་འདྲ་རེད།
    ཁོང་གཉིས་གང་རུང་ནས་ཕ་རྒན་ཁྱེད་ཀྱི་དྲི་བ་འདིར་ལན་འདེབས་པའི་རེ་བ་ཡོད། དེ་ཙམ་ཞུ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-06 at 5:03 am

    རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། སྐུ་ཉིད་ལ་བཀའ་དྲིན་ཆེ་ལགས། སྤུན་ཟླ་སུ་ཞིག་གིས་འདིའི་བསྐོར་ལ་ལན་གསལ་བོ་ཞིག་དང་རྒྱུས་མངའ་ཡོད་པ་ཞིག་གསུང་རྒྱུར་སྒུག་ནས་འདུག

  3. ཧོར་བུ་ཡེ་ཤེས says:
    2009-12-06 at 11:11 am

    བོད།ལྷ་ཀླུ་གཉན་གསུམ་ལགས།
    ཁྱེད་ཀྱིས་གསུངས་པ་ལྟར་ལུགས་སྲོལ་དེ་ངས་བདེན་པར་ཞིག་མཐོང་མ་སོང་།གང་ལ་ཞེས་ན།ངའི་ཕ་མས་ང་བྱིས་པའི་སྐབས་སུ་གཡག་གི་སྙིང་མང་པོར་སྤྲད་ཡོད་ཟེར།ཡིན་ནའང་ང་ནི་སྲིང་མོ་ལས་སྙིང་སྟོབས་ཞན་པ་དང་འཚར་ལོངས་སྐྱོ་བ་མ་ཟད།ན་ཚའང་ང་མང་བ་ཡོད།དེ་ཐམས་ཅད་སོ་སོའི་ལས་བཟང་ངན་ཙམ་ཡིན་ལས་ཟ་བྱེད་རིགས་ཀྱི་དེ་ཙམ་ཁྱད་པར་ཨེ་ཡོད་དྲན།
    ང་ལ་ངོ་ཤེས་དང་གྲོགས་པོ་ཤ་རྩ་ནས་མིི་ཟ་མཁན་དེ་འདྲ་ཡོད་པའི་ཁོང་ཚོར་ལ་དམིགས་གསལ་གྱི་དཀའ་ངལ་མི་འདུག་ལ་།འཚར་ལོངས་ཀྱང་ལོ་དང་མཉམ་པ་འགྲོ་ཤག།ད་དུང་ཁོང་ཚོས་གཟུགས་པོ་ཡང་མོ་དང་རིག་པ་གསལ་པོ་ཡོང་གིན་ཟེར།མ་འོངས་པར་ངས་ཞུ་མི་ཤེས།
    སྔོ་ཚལ་རིགས་བཟའ་ཡག་དེ་སོ་སོའི་ནང་མིའི་ཤ་ཟ་རྒྱུ་མྱུང་རེ་དང་སྔོ་ཚལ་རིགས་ཟ་ཡག་མང་རེ་བཏང་བ་མ་ཟད་བཟོ་སྟངས་འདྲ་མིན་ངང་དྲོ་བ་ཆེན་པོ་བཟོ་ཐུབ་ན་རང་བཞིན་གྱི་གོམས་ནས་འགྲོ་གི།སྔར་ངས་ཤ་མང་པོ་ཟོས་ཀྱང་ད་ལྟ་སྔོ་ཚལ་རིགས་མང་ཙམ་ཟ་བཞིན་ཡོད།།གྲོགས་པོ་ལགས་དེ་ནི་ང་རང་གི་ལུས་ཐོག་ན་མྱོང་བ་དང་མཐོང་ཚུལ་ཙམ་ཡིན་པ་ལས་མཐར་ཐུག་བཤད་མི་ཤེས་པའི་ཐུགས་རྒྱལ་མ་གཞེང་རོགས།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-06 at 6:41 pm

    ཧོར་བུ་ཡེ་ཤེས་ལགས། སྐུ་ཉིད་ཀྱི་ཉམ་མྱོང་གསུངས་པ་དེར་བཀའ་དྲིན་ཆེ་ལགས། ངས་འདིའི་སྐབས་ཀྱི་གླེང་གཞི་གཙོ་བོ་དེ་ནི་བྱིས་པ་ཆུང་དུས་ནས་བཟུང་དེ་ཤའི་རིགས་མ་ཟོས་པར་སྔོ་ཚལ་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཡིན་ན། གཟུགས་པོའི་ནུས་པ་བསྐྱེད་སྲུང་བྱེད་པ་དང་། གཟུགས་པོའི་ནང་གི་བཅུད་སོགས་ལ་གནོད་པ་ཡོད་མེད་དེ་ཡིན་ལགས། དེ་ཡིན་དུས་སྐུ་ཉིད་ལ་ཉེ་ཁོར་དུ་སྤུན་ཟླ་དང་། ཕ་མ། དགེ་རྒན། ངོ་ཤེས་སོགས་ལུས་ཁམས་གསོ་སྐྱོང་དང་འཕྲོད་བསྟེན་སྐོར་ལ་རྒྱུས་མངའ་ཡོད་མཁན་དེ་འདྲ་ཡོད་ན་སྐད་ཆ་རེ་འདྲི་རོགས་ཞུ་ལགས།

  5. སྨན་པ་དཀོན་མཆོག་ཚེ་བརྟན་ says:
    2009-12-06 at 7:15 pm

    དེང་སྐབས་ཁོམ་ལོང་མེད་པས་འདིའི་སྐོར་ལ་ལན་གསལ་བོ་ཞིག་འདེབས་མི་ཐུབ། ཆུང་དུས་ནས་དམར་ཟས་ཀྱི་རིགས་མ་ཟོས་ན་གཟུགས་པོ་ལ་དེ་འདྲའི་གནོད་པ་མེད། གཙོ་བོ་སྦྲི་དཀར་ptoteinགྱི་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་རྒྱུ་ནི་གལ་ཆེན་རེད། བོད་ཡུལ་གྱི་འབྲོག་ཁུལ་ནས་སྔོ་ཚལ་གྱི་རིགས་རྒྱུན་དུ་ཟ་མི་ཐུབ་པས་ཤའི་རིགས་མ་བསྟེན་ན་གཟུགས་པོ་འཚར་ལོངས་ལ་གནོད། འོན་ཀྱང་དཔལ་འབྱོར་དང་ཁོར་ཡུག་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་ན་དམར་ཟས་ངེས་པར་ཏུ་བསྟེན་དགོས་པའི་ངེས་པ་མེད། གཙོ་བོ་ཆུང་དུས་ནས་གོམས་མ་གོམས་ལ་རེག་ལས་པ་རེད། གལ་ཏེ་གོམས་པའི་ཟས་ཤིག་ཡིན་ན་གློ་བུར་ཏུ་གཅོད་མི་ཉན་པ་དང་ཡུན་རིང་པོ་མ་བསྟེན་ན་གཟུགས་པོ་ལ་གནོད་པ་རེད། འབྲེལ་ཡོད་ཀྱི་ཞིབ་འཇུག་ལ་གཞིགས་ན་དམར་ཟས་ཀྱི་རིགས་བསྟེན་ན་སྐྱེས་པའི་རོ་ཙ་འཕེལ་ཞིང་བུད་མེད་རྒས་ཀ་སྲ་བར་འགྱུར་ལ་མངལ་སྦྲུམ་པ་ལའང་ཤིན་ཏུ་ནས་ཕན་པར་བཞེད །གལ་ཏེ་རྒྱུ་རྐྱེན་གང་རུང་ཞིག་གིས་དམར་ཟས་ལ་མི་དགའ་བའམ་མ་བསྟེན་ན་ངེས་པར་ཏུ་བྱ་སྒོང་དང་སྲན་རིགས་སོགས་སྤྲི་དཀར་གྱི་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་དགོས། བུད་མེད་ཚོས་ཡུན་རིང་བོར་དཀར་ཟས་ཁོ་ན་བསྟེན་མི་ཉན། དེང་གི་དུས་འདིར་བུད་མེད་མང་པོ་ཞིག་གིས་དཀར་ཟས་ཁོ་ན་བསྟེན་ཀི་ཡོད་མོད་དུས་སྐབས་གསུམ་ལ་ཤའི་རིགས་ངེས་པར་ཏུ་བསྟེན་དགོས།མངལ་སྦྲུམ་རན་པའི་དུས་ཤའི་རིགས་མ་བསྟེན་ན་སྐུལ་རྒྱུའི་རིགས་ཞན་པར་འགྱུར་བས་མངལ་སྦྲུམ་མི་ཐུབ།དར་མའི་དུས་ཡུན་རིང་པོར་དཀར་ཟས་ཁོ་ན་བསྟེན་ན་སྐུལ་རྒྱུའི་རིགས་འཕེལ་ཟད་འཁྲུགས་པར་འགྱུར་བས་ནུ་མ་སོགས་ཚུལ་བཞིན་འཕེལ་མི་ཐུབ།ལོ་ཚོད་ཀྱིས་ཟླ་མཚན་ཆད་ལ་ཉེ་སྐབས་བུད་མེད་ཀྱི་གཟུགས་པོའི་འབྱུང་ཁམས་ཟད་པར་འགྱུར་བས་ ཡུན་རིང་པོར་དཀར་ཟས་བསྟེན་དྲག་ན་ཚབས་ནད་ཀྱིས་གཟེར་བར་འགྱུར་ཞིང་རུས་པའི་ནད་རིགས་སྣ་ཚོགས་ཤིག་འབྱུང་བར་བཞེད། དཀར་ཟས་བསྟེན་མཁན་ཡིན་ན་སྦྲི་དཀར་གྱིས་འདང་བར་མི་འགྱུར་བས་རྒས་པའི་དུས་སུ་སྐྱེས་པོའི་རོ་ཙ་ཚུལ་བཞིན་འཕེལ་མི་ནུས་པས་འདོད་པ་སྤྱོད་པར་གནོད་པ་ཡོད།གཞན་ཤ་རིགས་བསྟེན་ཉུང་བའི་བགྲེས་སོང་དག་གི་སོ་ལྷུང་བ་མང་།རྒྱུ་མཚན་ནི་སྦྲི་དཀར་གཟུགས་པོའི་སྟེང་དུ་ཉུང་བས་རེད། དེ་བས་སྦྲི་དཀར་ཉུང་ན་འདོད་སྐུལ་རྒྱུའི་སྒོང་རིལ་སྦྲི་དཀར་འཕེལ་བར་གནོད་པས་རླིགས་སྒོང་གི་སྐུལ་རྒྱུའང་ཟད་པར་འགྱུར།དེ་བས་ འདོད་པ་སྤྱོད་པར་གནོད་པ་མ་ཟད་ད་དུང་ཁྲག་དམར་སྒོང་རིལ་ཡང་ཟད་པས་རུས་བའི་ནད་མི་ཉུང་བ་ཞིག་འབྱུང་བ་རེད། དེ་བས་བགྲེས་སོང་དང་ཕོ་གསར་དཀར་ཟས་བསྟེན་མཁན་དག་གིས་ཤའི་རིགས་མ་བསྟེན་ན་རོ་ཙ་ལ་གནོད་པ་ཚན་རིག་གིས་རྭ་སྤྲོད་བྱས་ཡོད་དོ །དེ་དག་ནི་སྔར་ཤ་རིགས་བསྟེན་མྱོང་མཁན་གྱིས་རྗེས་སུ་ཡུན་རིང་པོར་མ་བསྟེན་ན་དེ་འདྲའི་ནད་རིགས་འབྱུང་བར་བཞེད་པ་ལས་ཆུང་དུས་ནས་མ་གོམས་པར་དེ་འདྲ་འབྱུང་བའི་ངེས་པ་མེད་དོ །
    འདིར་བློ་ངོར་ཡོད་པའི་ཤེས་བྱ་འགའ་ངོ་སྤྲོད་བྱས་པ་ཡིན་ལ་བརྡ་ཆད་ཁ་ཤས་དེ་འདྲའི་འཚམ་པོ་མིན་པས་དགོངས་དག་ཞུ

  6. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-07 at 4:23 am

    སྨན་པ་དཀོན་མཆོག་ཚེ་བརྟན་ལགས། སྐུ་ཉིད་ཀྱིས་ཁོམ་མིན་ལ་མ་གཟིགས་པར་འགྲེལ་བཤད་གནང་བ་དེར་བཀའ་དྲིན་ཆེ་ལགས། སྐུ་ཉིད་ལ་སླར་ཡང་འོ་བརྒྱལ་ཞིག་མ་བཟོས་པ་ཐབས་མེད་རེད། བྱིས་པ་ཆུང་དུས་ནས་ཤ་ཟོས་པ་དང་མ་ཟོས་པ་གཉིས་ཀྱི་ཁྱད་པར་དངོས་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་སྐོར་ཞིག་གསུང་རོགས་ཞུ།
    ད་དུང་། གཏན་ནས་མ་ཟོས་པ་དང་ཆུང་དུས་གཟུགས་པོའི་སྟོབས་ཤུགས་ལ་བསམ་ནས་སྤྲད་པ་དང་ཆེ་རུ་ཕྱིན་ནས་བཅད་པ་དང་། གཏན་ནས་ཁ་རུ་འགྲོ་རུ་མ་བཅུགས་པ་དེ་གཉིས་ལ་ཁྱད་པར་གསལ་བོ་ཞིག་བཟོ་རོགས་ཞུ། སྐུ་མཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme