Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་འཆར།

Posted on 2012-02-23 By ཁ་བརྡ་ 26 Comments on ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་འཆར།


གནས་ཚུལ་གཏོང་མཁན་རྔ་བ་ཚེ་སྐྱིད།

བོད་ཀྱི་ལོ་སར་དང་བསྟུན་ནས་ཕ་རན་སིའི་གཞུང་གི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ནང་སྲིད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་བསྐྱར་ཞིབ་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པ། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༢༡ཉིན་ཉིན་རྒྱབ་ཕ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་ཕ་རན་སིའི་གྲོས་ཚོགས་ཀྱི་གཙོ་འཛིན་དང་བོད་དོན་དམིགས་བསལ་ཞིབ་བཤེར་བ་སྐུ་ཞབས་ཇོན་སྤོན་སོ་བ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་རྣམ་པ། ཕ་རན་སིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་དོ་སི་ཁན་མཆོག ནང་སྲིད་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་དཔོན་པོ། གཞན་ཡང་བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོ་བ་བཅས་གནད་ཡོད་མི་སྣ་ཁག་ཅིག་གདན་འདྲེན་ཞུས་ནས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཡིག་ངག་གཉིས་དང་གཟིགས་བརྙན་བཅས་ཀྱི་ལམ་ནས། བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་སུམ་གྱང་རིན་པོ་ཆེ་མཆོག་ནས་སྙན་འབུལ་ངོ་སྤྲོད་གནད་ལ་འཁེལ་བ་ཞུས་ཡོད་འདུགདེ་ཡང་། སུམ་གྱང་རིན་པོ་ཆེ་མཆོག་གིས་ཕ་རན་སིའི་གཞུང་དང་གྲོས་ཚོགས།མི་མང་བཅས་ཀྱི་ངོས་ནས་སྔར་བཞིན་བོད་དོན་ཕྱོགས་སུ་ཕན་ཐོགས་ལྡན་པའི་རྒྱབ་སྐྱོར་ཡོང་བར་ཞུ་རྒྱུ་ཡིན་ལ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གདུག་རྩུབ་ཅན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ། ད་ལྟའི་ཡ་ང་བའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཞི་འཇམ་དང་ལྡན་པའི་སྒོ་ནས་ཐག་གཅོད་ཡོང་བའི་འབོད་སྐུལ་ནན་པོ་ཞུས་འདུག

སྐབས་དེར། གྲོས་ཚོགས་ཀྱི་གཙོ་འཛིན་ཇོན་སྤོན་སོ་བ་མཆོག་ནས་གསུང་བཤད་གནང་དོན། ང་ཚོ་ཕ་རན་སིའི་གཞུང་དང་གྲོས་ཚོགས། ལྷག་པར་དུ་མི་མང་བཅས་ཀྱི་ངོས་ནས།བོད་ཀྱི་དཀའ་སྡུག་གི་གནས་སྟངས་རྣམས་གསལ་བོ་ཤེས་རྟོགས་ཡོད་ལ། སྔོན་མ་ཡིན་རུང་། གོང་ས་ཏཱ་ལའི་བླ་མ་མཆོག་ཕ་རན་སིར་ཕེབས་སྐབས་ཀྱང་ཞུས་པ་ནང་བཞིན་ཕ་སན་སིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་མཇལ་འཕྲད་བྱེད་སྐབས་སུ། བོད་ཀྱི་གནད་དོན་དེ་གོང་ས་ཏཱ་ལའི་བླ་མའི་དབུ་ཁྲིད་པའི་བོད་ཀྱི་སྐུ་ཚབ་ཚོ་དང་ལྷན་དུ་བོད་རྒྱ་གཉིས་ཕན་གྱི་གྲོས་མོལ་ཞིག་བྱས་ནས་ཐག་གཅོག་ཡོང་བའི་འབོད་སྐུལ་བྱས་ཡོད་ལ།གཞན་ཡང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ། ཨ་རིའི་གྲོས་ཚོགས་དང་མཉམ་འབྲེལ་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་བཏོན་པ་ཡིན་ལ། ད་དུང་ཡིན་རུང་། ལངས་ཕྱོགས་དང་སྲིད་བྱུས་འདིའི་ཐད་ལ་འགྱུར་བ་གང་ཡང་མེད་ལ།ལྷག་པར་དུ། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་རྒྱུར་རྒྱ་ནག་གཞུང་དང་འབྲེལ་བ་ཞུ་བཞིན་པ་ཡིན་པ་དང་།ཡང་ང་ཚོའི་ངོས་ནས་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གི་གནས་ཚུལ་ནམ་བྱུང་སྐབས། ཐད་ཀར་ཕ་རན་སིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་འགྲེལ་བཤད་དང་མཚམས་འཇོག་དགོས་པའི་འབོད་སྐུལ་རབ་དང་རིམ་པའི་དགོས་འདུན་བཏོན་པ་ཡིན།ད་རུང་། རྒྱ་ནག་དང་ཡོ་རོབ་མནའ་འབྲེལ་བར་དུ་ཚོང་དོན་གྱི་ཆངས་ཡིག་འཇོག་པ་སོགས་ཀྱི་སྐབས་སུའང་ཕ་རན་སིའི་གྲོས་ཚོགས་ཀྱི་ངོས་ནས། བོད་ཀྱི་གནད་དོན་དེ་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཆ་རྐྱེན་ལྟ་བུ་ཞིག་ལ་བཏོན་དང་འདོན་གྱིན་པ་ཡིན།

གཙོ་བོ་དེ་རིང་ཚོགས་འདུར་བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་ཕུལ་བའི་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་གསལ་བཤད་གནང་བའི་སྙན་ཐོ་འདི། ཕ་རན་སིའི་སྲིད་འཛིན་ལས་ཁུངས་གྱི་གཙོས་བྱས་ནས་གནད་ཡོད་གཞུང་འབྲེལ་ལས་ཁུངས་ཁག་གི་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ལྷག་ཅིག་ཡོད་པ་རྣམས་ལ་རེ་རེ་བཞིན་འབུལ་ངེས་ཡིན། མཐའ་དོན། ང་ཚོ་ཕ་རན་སིའི་གཞུང་མང་གཉིས་ཀྱི་ངོས་ནས་གོང་ས་ཏཱ་ལའི་བླ་མ་གཙོས་བྱས་པའི་བོད་མི་ཡོངས་ཀྱི་རྒྱབ་རྩར་རྒྱབ་རྩར་ནམ་ཡང་ཡོད་ལ།ཁྱེད་ཅག་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། དེ་རྗེས་བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོས་གསུངས་དོན། ངས་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་ཀྱི་ཡོད་ལ། ལྷག་པར་དུ་བལ་ཡུལ་འདི་རྒྱ་གཞུང་གིས་གནོན་ཤུགས་འོག་ཡོད་དུས།བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དམིགས་བསལ་གྱིས་དཀའ་ངལ་མང་པོ་ཞིག་འཕྲད་དང་འཕྲད་བཞིན་ཡོད་སྟབས། དེའི་ཐད་བལ་ཡུལ་གཞུང་དང་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱི་སྐབས་སུ་ཡོ་རོབ་མནའ་འབྲེལ་བརྒྱུད་གནོན་ཤུགས་གང་ཐུབ་སྤྲད་པས་མ་ཚད།ད་རུང་ཡིན་རུང་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན་ཞེས་གསུང་བཤད་གནང་བ་སོགས་ཕ་རན་སིའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུགམཇུག་མཐར་ཐེངས་འདིའི་སྐོར་ལ་སུམ་གྱང་རིན་པོ་ཆེ་མཆོག་ལ་ཁ་པར་བརྒྱུད་ལམ་ནས་བཀའ་འདྲི་ཞུ་དུས།ཁོང་གིས་ཐེངས་འདིའི་ཚོགས་འདུ་ཐོག་ནས་ཕ་རན་སུའི་གཞུང་དང་གྲོས་ཚོགས། མི་མང་བཅས་ཀྱི་ངོས་ནས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་ངོས་འཛིན་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་ཐོན་པ་མ་ཟད།ད་ལྟའི་བོད་གནས་དང་མ་འོངས་པའི་ཁ་ཕྱོགས་ལ་་བསྐྱར་ཞིབ་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་ཆེན་པོ་བྱས་སོང་ཞེས་གསུངས་སོང་།

གསར་འགྱུར།

Post navigation

Previous Post: རང་ཉིད་ལོ་སར་དང་བྲལ་ཚུལ།
Next Post: 2011ལོར་ཀྲུང་གོར་སེམས་འགུལ་ཐེབས་སུ་བཅུག་པའི་སློབ་གསོ་བ་གྲགས་ཅན་བཅུ།

Comments (26) on “ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་འཆར།”

  1. ཆོས་འགྲུབ says:
    2012-02-23 at 9:35 pm

    བཀའ་དྲིན་ཆེ། ངོ་མ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ།

  2. ཁྲག་འཐུང་ཧེ་རུ་ཀ་ says:
    2012-02-23 at 11:22 pm

    རྣམ་ཏོག་བསླང་མཁན་རང་རེད། གནས་ཚུལ་གཏོང་མཁན་དེའི་ཁ་བྱང་ན་ཡང་ན་ཨ་མདོ་དང་ཡང་ན་རྔ་བ་ཞེས་མ་བྲིས་ན་ན་ཟུག་རྒྱག་གིན་འདུག་གམ། ཚེ་སྐྱིད་ཅེས་བྲིས་ན་ཅི་མི་འཚམས་པ་འདུག རྩ་མ་ཚང་མཁན་རང་རེད།

  3. ཚེ་འབར་ says:
    2012-02-23 at 11:46 pm

    བཀའ་དྲིན་ཆེ་་་་དངོས་གནས་ལས་འགུལ་ཡག་པོ་སྤེལ་འདུག་་་་་
    ཧེ་་་་་ཁྲག་འཐུང་ཧེ་རུ་ཀ་ཟེར་བ་་་ཁྱོས་ཉོན་ཨ་་་གོང་གི་གསར་འགྱུར་ནང་ན་ཨ་མདོ་ཟེར་བའི་ཚིག་གཅིག་ཀྱང་མེད་རུང་་་་དངོས་སུམ་བསྙོན་པ་ཡིན་ན་སྨྱོན་པ་ཆགས་སོང་་་་་མ་གཞི་ནས་ཁྱཽའི་སེམས་པ་ཐང་ཐང་ཡོད་ས་མ་རེད་་་་་་མི་ཟིག་ཡིན་ཕྱིན་ཆད་རང་རང་གི་སྐྱེས་སའི་ལུང་པ་ཡོད་རེད་་་་་་ད་འདི་ཙམ་ལ་ཕྲག་དོག་བྱེད་དགོས་ཨ་དགོས་ཆུང་ས་ནི་མ་རེད་དམ་་་་་་་

  4. བཙན་བྱོལ་བ་ says:
    2012-02-23 at 11:59 pm

    བོད་ནས་སླེབས་པའི་ཨ་མདོ་བ་གསར་འབྱོར་བ་ཞིག་ཡིན་ན་ལམ་སེང་རང་གི་མིང་ཟུར་ལ་ཨ་མདོ་བའམ་ལུང་ཚན་གྱི་མིང་མཉམ་དུ་འདྲེན་རྒྱུ་ཡིན་པ་ནི་ཡོངས་གྲགས་རེད། འདི་ནི་ཞེན་ཁོག་ཆེ་དྲག་པས་ཡིན་པ་ནི་བཤད་མ་དགོས་པ་རེད་པ།

  5. ཨ་རུ་ར། says:
    2012-02-24 at 3:04 am

    སོ་སོའི་མིང་མཉམ་དུ་ལུང་ཚན་གྱི་མིང་འདྲེན་ན་གནོད་སྐྱོན་ག་རེ་འདུག ???

  6. ཨ་རུ་ར། says:
    2012-02-24 at 3:21 am

    བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་གང་ལྟར་ལས་འགུལ་ལེགས་པོ་སྤེལ་བ་དེ་ཁ་ཚ་དགོས་གཏུག་གི་བྱ་བ་རླབས་ཆེན་རེད།

  7. བསྟན་འཛིན་ says:
    2012-02-24 at 4:28 am

    ཕ་རན་སི་ཡི་གྲོས་ཚོགས་བོད་དུ་འགྲོ་ན་ཡང་། །བོད་ངོ་མ་དེ་མཐོང་མི་ཐུབ། བོད་ངོ་མ་དེ་བོད་ཀྱི་མི་ཚོས་ཀྱང་བཀག་སྡོམ་གྱི་དབང་གིས་མཐོང་ཐུབ་ཀི་མེད་པཱ།

  8. ཁཱ་ཏ་ཁ་ཏ་བ། says:
    2012-02-24 at 8:01 am

    ལས་འགུལ་ལ་དོ་སྣང་གྱིས། མིང་དེ་ལ་གནད་འགག་དེ་ཙམ་སྣང། མི་རང་ཚང་མས་བྲིས་ན་འགྲིག ངས་ཡང་ཕ་ཡུལ་རྒྱ་སྟོན་བྲི་གི་ཡོད། དེ་ཁམས་སྟོད་ཀྱི་ལུང་ཚན་ཞིག་རེད། འོན་ཀྱང་བྲིས་དུས་ཀུན་ལ་སྐྱོན་མེད་པ་དགོས། ལས་འགུལ་དེ་གང་འགྱོགས་ལག་སྟར་ཡོང་བ་རེ་བ་དང་བཅས། རྒྱ་སྟོན་བུ་དར་ནས།

  9. ཁཱ་ཏ་ཁ་ཏ་བ། says:
    2012-02-24 at 8:03 am

    ཀུན་སློང་གཙང་མ་དགོས་རྒྱུ་གལ་འགངས་ཧ་ཅང་ཆེ།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-24 at 8:43 am

    སྤྱི་སེམས་ཅན་གྱི་གངས་ཅན་དབའ་བོའི་ཚོགས།།
    དགྲ་བོའི་མཚོན་རྩེ་གཅིག་རྗེས་གཉིས་མཐུད་བླངས།།
    སྒེར་སེམས་ཆེ་བའི་བྱེས་བཅར་བོད་པ་ཚོ།།
    ནང་ཁུལ་ཕན་ཚུན་དཀྲུགས་དཀྲུགས་བྱེད་འདི་སྐྱོ།།

  11. ཀིརྟི་སྐྱབས་ says:
    2012-02-24 at 9:15 am

    འདི་ཞིག་ན་འགྲེལ་མེད་དོན་གཞན་རྐྱང་རྐྱང་བཤད་ཀི་འདུག་ག ཨོ་ཁག་ཡོད་པ་མ་རེད་་་་དྲ་འབུ་ཚོ་རེད་པཱ། གང་ལྟར་ལས་འགུལ་འདིའི་རིགས་ལ་རྒྱབ་སྐྱོར་དགོས་པ་གལ་ཆེ་་་་བཙན་བྱོལ་བའི་ཡིག་བཏགས་པ་ཚོ་ནི་སྒེར་སེམས་ཆེ་དྲགས་པ་ན། སྤྱི་དོན་མི་བཤད་པར་སྒེར་འཛིན་གཙོ་བོ་བཤད་པ་ནི་སྐྱབས་བཅོལ་བའི་ལོ་རྒྱུས་ནང་གི་ནག་ཅིག་རེད།
    ཡིག་བཏགས་པ་ཚོས། བོད་ནང་ལ་ལྟོས་ཤིག ལས་འགུལ་ག་རེ་སྤེལ་གི་འདུག་གམ འདི་ནས་ཁོ་ཚོར་རྒྱབ་སྐྱོར་གྱིས་ཚོགས་འདུ་དང་སྙན་ཞུ་འབུལ་མ་ཆོག་པ་རེད་དམ།
    ད་ཡིན་ན། སུ་ཞིག་གི་ཀུན་སློང་གཙང་མ་ཡིན་མིན་སློང་ལ་འབུད་འདུག་ག གཞན་ལ་བཤད་སྤྱད་ཁ་ཡོད་རུང་རང་ལ་ལྟ་བའི་མིག་མེད་པ་ཁེ་མཚར་རེད་ད

  12. ཙག་གློག says:
    2012-02-24 at 9:21 am

    མཆན་བཀོད་དྲ་གྲོགས་ཚོ་་ཕྲན་གྱིས་སྣང་ཚུལ་ལ་ཁྱེད་ཅག་གིས་མིག་ཤེར་ནག་པོ་གྱོན་ནས་མི་ལ་འགྲལ་བཤད་གནང་སྟེངས་འདི་སྐྱེ་བུ་དཔྱོད་ལྡན་ཞིག་གི་བྱ་ཚུལ་ཡིན་ནམ། ཕྲན་གྱིས་བསམ་ན་མདོ་དབུས་ཁམས་གསུམ་གང་གི་མང་ནས་བོས་བ་ཙམ་གྱི་དེ་ལ་ཕྱོགས་རིས་ཡོད་པའི་ངེས་བ་གཏན་ནས་མེད་པར་མ་ཟེར་ད་དུང་དེས་ཀློག་པ་པོ་རྣམས་ཀྱིས་རྩོམ་པ་པོ་དེ་ངོ་ཤེས་ཐབས་ཤིག་ཡང་ཡིན།

  13. ཁྲག་འཐུང་ཧེ་རུ་ཀ་ says:
    2012-02-24 at 12:26 pm

    དབུས་གཙང་ལྷ་མོ།
    ཁམས་པའི་ལྷ་མོ།
    ཨ་མདོའི་ལྷ་མོ།
    འདི་ལྟ་བུའི་གཅིག་པ་ཅན་གྱི་གསར་འགོད་པ་མང་པོ་ཡོད་ན་ཅི་ཁག དེ་མིན་རྔ་བ་དང་ཁམས་པ་དབུས་གཙང་ཟེར་ནས་གསལ་བོ་བསྟན་དགོས་དོན་མི་འདུག ངོ་མ་ཡིན། རྗེས་སུ་དེ་འདྲ་རྩ་བ་ནས་མ་འབྲི་རོགས་ལགས། དགོས་མེད་ཀྱིས་དབུས་གཙང་དང་ཁམས་པ་ཨ་མདོ་ཟེར་ནས་བྲིས་ན་ངོ་མ་ཁྱད་མཚར་ཞིག་དང་མཐོང་མ་བདེ་བ་ཞིག་ཡོད་པ་མ་ཟད་མི་ཞིག་གི་སེམས་སུ་རང་བཞིན་གྱི་རྨ་ཁ་བཟོ་སྲིད་ཀྱི་རེད། དེ་ལྟར་འབྲི་དགོས་ཀྱི་མ་རེད། བསམ་བློ་ཐོངས་ད། སྐུ་མཁྱེན་། མཁྱེན།

  14. ཞལ་ལུ་དཀར་པོ says:
    2012-02-25 at 1:49 am

    ཧེ་རུ་ཀ་དཔལ་ཁྱོད་ལ་ཕྱག་འཚལ་ལོ།།
    ཟབ་ཅིང་རྒྱ་ཆེའི་གདམས་པ་སངས་རྒྱས་བཀའ།།
    ཕྱོགས་རིས་སྦྲུལ་གྱི་དུག་ལྕེ་གཅོད་པར་མཛོད།།
    སྐལ་ལྡན་བདག་ཀྱང་རྗེས་སུ་འཛིན་པར་གསོལ།།

  15. ཁ་ཏཱ་ says:
    2012-02-25 at 2:55 am

    ཁྲག་འཐུང་ཧེ་རུ་ཀ་ཟེར་བ་ལ།

    ཕྲག་དོག་གི་ཁྲག་འཐུང་ཞིང་། ཕྱོགས་རིས་ཀྱི་ཁྲག་འཐུང་ནས། ད་དུང་གཞན་ལ་ཅིག་ཁུལ་བྱས་རུང་། དོན་དངོས་སུ་རང་ཉིད་གསལ་བསྒྲགས་བྱས་འདུག་ག ཧ་ཧ་ཧ་་་་་་་་་་་་ལྟད་མོ་འདུག་་་་་་་་་

  16. ཞལ་ལུ་དཀར་པོ says:
    2012-02-25 at 3:37 am

    ཁ་ཏྭ་ཁ་ཚུམ། ཧེ་རུ་ཀའི་ཁྲག་ཕོར་ལ་རྡོག་ཐོ་བརྒྱབ་ནས་ཅི་བྱ། སྐད་ཆ་ལ་གོ་རྒྱུ་འདུག ཨ་མདོ་དེ་ཚོའི་མིང་གི་ཡ་མཐའ་ལ་ལྟོས་དང་། ཧོར་གཙང་འཇིགས་མེད། ཀླུ་ཚང་སྨྱོན་པ། རྔ་པ་ཚེ་སྐྱིད། ཀིརྟི་སྒྲོལ་དཀར། གཡུ་རྩེའི་བུ་རྒྱུད། དེ་དང་དེའི་ནང་བཞིན་ཡོད།
    ཁམས་ལའང་། གསེར་རྟ་ཚུལ་ཁྲིམས། འབའ་པ་སྐལ་བཟང། ཆབ་མདོ་ཤེས་རབ། དར་མདོ་དཔའ་བོ། ཀོང་པོ་འཆི་མེད། སོགས་མང་ངོ། དབུས་གཙང་ལའང་དེ་བཞིན་རེད།

  17. ཁཱ་ཏ་ཁ་ཏ་བ། says:
    2012-02-25 at 8:53 am

    ཁམས་པ་་་་་་ཀོང་པོ་་་་?????

  18. sang po says:
    2012-02-25 at 8:57 am

    good

  19. གཟུར་གནས་བློ་ལྡན་། says:
    2012-02-25 at 10:13 am

    རྒན་བྱམས་པ་ལགས་ཀྱིས་དགེ་ཆོས་ཀྱི་སྐོར་ལ་སྐད་ཆ་གསར་པ་འགའ་རེ་བཤད་ཡོད་པ་དངོས་ཡོད་རེད་། ཡིན་ཡང་དེ་ཙམ་མང་རྒྱུ་མི་འདུག་ལ་། དེ་འདྲའི་ངོ་མཚར་ཆེ་རྒྱུ་ཡང་ཅང་མི་འདུག་། མི་ཉག་སྐྱོར་དཔོན་སོགས་དང་ཐུག་འཕྲད་བྱས་སྐོར་ལ་སྐད་ཆ་གསར་པ་རེ་བཤད་འདུག་པ་ནི་ཕན་ཤོས་རེད་སྙམས་། དེ་མིན་ཁོང་གིས་མིའི་ཐོབ་ཐང་སྐོར་ལ་དོ་སྣང་དམིགས་བསལ་གནང་གི་ཡོད་པ་དང་། སྐུ་དྲག་ཚོའི་དཀྱིལ་ན་གཡུ་སྒྲོན་དང་སྣང་མེད་དུ་རོལ་བ་འདིས་ནུབ་ཕྱོགས་པའི་ལྟ་སྤྱོད་རེ་ཡང་ཁོང་གི་རྒྱུད་ལ་བཅོས་མིན་དུ་ཡོད་པར་མངོན་འདུག་ལ་ གཡུ་སྒྲོན་ལ་ལྷད་མེད་ཀྱི་བརྩེ་དུང་ཤིག་ཡོད་པའང་དེ་བས་མཚོན་འདུག་། ཁོང་གཉིས་ལ་མཚོན་ན་དེ་ཉིན་སྤྲོ་སྐྱིད་གཏོང་སའི་གོ་སྐབས་ཡག་ཤོས་ཤིག་ཅི་ལ་མིན་། དེ་ཙམ་ཤིག་ཁོང་གིས་དམ་འཛིན་གནང་འདུག་། དེ་མིན་སྐུ་དྲག་ཚོས་ཁོང་དགེ་རྒན་ཤིག་ཡིན་པའི་ཆ་ནས་གོང་བསྐུར་དགའ་རབ་ཅིག་གནང་གི་འདུག་པ་པ་ནི་གོང་ཚོའི་བཟང་སྤྱོད་ཅིག་རེད་། དེམིན་དེང་སང་ཀར་མ་པ་སོགས་བླ་ཆེན་དུ་ཁས་འཆེ་བ་ཚོས་རང་གི་དགེ་རྒན་གི་གཉའ་བ་ནས་མ་ཞོན་ཙམ་བྱས་ནས་སློབ་གཉེར་གནང་གི་ཡོད་སྐད་། དེ་འདྲ་བྱས་ན་ཆུ་མགོ་ནས་རྙོག་པའི་དཔེར་མི་འགྱུར་རམ་།

  20. འཛུམ་ཤོར། says:
    2012-02-25 at 10:44 am

    ལས་འགུལ་འདི་ཡག་པོ་རེད། འོན་ཀྱང་དྲ་གྲོགས་ཚོས། ཉན་རྒྱུ་མེད་ལ་གོ་རྒྱུ་མེད་པའི་འཆལ་གཏམ་མང་པོ་བཤད་འདུག མི་འདི་ཚོ་ངའི་རྟོག་སྣང་ལ། བོད་ཡིག་གི་ཚེ་སྲོག་སྐྱོབ་མཁན་ཡིན་ཟེར་ཉན་རྐྱང་རྐྱང་རེད་དེ། དོན་དུ་བོད་ཡིག་གི་ཚེ་སྲོག་བརླག་མཁན་འབའ་ཞིག་རེད་འདུག དོན་དག་གང་ཡིན་བསམ་བློ་བཏང་ནས་ཡག་པོ་ཞིག་འབྲི་གལ་ཆེ། དེ་མིན་ཡིག་ནོར་མང་ལ་བརྗོད་བྱས་དབུལ་ཞིང་། རྗོད་བྱེད་ཞན་པའི་མཆན་ནི་དེ་ཙམ་བྲོ་བ་མི་འདུག རྗེས་སོར་གཟབ་གཟབ་བྱོས།

  21. བོད་ལ་ཞེན། says:
    2012-02-26 at 1:09 am

    བོད་ཀྱི་བྱམས་བརྩེ་ཁང་ནས་ལས་འགུལ་ཡག་པོ་ཞེ་དྲག་སྤེལ་འདུག་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  22. གཅན་བཟོད་རྒྱམ། says:
    2012-02-26 at 6:55 am

    དངོས་གནས་ཡག་པོ་འདུག་་་་རྗེས་སུ་ཡི་རངས་ཡོད་་་་ད་དུང་མུ་མཐུད་ནས་ཡིན་ལགས།

  23. ཞལ་ལུ་དཀར་པོ says:
    2012-02-26 at 9:41 am

    ཁ་ཏྭས་་་་་་་ཀོང་པོ་་་་་་་ཁམས་པ་་་་་ཞེས་པ་ནས་ཁོ་བོ་ལ་འདྲི་རྟགས་ཤིག་འཕང་འདུག་པས། ཁོང་པོ་ཁམས་པ་རེད་པས་ཟེར་བ་ཡིན་ལེ་ཆེ། ཁྱོད་རང་མཐོང་རྒྱ་ཆུང་དྲག་པས་རེད་མ་གཏོགས་ཁོང་པོ་ཁམས་པ་ལོས་ཡིན། གནའ་དུས་དབུས་ཁམས་ཀྱི་ས་མཚམས་དེ་་་་་ཀོང་བ་ལ་་་་་་་་་ཡིན་པ་ཡོངས་གྲགས་རེད། ད་དུང་དབུས་པའི་རྒན་རབས་དག་གི་ངག་རྒྱུན་ལ་(མེ་གྲོ་གོང་དཀར་གནམ་གྱི་མཐའ)ཟེར་བ་ནི་བསྲུབ་ཀྱང་ཟུབ་རྒྱུ་མེད་པའི་བདེན་དོན་གྱི་སྐད་ཆ་ཞིག་རེད། དེའི་སྐབས་གནམ་གྱི་མཐའ་དེ་སྤྱིར་གནམ་མཐའ་ལ་ཟེར་བ་མ་ཡིན་པར་དབུས་གཙང་གི་ཤར་མཐའ་ལ་དེ་ལྟར་བོས་པ་རེད། ཀོང་བ་ལའི་ཚུར་ནང་ནས་མེ་གྲོ་གོང་དཀར་དང་ཏག་ཏག་ཐུག་ཡོད་པས་ས་མཚམས་གཏམ་གྱིས་བཅད་པ་ལ་སེང་རས་ཤིག་གང་ནས་སྒྲུག

  24. ཀ་དག་ཆོས་དབྱིངས། says:
    2012-02-26 at 9:59 am

    ཁྲག་འཐུང་ཧེ་རུ་ཀ་ཁྱོད་རང་སྨྱོན་པ་དང་རྩ་མ་ཚང་བ་ཞིག་ལས་ཚེ་སྐྱིད་རྩ་ཚང་ནས་གནས་ཚུལ་འཁོད་སྤྲོད་བྱས་འདུག་པར་བོད་མིའི་དགའ་འོས་སུ་མཆིས། འདི་ནའང་ལུང་ཚན་འཐེན་འཁྱེར་གྱིས་སྐད་ཆ་ཞིག་ཤོད་དགོས་ཡག་གི་གནད་དོན་གང་ཡང་མི་འདུག། ཨ་མདོའི་མིང་བྲིས་པས་ཁེ་སང་དང་མ་བྲིས་པས་གྱོང་གུད་ཞིག་གང་ཡང་ཡོད་ལི་མ་རེད། ངོ་མ་མི་འདི་ཕྱོགས་ག་རིས་ཀྱིས་མིག་ལྡོང་པ་ཞིག་ཡིན་པར་ཁོ་ཐག་ཆོད་ཡ། ཤ་ཚ། སྙིང་རྗེ།

  25. ཀླུ་བཙན says:
    2012-02-26 at 11:13 am

    ཁྱེད་རྣམས་པས་བོད་དོན་དང་སྒེར་དོན་མཉམ་དུ་བསྒྲགས་དགོས་དོན་མི་འདུག་སྙམ་ཆོལ་ཁའི་སྐད་ཆ་དེའང་ཉུང་དུ་བཏང་ན་བཟང་གི་་་་་་་་

  26. ཨ་ར་དཀར་པོ says:
    2012-02-26 at 12:24 pm

    དྲ་འབུ་འདི་ཚོས་རྩོད་མི་དགོས་པ་ཞིག་རྩོད་ཀྱིན་འདུག ངོ་མ་དྲ་འབུ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme