Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དྲན་ཚུལ།

Posted on 2013-01-272013-01-27 By ཁ་བརྡ་ 5 Comments on ཕ་ཡུལ་དྲན་ཚུལ།

གཅན་འོད་འབར།
—–འདྲ་པར་ཞིག་གིས་བསླངས་པའི་སེམས་ཚོར་རྣོན་པོ།

༡༽
ཕ་ཡུལ་གྱི་ངོ་གདོང་མ་མཐོང་བར་ལོ་ཟླ་ག་ཚོད་ཅིག་མིག་ལམ་ནས་ཐོལ་གྱིས་བཞུད་སོང་བ་རང་ལ་ཡང་གསལ་པོ་ཞིག་འཆད་རྒྱུ་མི་འདུག་མོད། ཕ་ཡུལ་ཞེས་དུངས་དུངས་ཀྱིས་གླེང་ཐེངས་རེར་དང། ཕ་ཡུལ་ཞེས་དགའ་དགའ་ཡིས་བསམ་དུས་རེར་ཡིད་སེམས་ནས་སྨྲ་མི་ཤེས་པའི་ཚོར་འདུ་དྲག་པོ་ཞིག་འཕྱུར་ཡོང་བ་ནི་སུས་ཀྱང་འགྲེལ་དཀའ་བའི་ལྐོག་གྱུར་གྱི་གབ་ཚིག་ཅིག་རེད། ཡང་སྙིང་ཕ་ཡུལ་ནི་བདག་གི་ལུས་པོ་དང་ཁ་ཐག་རིང་ཡང་སེམས་པ་དང་ཁ་ཐག་ཉེ་པའི་འཇིག་རྟེན་དེ་རེད་ལ། ཡང་སྙིང་ཕ་ཡུལ་ནི་མིག་ཟུང་ནས་ཡུན་རིང་ལ་བོར་ཡང་སྙིང་ཁོང་ན་དུས་གཏན་དུ་འཇགས་ཡོད་པའི་དག་ཞིང་དེ་ཡང་རེད་ལགས།

༢༽
ད་ལྟ་ཕ་ཡུལ་གྱི་སྣང་བརྙན་ནི་མིག་ལ་རབ་རིབ་ཅིག་དང་། སེམས་ལ་མག་མོག་ཅིག་ལས་མ་འདས་མོད། ཕ་ཡུལ་ལ་དགའ་བའི་སེམས་པ་དང་། ཕ་ཡུལ་ལ་དུངས་བའི་ཚོར་བ་ནི་དུས་བཞིའི་ཁ་ཆར་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ལ། ལོ་ཟླའི་གཙང་བོའི་རླབས་ཕྲེང་གིས་འཁུར་མི་ནུས་ཏེ། ཕ་ཡུལ་ནི་ནམ་ཡང་སེམས་པ་དང་འབྲལ་ཐབས་བྲལ་བའི་བག་ཆགས་ཀྱི་གཏིང་རུམ་ལ་ཟུགས་པའི་དྲན་ཤིང་གསོན་པོ་དེ་ཡིན་ལ། ཕ་ཡུལ་ནི་དུས་རྒྱུན་ཚེ་སྲོག་དང་དབྱེ་པར་དཀའ་བའི་ཤ་ཁྲག་རུས་གསུམ་གྱི་བར་གསེང་ན་དལ་མེད་རྒྱུ་པའི་ཚོར་བ་ཕྲ་མོ་དེ་ཡང་ཡིན་པས་སོ།།

༣༽
ཆུང་དུས་ཕ་ཡུལ་དུ་ཡོད་པའི་མི་ཚེའི་དྲན་ཤིང་ནི་ཧ་ཅང་ཉུང་ཉུང་ཞིག་ཡིན་པས། ཕ་ཡུལ་གྱི་རི་ལུང་ནགས་གསུམ་གྱི་ཁ་དོག་དང་། ཡུལ་སྡེའི་ཆགས་དབྱིབས། རི་ཆུའི་བཏགས་མིང་སོགས་ཀྱང་ད་ལྟ་ཡིད་ལ་ལ་ལ་ཞིག་ཤིན་ཏུ་གསལ་པོ་དང། ལ་ལ་ཞིག་ཧ་ཅང་རབ་རིབ། ཡང་ལ་ལ་ཞིག་དྲན་པའི་ངོགས་ནས་གཏིང་བརྗེད་དུ་ཕྱིན་པ་ཡང་མང་པོ་འདུག་ལ། ཕ་ཡུལ་གྱི་ཡུལ་མི་ཁྱིམ་མཚེས་ཚོའི་ཁ་གྲངས་དང་། ཆུང་དུས་ཀྱི་རྩེད་རོགས་ཚོའི་ངོ་གདོང་དང་གཅེས་མིང་སོགས་ཀྱང་ད་ལྟ་᪙ལ་ཆེར་སེམས་ངོས་སུ་འགའ་ཤས་ཤིག་ཧ་ཅང་གསལ་ལ། འགའ་ཤས་ཤིག་ཤིན་ཏུ་མི་གསལ་བ་འདི་ངེད་ཅག་གི་ལུས་པོའི་ཁ་ཐག་རིང་པས་ཡིན་ནམ། ཡང་ན་བདག་གི་ལུས་སེམས་རྒ་བཞིན་པས་ཡིན་ནམ། གང་ལྟར་ཕ་ཡུལ་ནི་ད་དུང་མིག་ལ་ཡང་ཡང་འཁོར་ཞིང་། ཡིད་ལ་ཡང་ཡང་དྲན་པའི་བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་དེ་ཡིན་ནམ། ཡང་ན་དེ་ལས་བཟློག་པའི་འཆར་སྣང་གཞན་ཞིག་གིས་བསྐྲུན་པའི་གསང་བའི་གྲུ་ག་ཞིག་ཡིན་ནམ།

༤༽
ཕ་ཡུལ་མ་མཐོང་བའི་ལོ་ཟླ་མང་པོ་ཞིག་འདས་རྗེས་ཀྱི་དེ་རིང་། མཛེས་སྡུག་གིས་བླངས་པའི་འདྲ་པར་ཞིག་ལས་ཕ་ཡུལ་གྱི་གྲུ་ཟུར་ཆུང་ཆུང་ཞིག་གི་མཛེས་ལྗོངས་མིག་ལ་རྒྱུ་བྱུང་། འདྲ་པར་གྲུ་བཞིར་དེའི་ནང་དུ་འཐིམས་པའི་ཡུལ་ལྗོངས་དེ་ནི་ལོ་ངོ་གང་མང་ཞིག་གི་ཡར་སྔོན་ནམ། ཡང་ན་ཆུང་དུས་སློབ་གྲྭར་འགྲོ་དུས་སུ་དྲན་པའི་ཡིད་ངོར་འཇགས་པའི་ས་ཆ་ཞིག་ཡིན་མིན་ད་ལྟ་རང་གིས་ཀྱང་གཏན་འཁེལ་གྱིས་ཁ་ཚོན་གཅོད་མི་ཐུབ་པ་ཚོར་དུས། སེམས་ཁོང་ནས་ད་ནི་ཕ་ཡུལ་ཀྱི་བཞིན་རས་འགྱུར་སོང་བའམ་ཡང་ན་རང་ཉིད་ཀྱི་དྲན་ཤེས་ཉམས་སོང་བ་གང་ཡིན་མི་ཤེས་པའི་ཐེ་ཚོམ་གྱི་རྦ་རླབས་ཤིག་སེམས་ཁོང་ནས་དྲག་ཏུ་འཕྱུར་བྱུང། དེ་དུས་ཀྱི་ཕ་ཡུལ་དང་དེ་རིང་འདྲ་པར་ལས་མཐོང་བའི་ཕ་ཡུལ་གྱི་ཁྱད་པར་ནི་གནམ་དང་ས་རེད་ལ། དེ་དུས་ཀྱི་ངས་ཕ་ཡུལ་དྲན་སྟངས་དང་ད་ལྟའི་ངས་ཕ་ཡུལ་བསམ་ཚུལ་གཉིས་ཀྱི་དབྱེ་བ་ཡང་མེ་དང་ཆུ་རེད། ད་ལྟ་སེམས་ཁོང་གི་ཕ་ཡུལ་དེ་ཕལ་ཆེར་མིག་གོང་གི་ཕ་ཡུལ་འདི་འདྲ་ཞིག་ཨེ་ཡིན་ནམ། ཡང་དེ་དང་ཆ་མི་མཚུངས་བའི་སྣང་བརྙན་གཞན་ཞིག་ཨེ་ཡིན་སྙམ་ནས་རང་ཉིད་ཀྱི་མིག་ཤེས་དང་དྲན་བཞིན་ལ་ཡང་བསྐྱར་ཞིབ་བཤེར་ཞིག་བྱེད་དགོས་བྱུང།

༥༽
དེ་དུས་སློབ་གྲྭ་ནས་ཕ་ཡུལ་ལ་འཐེན་པའི་ལམ་ཕྲན་ཧ་ཅང་རིང་ཞིང་ཀྱག་ཀྱོག་ཆེ་ནའང། དཀའ་ལས་ཁག་པའི་སྣང་བ་ཞིག་ནམ་ཡང་བྱུང་མ་མྱོང་ལ། དབྱར་དགུན་གྱི་གུང་གསེང་སླེབས་ཐེངས་རེ་དང། རེས་གཟའ་རེའི་ངལ་གསོའི་གནང་བ་གཏོང་དུས་རེར། རི་ཆུས་བཅད་པའི་ལམ་ཐག་གི་རིང་ཚད་ལ་མི་འཛེམས་ཤིང། ལ་དགུ་ལུང་དགུ་བརྒལ་དགོས་པའི་དཀའ་ངལ་ཡང་མི་བསམ་པར་ཕ་ཡུལ་དུ་ཡང་ཡང་ལོག་ཅིང་ཡང་ཡང་འགྲོ་བ་ནི་ཆེས་སྐྱིད་སྣང་ལྡན་པའི་ལས་དོན་ཞིག་ཡིན་པ་ད་དུང་ཡང་ཡིད་ལ་དྲན་གྱི་འདུག ད་ལྟ་འདི་ལྟར་བསམ་གཞིགས་ཀྱི་མདུད་པ་ལྷོད་པོར་གྲོལ་ནས་ཕྱིན་དྲན་གྱི་སེམས་པ་འདས་ཟིན་པའི་ལོ་ཟླར་གཏོད་དུས། དེ་དུས་སློབ་གྲྭའི་ཁོར་ཡུག་ཇི་འདྲའི་སྐྱིད་ཀྱང་། རྫོང་ཐོག་གི་རྣམ་པ་ཇི་འདྲའི་མཛེས་ན་ཡང་སེམས་པ་ཆུང་ཆུང་འདི་དེང་རབས་ཀྱི་དཔལ་ཡོན་འབར་བའི་སློབ་གྲྭ་དང་གྲོང་བརྡལ་གྱི་འཚོ་བ་ལ་མི་ཆགས་པར་ས་རྡུལ་གྱིས་བཏུམས་པའི་རོང་མ་འབྲོག་གི་ཕ་ཡུལ་ལ་ཤོར་འགྲོ་བ་ནི་དངོས་ནས་ཡ་མཚན་ཞིག་རེད་འདོད། ཕ་ཡུལ། ནོར་ལུག་གི་ངུ་དབྱངས་གང་སར་ཁྱབ་པའི་ཕ་ཡུལ། མ་ཡུལ། འབྲུ་དྲུག་གི་སྙེ་མ་གང་སར་འཐོར་བའི་མ་ཡུལ། ཕ་ཡུལ། ནང་དགོང་ལ་དལ་བ་མེད་པར་གནས་པའི་ཕ་ཡུལ། མ་ཡུལ། དུས་བཞིའི་འགྱུ་བག་ཁྲོད་ན་ངང་གིས་གཟིམ་པའི་མ་ཡུལ།

༦༽
ཕ་ཡུལ་དུ་ལོག་པའི་ལམ་བར་དུ་གྲོང་དང་གྲོང་སྡེ་མང་པོ་ཞིག་བསྐོར་དགོས་ལ་བརྒྱུད་ཀྱང་དགོས་པས། དེ་དུས་གྲོང་དང་གྲོང་སྡེ་དག་བརྒྱུད་ནས་འགྲོ་དུས་སུ་དྲན་པའི་མཁའ་དབྱིངས་ངོས་ལ་ནམ་ཡང་བརྗེད་ཐབས་བྲལ་བའི་ཕྱིན་དྲན་གྱི་རྡོ་རིང་མང་པོ་ཞིག་བསླངས་མྱོང་ཡོད་པ་ནི་ལམ་སྐེད་དུ་ཆགས་པའི་ཁྱིམ་ཚང་ཚོའི་ར་སྐོར་དང་སྡོང་རའི་ནང་དུ་མཆོངས་ནས་སིལ་ཏོག་དང་མ་རྨོས་ལོ་ཏོག་སོགས་རྐུན་མ་བརྒྱབ་ནས་ཡུལ་ལ་འཁུར་ནས་སོང་བའི་དངོས་བྱུང་གི་གཏམ་རྒྱུད་དེ་དག་རེད་ལ། ད་དུང་ཁྱིམ་བདག་གིས་ཤེས་ནས་ལེ་དབར་མང་པོ་ཞིག་ལ་ལག་ཁྱུའི་སྤྱང་ཀིས་འདེད་པ་བཞིན་གང་སར་བདས་བའི་འཚོ་བའི་གློག་བརྙན་དེ་དག་ཀྱང་རེད་ལགས། བྲབ་ཚགས་ཀྱི་གཤིས་ཀ་དང་བསམ་མ་ཤེས་པའི་བྱ་སྤྱོད་དེ་དག་ཡིད་ལ་དྲན་དུས་སེམས་ནས་འགོག་མི་ཐུབ་པའི་སྤྲོ་སྣང་གི་གད་མོ་རེ་ངང་གིས་ཤོར་ཡོང་ལ་མིག་ནས་ཕྱིས་མི་ཚར་བའི་དགའ་སྐྱིད་ཀྱི་མཆི་མ་ཡང་ལྷོད་ཀྱིས་ཟགས་ཡོང།

༧༽
ཕ་ཡུལ་ཡ་མ་ཡུལ། ཁྱོད་ནི་བརྗེད་ཐབས་བྲལ་བའི་ཕྱིར་དྲན་གྱི་ཡོལ་བའི་ངོགས་སུ་སྦས་བའི་ངོ་གདོང་རལ་ཧྲུལ་དེ་ཡིན་ནམ། སོས་དཀའ་བའི་དྲན་གདུང་གི་རྨ་ཁ་ཟབ་མོ་དེའི་་གཏིང་དུ་འཁྱིལ་བའི་རྣག་ཁྲག་དེ་ཡིན་ནམ། ཡང་ན་རྫོགས་རྒྱུ་མེད་པའི་རེ་སྒུག་གི་རྨི་ལམ་མག་མོག་དེའི་རྒྱབ་ཏུ་ཡིབ་པའི་ཐག་རིང་གི་དག་ཞིང་དེ་ཡིན་ནམ། མཚམས་རེར་ཁྱོད་རང་ལུས་སེམས་དང་ཧ་ཅང་ཁ་ཐག་རིང་ཞིང་ལན་རེར་ཁྱོད་རང་ལུས་སེམས་དང་ཤིན་ཏུ་ཁ་ཐག་ཉེ་དོན་ཅི་ཡིན་ནམ། ཡང་སྙིང་ཕ་ཡུལ་ནི་སུ་ཞིག་གི་མིག་ལམ་ན་རྒྱུས་ཡོད་ནས་རྒྱུས་མེད་དུ་འགྱུར་གྱིན་པའི་དྲན་པའི་མེ་ལོང་ངོས་ཀྱི་གཟུགས་བརྙན་རྙིང་པ་དེ་ཡིན་པས་ཡིན་ནམ། ཡང་ན་གང་ཞིག་གི་སེམས་ཁོང་ན་རྒྱུས་མེད་ནས་རྒྱུས་ཡོད་དུ་སྣང་གིན་པའི་དེ་རིང་གི་འདྲ་པར་ངོས་ཀྱི་ངོ་གདོང་གསར་པ་དེ་ཡིན་པས་ཡིན་ནམ། གང་ལྟར་ཕ་ཡུལ། མེས་པོ་ཚོས་བླ་སྲོག་གིས་བསྐྲུན་པའི་སེམས་ཁོང་གི་ཕ་ཡུལ། མ་ཡུལ། རྗེས་རབས་པས་ཤ་ཁྲག་གིས་འཚོ་བའི་སྙིང་ཁོང་གི་མ་ཡུལ། ང་ནི་ནམ་ཡང་ཁྱོད་ཡིན་ལ་ཁྱོད་ནི་གཏན་དུ་ང་ཡིན་ལགས།།

རྩོམ་རིག

Post navigation

Previous Post: ང་། མེར་འབར་ངེས།
Next Post: བོད་མིས་ཉ་ཟས་སྤྱོད་མིན་གྱི་དཔྱད་བརྗོད།

Comments (5) on “ཕ་ཡུལ་དྲན་ཚུལ།”

  1. པཀྵི says:
    2013-01-27 at 3:00 pm

    ཁྱོད་ཀྱི་ཕ་ཡུལ་གང་ནས་ཡིན་ངས་མི་ཤེས་མོད། ཚོད་དཔག་བྱས་ན་གཅན་ཚ་ཞིག་གི་ཡིན་པ་འདྲ། རེད་ཡ། ཕ་ཡུལ་དེ་ང་ཚོའི་སེམས་ན་ཡོད་པའི་བྱིས་དུས་ཀྱི་ཕ་ཡུལ་དེ་འདྲ་ཞིག་མ་རེད། ད་ལྟ་དངོས་སུ་ཕ་ཡུལ་ལ་སོང་ན་སྔར་སོང་ནས་རྫོགས་རྒྱུ་མེད་པའི་ལམ་ཁ་དེ་དག་ཀྱང་། ཐུང་ཐུང་ཞིག་ལས་མི་འདུག་ལ། སྔར་སྒང་མཐོན་པོ་ཞིག་ཏུ་བསམས་མྱོང་བའི་ཕ་ཡུལ་གྱི་སྤང་རི་དེ་དག་ཀྱང་དེའུ་འབུར་ཞིག་ལས་མི་འདུག ལྷག་ཏུ་གཅན་ཚར་རྨ་ཆུ་བསྐྱིལ་ཚར་འདུག་པས་སྔར་གྱི་རྨ་ཆུ་ཁའི་ས་ཆ་གང་མང་ཞིག་ཆུ་ལ་དིམ་ཚར་འདུག་པས་དེས་ཀྱང་ས་ཆའི་རྣམ་པ་གང་འཚམས་བསྒྱུར་ཚར་འདུག ཡར་རྒྱས་ཟེར་དགོས་སམ་གང་ལྟར་སྡོད་ཁང་མང་པོ་བསླངས་འདུག ཡར་རྒྱས་གྲལ་དག་གཙང་མ་ཞིག་སོང་མི་འདུག སྐྱོན་དང་ཡོན་ཏན་གང་ཡིན་མི་ཤེས་མོད། གྲོང་གསེབ་པ་ཆ་རྐྱེན་ཏོག་ཙམ་ཡོད་མཁན་ཚོ་ཚང་མས་རྫོང་ཐོག་ནས་ཁང་པ་ཉོས་ནས་གནས་སྤོ་རྒྱུའི་འགུལ་བསྐྱོད་ཅིག་ལངས་འདུག ས་གནས་གཞུང་ནས་ཀྱང་ཆ་རྐྱེན་མེད་མཁན་རྣམས་ལ་ས་ཆ་སྤྲད་ནས་ཁང་པ་མང་པོ་བརྒྱབ་འདུག དེ་བས་གཅན་ཚ་ན་བོད་མི་མང་པོ་འདུག་པས། ང་སྔོན་མ་སློབ་གྲྭར་འགྲོ་དུས་བསམས་མྱོང་བའི་”རྒྱ་གྲོང”་གི་རྣམ་པ་དེ་ཡང་འགྱུར་འདུག འདིས་ང་ལ་དགའ་སྣང་གི་ཚོར་བ་དམིགས་བསལ་ཞིག་སྤྲད་སོང་།

  2. པད་བཀྲ། says:
    2013-01-27 at 8:53 pm

    ངོ་མ་ཡག་པོ་འདུག

  3. གཅན་འོད་འབར། says:
    2013-01-27 at 10:53 pm

    རེད་རེད། དེ་འདྲ་ཞིག་རེད། འདི་ད་མིག་ལ་འཁོར་བའི་ཕ་ཡུལ་དང་སེམས་ལ་དྲན་པའི་ཕ་ཡུལ་གཉིས་ཀྱི་འགྱུ་བག་གི་ཁྱད་པར་དེ་རེད། ངའི་ཕ་ཡུལ་གཅན་ཚ་ནས་ཡིན། གཅན་ཚའི་འགྱ་ལྡོག་ཀྱང་ཁྱོད་ཀྱིས་བརྗོད་པ་དེ་འདྲ་ཞིག་རེད། ངེད་ཚང་ལྟ་བུའི་ཞིང་འབྲོག་འདྲེས་མའི་ཁྱིམ་ཚང་མང་པོ་ཞིག་ཀྱང་རྨ་ཆུ་ཁར་སྔར་ནས་གནས་སྤོ་བྱས་ཟིན་པ་རེད། ད་ལྟ་སྔོན་ཆད་ས་རྡུལ་ཁྲོད་ཀྱི་ཕུ་ཡུལ་གྱི་དྲན་པ་རབ་རིབ་ཅིག་ལས་གཞན་དེ་རིང་ཁ་སང་གི་སྣང་བརྙན་དེ་དྲན་གྱི་མི་འདུག གང་ལྟར་ཁྱེད་གཉིས་ཕེབས་པར་དགའ་བསུ་ཞུ།

  4. བྱ་ལེ་མོ says:
    2013-01-28 at 9:37 am

    ངོ་མོ་ཡག་མོ་བྲིས་འདུག་་་རྩོམ་ཐུང་འདི་ཀློག་ཡོང་དུས་་་་སྔར་སོང་གི་ལོ་ཟླ་དང་ཚུར་ཡོང་བཞིན་པའི་དུས་འགྱུར་སོགས་རེ་རེ་བཞིན་གསལ་བོ་ཞིག་མཐོང་རྒྱུ་འདུག་་་་ཐུགས་རྗེ་ཆེ་ཞུ་་་་་

  5. བྱ་ལེ་མོ says:
    2013-01-28 at 1:01 pm

    གུས་པར་འོས་གཅན་འོད་འབར་ལགས་་་་ཁྱེད་ཀྱིས་གོང་དུ་སྤེལ་བའི་རྩོམ་ཡིག་རྒྱ་ཡིག་ཏུ་སྒྱུར་ཟིན་པས་་་་་སྒྱུར་ཟིན་པ་དེ་གཤམ་གསལ་བཀོད་པའི་ངོ་དེབ་དྲྭ་ཚིགས་ནས་ཀློག་ཐུབ
    https://www.facebook.com/aliensmith

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (100)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (41)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme