Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དུ་ལོག་འགྲོ།

Posted on 2012-04-26 By དབང་ཕྱུག་ 1 Comment on ཕ་ཡུལ་དུ་ལོག་འགྲོ།

བློ་གྲོས་རབ་བརྟན།

གྲོགས་པོ་རྣམ་པ།ང་ཕ་ཡུལ་དང་བྲལ་ནས་ལོ་བཅུའི་རྗེས་སུ།ངའི་ཕ་ཡུལ་ལ་བཟང་ངན་གྱི་འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་སོང་།མང་ཆེ་བ་ངན་ཕྱོགས་ཀྱི་འགྱུར་ལྡོག་རེད།འགྱུར་ལྡོག་དེ་ཡང་རང་ཉིད་ལ་རང་ཚུགས་མེད་པ་དང་དེའི་ཁར་རྒྱ་གཞུང་གི་ངན་གྲོགས་ཚབས་ཆེ་བས་རེད།
ངའི་ཕ་ཡུལ་གྱི་མི་རྣམས་འཐོར་སོང་།རང་ས་བཞག་སོང་།རྒྱ་མི་སྡོད་སར་བཞག་སོང་།ངའི་ཕ་ཡུལ་གྱི་མི་རྣམས་རྒྱ་གར་དང་བལ་ཡུལ།འབྲུག་ཡུལ།ཨ་རི་དང་ཁ་ན་ཏྲ།ཡོ་རོབ་སོགས་སུ་ཁེ་རྒྱང་གིས་འཚོ་བཞིན་ཡོད།ཁོང་ཚོས།ཕ་ཡུལ་ལ་རྒྱང་ལྟ་རེ་དང་།ཕ་ཡུལ་ལ་ཨང་ཉན་རེ།ཕ་ཡུལ་ལ་སེམས་ཁུལ་རེ།ད་དུང་ཕ་ཡུལ་ལ་ཁ་པར་རེ།དེའི་ནང་དུ་ཡུལ་ལ་ཞེན་པའི་སྐད་ཆ་རེ།ཉན་ཐེངས་རེ་ལ་བསད་སོང་།བཟུང་སོང་།རྡུང་སོང་།བཀག་སོང་།གཏུབ་སོང་།བསྔོག་སོང་།བདས་སོང་།སྟོང་སོང་།སྒོ་བརྒྱབ་སོང་།འདི་དག་རེད།འདིས་ཅི་ཞིག་སྟོན་གྱིན་ཡོད།ངའི་ཕ་ཡུལ་གྱི་གནས་སྟངས་སྟོན་གྱིན་ཡོད།

ང་ཕ་ཡུལ་ལ་ལོག་ན་འདོད།རྒྱ་གཞུང་གི་ལག་འཁྱེར་འོག་ང་དང་༧གོང་ས་མཆོག་ངེད་གཉིས།ཕྱི་ལོག་ཕྱི་ལོག་ཅིག་ནས།སྐད་ཆ་ཆེན་པོ་ཆེན་པོ་དག་གནམ་ལ་སྒྲོག་འདོད་མེད།བསམ་བཞིན་བསམ་བཞིན།ཕ་ཡུལ་དྲན་པ་ཇེ་མང་ཇེ་མང་རེད།མི་སུ་ཞིག་ཡིན་ཡང་།རང་ཡུལ་་ཞིག་དང་རང་ཁྱིམ་ཞིག་ཡོད།ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་།སྤུན་ཟླ་དང་ནང་མི།ཁྱིམ་གྱི་བརྩེ་བ་དྲོན་པོ་དག།ང་ལ་དགོས་ཀྱིན་ཡོད་ཅིང་།ཧ་ཅང་གི་ང་ལ་མཁོ།འདི་དག་མེད་ན་འཚོ་བ་ཙག་འཁྱགས་རེད།མི་ཡུལ་སྡུག་བསྔལ་རེད།འདི་རྒྱ་གཞུང་གིས་འགོག་མི་ནུས།དེའི་ཆེད་དུ།དེའི་དོན་དུ།ང་ཕ་ཡུལ་ལ་ལོག་དགོས།

༧གོང་ས་མཆོག་ཀྱང་ཕ་ཡུལ་ལ་ལོག་འདོད།དེ་ལོས་ཡིན།ས་རྡོག་རྡོག་འདིའི་སྟེང་ན།དངོས་གནས་དྲང་གནས།༧གོང་ས་མཆོག་ལ་དགའ་མཁན་དང་དད་མཁན།གསུང་བརྩི་མཁན།རྒྱབ་མདུན་མེད་མཁན།སུ་དག་རེད་ཅེས་ན།ངའི་ཕ་ཡུལ་ན་ཡོད་པའི་ངའི་སྤུན་ཟླ་དག་རེད།འདི་ཚོས་ལོ་ངོ་ལྔ་བཅུའི་རིང་ལ་ཁོང་ལ་སྒུག་ཅིང་།ཁོང་ལ་བལྟས་ནས་བསྡད།ཁོང་དང་མཇལ་ཐུབ་པའི་གསོལ་འདེབས་ཆད་མ་མྱོང་།ཁོང་གི་ཆེད་དུ་གཅེས་པའི་ཚེ་སྲོག་གིས་འབོད་པ་བྱས།འདི་ལྟར་བྱེད་དོན་ཅི་རེད།ཁོང་ཚོས་གནས་ལུགས་ཤིག་རྟོགས་ཡོད།ཁོང་ཚོས་ཟབ་དོན་ཞིག་ཤེས་ཡོད་པས་རེད།འདི་༧གོང་ས་མཆོག་གིས་ཀྱང་མཁྱེན་གྱིན་ལོས་ཡོད།དེའི་རྐྱེན་གྱིས།ཁོང་ཚོ་༧གོང་ས་མཆོག་ལ་ཐུག་དགོས།༧གོང་ས་མཆོག་གིས་ཀྱང་ཁོང་ཚོར་བསླབ་བྱ་གནང་དགོས།ཞབས་ཞུ་བསྒྲུབ་དགོས།དེར་བརྟེན་༧གོང་ས་མཆོག་ངའི་ཕ་ཡུལ་དུ་ལོག་དགོས།ངའི་ཕ་ཡུལ་ལ་ཁྱོད་ཁོ་ན་མཁོ།ཁྱོད་ལ་མཁོ་བ་ཡང་ཁོང་ཚོ་ཁོ་ན་ཡིན།

ངའི་ཕ་ས་དྲོན་པོ་དེ་ང་སྐྱེ་རེད་ལ། ང་འཚར་སའང་རེད། སྐབས་ཤིག་ག་རེ་བྱས་ནས་ང་ཁྱོད་དང་རིང་དུ་གྱེས་པ་རེད། ངས་ག་རེ་བྱས་ནས་ཁྱོད་བཞག་པ་རེད། གང་ལྟར་ཡང་ང་སྐྱེ་ས་དང་འཚར་ས་འང་ཁྱོད་ཀྱི་པང་ཁ་རེད། ང་ངེས་པར་དུ་ཤི་ས་འང་ཁྱོད་ཀྱི་པང་ཁ་ཡིན་དགོས།

ཕ་ཡུལ་བཞག་ནས་གཞན་ཡུལ་ནས་དཔའ་གཏམ་བཤད་ལ།ངོ་ཚ་སོང་།ཡིད་གནོངས་སོང་།འཇོན་མ་སོང་།ད་དུང་འཛམ་གླིང་ལ་བྱུས་གཏོགས།རྒྱ་ནག་ལ་དཔྱད་བརྗོད།ཚིག་སྐམ་པོ་བང་བསྒྲིགས་ཏེ།མཁས་མདོག་རེ་དང་།སྐྱོན་བརྗོད་རེ།རང་ཉིད་ལ་བཞུགས་ཁྲི་རེ།ཨོ་ད་འགྲིག་སོང་།དངོས་གནས་དྲང་གནས་འགྲིག་སོང་།ལོག་འགྲོ།ཕ་ས་དང་ཕ་ཡུལ་ཡོད་མཁན་ཡིན་ན་ལོག་འགྲོ།རང་ཁྱིམ་དུ།རང་ཡུལ་དུ།

རྩོམ་རིག

Post navigation

Previous Post: འཇིགས་ལ་ཉེ་བའི་ཕ་ཡུལ་གཅན་ཚའི་མཛེས་ལྗོངས།
Next Post: ཞི་བའི་འཐབ་རྩོད། རོགས་སྐྱོར་མཉམ་ཞུགས། ཐུག་འཕྲད། ཞལ་འདེབས། ༢༡_༢༥།༤།༡༢

Comments (1) on “ཕ་ཡུལ་དུ་ལོག་འགྲོ།”

  1. བཙན་སྒྲ says:
    2012-04-27 at 11:38 am

    ཁྱེད་ཀྱི་སྐད་ཆ་བཞིན་ངའང་ཕ་ཡུལ་ལ་ལོག་ན་འདོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme