Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁའ། གྲིབ་གཟུགས།

Posted on 2013-03-142013-03-14 By ཁ་བརྡ་ 3 Comments on ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁའ། གྲིབ་གཟུགས།

ཕ་ཡུལ།
གྲང་རླུང་སིར་སིར།
འགྲོ་ལམ་ཀྱག་ཀྱོག
ད་དུང་སྣུམ་ཤིག་ཤིག་གི་རྡོ་ཧྲུག་དང་གཙང་ཆུའི་རླབས་རྒྱུན་དག་ནི།
ཕ་ཡུལ་གྱི་སེམས་པ་དག་གི་ངོགས་སུ།
ནམ་ཡང་འབུར་རྐོས་རི་མོ་བཞིན་གསལ་ལྷམ་མེར་བཀྲ་ནས་ཡོད།

ཕ་ཡུལ་གྱི་རླུང་བུ་རྔུབ་ལེན་བགྱི་བར་དོགས་ཟོན་བགྱི་དགོས་མེད།
ཕ་ཡུལ་གྱི་དྭངས་ཆུར་ཧུབ་གསུམ་རྒྱག་པར་འཁྲུལ་ཚགས་ཀྱི་དགོས་ཁོ་དེ་བས་མེད།
ཕ་ཡུལ་གྱི་གནམ་སྔོན་པོ་དང་སྤྲིན་དཀར་པོ།
ཕ་ཡུལ་གྱི་རི་ཆུ་འཕྲང་གསུམ།
ད་དུང་གངས་དཀར་ལྷུན་པོའི་འགྱིང་ཉམས་དག་ནི།
སྔར་བཞིན་བརྟན་ལྷིང་ངེར་རང་བྱུང་གི་མཛེས་པ་ངོམ་གྱིན་འདུག
སྔར་བཞིན་དྭངས་གཙང་དང་གདོད་མའི་རང་མདངས་མངོན་གྱིན་འདུག

སྤྲིན་དཀར་པོ་བསེར་བུས་གཞོག་འགྲོ་བ་དེ།
དུས་ཀྱི་འགྱུར་བ་མཚོན་གྱིན་ཡོད་དམ།
གཙང་པོའི་ཆུ་མོ་ཐུར་ནས་ཐུར་ལ་བཞུར་འགྲོ་བ་དེས་ཀྱང་།
འཕོ་འགྱུར་ཟེར་བ་དེར་འགྲེལ་རྒྱག་གིན་ཡོད་དམ།
གང་ལྟར་ཕ་ཡུལ་གྱི་སེམས་པ་དག་གི་ནང་རོལ་དུ།
ངའི་བྱིས་དུས་ཀྱི་དྲོ་སྣང་དེ་མི་འདུག
ངའི་བྱིས་དུས་ཀྱི་མ་བཅོས་པའི་འཛུམ་མདངས་དག་ཡལ་ཟིན་འདུག

སྤྲིན་པ་ཡར་བཞུད་དང་མར་བཞུད་ཀྱི་བར་ནས།
གཙང་ཆུའི་ཐུར་མཆོང་གི་རླབས་རྒྱུན་གསེང་ནས།
ཕ་ཡུལ་གྱི་སེམས་པ་དག་བསླུ་བྲིད་གཞན་ཞིག་གི་འོག་ཚུད་ཟིན་འདུག
གང་ལྟར་ཕ་ཡུལ་གྱི་སེམས་པ་དག་གིས།
རང་བྱུང་གི་མཛེས་པ་དང་མ་བཅོས་པའི་འཚོ་བ་དག
སྔ་ས་ནས་བརྗེད་ཟིན་འདུག

ཕ་ཡུལ་གྱི་ནམ་མཁའ།
ཁ་སང་སྔོ་སང་ངེ་ཡིན་པའི་ཕ་ཡུལ་གྱི་ནམ་མཁའ་དེ།
དེ་རིང་ཅུང་མོག་པོ་ཡིན་པའི་སྤྲིན་པས་ཕྱེད་འགེབས་བྱས་འདུག

དེ་རིང་གི་ནམ་མཁས་རྣམ་འགྱུར་ཅི་འདྲ་ཞིག་བསྟན་རུང་།
ཁོ་བོས་ཕ་ཡུལ་གྱི་ནམ་མཁའི་ཉིན་གྱི་ཉི་འོད་དང་སྤྲིན་ཚོམ།
དྭངས་རླུང་བསིལ་མ། གངས་རིའི་དབུ་རྩེ་མཐིང་མདོག་ལ་འདྲེས་པའི་མཛེས་པ་དག
ནམ་ཡང་བརྗེད་ཐབས་མི་འདུག

གངས་རིའི་ཧྲག་བར་ནས་མཚན་མོའི་ཟླ་བ་ཆར་ཚུལ་དང་།
གཅེན་པོ་དང་ལྷན་དུ་སྐར་ཆེན་དང་སྨིན་དྲུག་མཛུབ་མོས་གྲངས་ཚུལ་དག་ནི།
དེ་བས་བརྗེད་ཐབས་མི་འདུག

ཉི་འོད་དྲོན་པོའི་འོག་ལྷོད་འཇགས་སེ་ཡིན་པའི་བདག་གི་ཕ་ཡུལ།
རླུང་འཚུབ་ཀྱི་ཤུར་སྒྲའི་ཁྲོད་འདར་སིག་སིག་ཡིན་པའི་བདག་གི་ཕ་ཡུལ།

བདག་གི་ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁས།
བདག་ལ་སྐྱོ་བ་དང་སྤྲོ་བ་འདྲེས་པའི་སྨྲེང་སེམས་ཤིག་དཀྱིལ་ནས་འོང་།

ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁས་་་་་་་་
………………………….
༡༩་༢་༢༠༡༣

སྙན་ངག

Post navigation

Previous Post: བདེ་སྲུང་བཀའ་བློན་མཆོག་གིས་ནིའུ་ཡོག་གྲོང་ཁྱེར་དུ་བསྩལ་བའི་གསུམ་བཅུའི་དུས་དྲན་གསུང་བཤད ༢ །
Next Post: ༧གོང་ས་མཆོག་ལ་ལྟ་སྟངས།

Comments (3) on “ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁའ། གྲིབ་གཟུགས།”

  1. ཨ་རོག says:
    2013-03-15 at 3:26 pm

    ཡག་་ཐོག་ཡག་བཞག་རེད་འདུག

  2. གྲིབ་གཟུགས། says:
    2013-03-15 at 11:02 pm

    ཨ་རོག་ནག་པོ་བྱོན་པ་ལེགས་སོ།།

  3. ཤར་ཕྱོགས་ཀྱི་འོད་སྣང་། says:
    2013-03-18 at 12:41 pm

    ཤིན་ཏུ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme