Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་ཏུ་བསྐྱོད་པའི་དངོས་བྱུང་ཟིན་ཐོ།

Posted on 2014-07-122014-07-12 By ཁ་བརྡ་ 13 Comments on ཕ་ཡུལ་ཏུ་བསྐྱོད་པའི་དངོས་བྱུང་ཟིན་ཐོ།

ཁང་ཟླ་སྲས།

དམར་པོ་སེམས་ཀྱིས་མྱངས་པའི་འཚོ་བ་དངོས། །
བདེན་གཏམ་སྨྱུ་གུའི་ཁ་ནས་ལུད་པ་ན། །
ཅོལ་ཆུང་སྐྱེས་བུས་བཏབ་པའི་ཀུ་ཅོ་སོགས། །
ཕལ་བའི་ཚིག་ལ་བརྡ་ལན་ཡོད་མ་ཡིན ། །

དང་པོ། མཁའ་ལམ་གྱི་གླེང་མོལ།

ཕྱི་ལོ་༢༠༡༣ ལོར་ཁོ་བོས་ལོ་བདུན་བརྒྱད་རིང་རེ་སྒུག་བྱེད་མྱོང་བའི་ལམ་ཡིག་ཅིག་སྟེ། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་དུ་གཉེན་ཕྲད་འགྲོ་རྒྱུའི་ཡི་གེ་ཐོབ་པ་གོ་འཕྲལ། བསམ་གཞིགས་མང་པོ་ཞིག་བྱས་རྗེས་ད་གཟོད་ཡུ་རོབ་གླིང་ནས་རྒྱ་གར་དུ་ཡོང་བ་ཡིན། རྒྱ་གར་ཏུ་ཉིན་འགའི་རིང་བླ་མར་མཇལ་རྒྱུ་སོགས་གལ་ཆེའི་ལས་དོན་རྣམས་གྲུབ་ཕྲལ་བལ་ཡུལ་ནས་མཁའ་ལམ་བརྒྱུད་རྒྱ་ནག་ཁྲིན་འདུར་བསྐྱོད་མགོ་བརྩམས།
ཉིན་མོ་དེ་ནི་ཁོ་བོར་མཚོན་ན། ཆེས་བརྗེད་དཀའ་བའི་མི་ཚེའི་དྲན་ཤིང་ཞིག་སྟེ། དྲན་ཤིང་དེས་ཁོ་བོ་ཙམ་མིན་པར་བདག་དང་འབྲེལ་ཡོད་ཀྱི་མི་མང་པོ་ཞིག་གི་སེམས་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་སློང་ཐུབ་པའི་ཡིད་ཆེས་ཡོད། ཉིན་དེར་ངའི་སེམས་པ་ནི། དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་གིས་རྦད་དེ་གཅུན་ནས་འདུག་སྟེ། དགའ་དགོས་པའི་རྒྱུ་མཚན་ནི། མི་ལོ་བཅུ་བཞིའི་རིང་མ་མཇལ་བའི་བརྩེ་བའི་ཕ་མ་སྤུན་མཆེད་ཚང་མ་མཉམ་འཛོམ་ཡོང་རྒྱུ་ཡིན་པ་དང་། གཉིས་ནས་བོད་ཡུལ་སྤྱི་དང་། ལྷག་པར་ངའི་ཕ་ཡུལ་ཨ་མདོ་རྔ་བ་ནི་རྒྱ་ནག་གི་སྒེར་གཅོད་སྲིད་དབང་འོག་ཕྱོགས་གང་ནས་བལྟས་ཀྱང་ཡིད་སྐྱོ་བའི་གནས་སུ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་པས། ལག་འཁྱེར་འདིས་ང་ཕ་ཡུལ་ཏུ་སྐྱེལ་ཐུབ་བམ། ཡང་ན། རང་ཡུལ་ནས་ཕྱིར་རྒྱ་གར་ཏུ་བདེ་འཇགས་ངང་སླེབས་ཐུབ་ཨེ་ཡོང་སྙམ་པའི་སེམས་འཚབ་དང་། རེ་དོག་རྒྱུན་མར་ཡོད་པས་རེད།

གང་ལྟར་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་ནས་ལྡིར་སྒྲ་དང་བཅས་གནམ་གྲུ་མཁའ་དབྱིངས་འཕུར་བ་དང་ལྷན་དུ་གནམ་གྲུའི་སྒེའུ་ཁུང་ནས་གསལ་ལ་མི་གསལ་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཕྱོགས་སུ་དམིགས་ཏེ་ཐེངས་འདིའི་འགྲུལ་བཞུད་ལམ་སློང་ཡོང་བའི་སྨོན་ལམ་ཡིད་ཚིམ་པ་ཞིག་བཏབས་པ་ཡིན། ངའི་འགྲུལ་རོགས་རྒྱ་ནག་གི་རྒད་པོ་ཞིག་ཡོད་པ་དེས་ང་རྒྱ་མི་ཞིག་ལ་ནོར་བ་འདྲ། ཁོས་ང་ལ་རྒྱ་སྐད་ཀྱིས་དྲི་བ་ཞིག་བཏང་བྱུང་། ངའི་རྒྱ་སྐད་ཀྱི་ཆུ་ཚད་ཧ་ཅང་སྐྱོ་བོ་ཡིན་ནའང་། སྟབས་ལེགས་པ་ཞིག་ལ་ད་ཐེངས་ཏག་ཏག་ལན་འདེབས་བྱ་ཐུབ་པ་ཞིག་འཁེལ་སོང་བས། ངས་ཀྱང་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་བྱས་པ་ཡིན། ཁོས་ཁྱོད་རང་བལ་ཡུལ་ལ་ཅི་ཞིག་གི་དོན་དུ་སླེབས་པ་ཡིན་ཟེར།
ངས་ཀྱང་རང་ཉིད་ལོ་བཅུ་དྲུག་སྟེང་ནས་ས་མཐར་ཡོང་ཚུལ་དང་། རང་ཉིད་བོད་པ་ཡིན་ཚུལ། ད་ཐེངས་ལོ་བཅུ་བཞིའི་རིང་མ་ཐུག་པའི་དགེ་རྒན་དགུང་ལོ་གྱ་བཞིར་སོན་པ་དང་དེ་དང་། རྨོ་རྨོ་ལོ་བརྒྱད་ཅུར་སོན་པ་གཉིས་གཙོས་པའི་ནང་མིར་གཉེན་འཕྲད་དུ་འགྲོ་བཞིན་པ་སོགས་ཀྱི་སྐོར་ནས་འགྲེལ་བརྗོད་རིམ་པར་བྱས་པས། ད་གཟོད་ཁོས་མིག་སྤུ་གཟེངས་བཞིན་མགོ་བོ་གཡུག་གཡུག་བྱེད་ཀྱིན་འདུག མ་གཞི་ནས་ཁོང་ནི་འཆར་འགོད་པའི་ཁྱད་ལས་དབུ་ཁྲིད་པ་རྒན་གྲས་ཤིག་རེད་ལ། ད་ཐེངས་ལས་ཡོལ་བྱས་ཏེ་རང་གི་སྐུ་ཟླ་དང་ལྷན་དུ་བལ་བོར་ཡུལ་སྐོར་ལ་ཡོང་བ་ཞིག་རེད།

ཁོས་སྐད་གདང་དེ་ཙམ་བཟང་རྒྱུ་མེད་པའི་དབྱིན་སྐད་སྟེང་བཤད་རྒྱུར། དེང་སང་བོད་ནང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། རྒྱ་གཞུང་གིས་དེ་ཕྱོགས་ཀྱི་སྲིད་ཇུས་ལ་ནམ་ཞིག་འགྱུར་བ་གཏོང་དགོས་ངེས་ཡིན་ཚུལ་སོགས་ཅུང་གོ་རྒྱུ་ཡོད་པའི་ཁ་བརྡ་འགའ་ཞིག་གློད་བྱུང་ནའང་། ངས་དེ་དག་གི་ལན་དུ་ཐད་ཀར་རང་སེམས་ན་ལྷོག་ལྷོག་ཏུ་ཁོལ་གྱིན་པའི་སྐད་ཆ་དག་བཤད་མ་ཕོད་པར་རེ་ཞིག་མགོ་གུག་ཙམ་རེ་བྱས་ཏེ་འཁུན་སྒྲ་འདོན་བཞིན་བསྡད་པ་ཡིན། རྒྱུ་མཚན་ནི། འགྲུལ་བཞུད་འདིའི་ཁྲོད་དུ་ངའི་སེམས་པ་རེ་དོག་དང་། འཇིགས་ཡེར་གྱིས་ཁེངས་ནས་ཡོད་པ་དང་། ང་དང་ཅུང་ཐག་ཉེ་བའི་སྡོད་སྟེགས་ན་བོད་རྒྱ་མི་རིགས་གཉིས་ཀ་ཡོད་པས་རྒྱ་གར་དང་བལ་ཡུལ་ཏུ་ཡོད་པའི་བསམ་ཚུལ་དག་མངོན་སུམ་འཛེམ་མེད་ཀྱིས་ཐད་ཀར་སྒྲོག་ནུས་པ་ཞིག་ངོ་མ་རེད། རྒྱུ་མཚན་མང་པོ་མི་དགོས་ཏེ། དེ་ནི་ང་སྡར་མ་ཝ་འདྲ་ཞིག་ཡིན་སོང་བས་ལོས་ཡིན།

འོན་ཀྱང་། རྒད་པོ་དེའི་ཁ་བརྡ་དག་ལ་རིམ་གྱིས་རྣ་བ་གཏད་མཐར་ཁོ་ནི་དངོས་གནས་ཐལ་དྲགས་པའི་མི་རིགས་རིང་ལུགས་པ་ཞིག་མ་ཡིན་པར། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་། མི་རབས་དུ་མའི་རིང་ཤི་མ་གསོན་དུ་ལུས་པའི་ཀྲུང་ཀོའི་ཡོངས་ཁྱབ་ཡིན་ཐང་གི་གནས་བབ་གཉིས་ཀར་གཤིབ་བསྡུར་གྱིས་རྒྱ་ནག་ལ་གང་ཞིག་གིས་འདང་གི་མེད་པའི་སྐོར་ནས་གསུང་མཁན་ཞིག་རེད། དེ་བས་ཀྱང་ཞིབ་ཏུ་ཉན་སྐབས། གྲངས་ཉུང་མི་རིགས་ཙམ་མ་ཡིན་པར་ཧན་མི་རིགས་ལའང་རྒྱལ་ནང་དུ་མིའི་ཐོབ་ཐང་ཅི་ཙམ་ཡོད་མིན་གྱི་སྐོར་གསལ་པོར་བརྗོད་ཐུབ་མཁན་གྱི་གྲས་ཤིག་མིན་ནམ་སྙམ་པའི་ཚོར་སྣང་བྱུང་།
ད་དུང་ཁོས་ཁྱེད་རང་ལོ་ན་ཆུང་བའི་ཁར་དབྱིན་སྐད་ཀྱང་ཡག་པོ་རྒྱག་གི་འདུག་ཅེས་ང་ལ་ངོ་བསྟོད་དང་སྦྲགས། མ་གཞི་ནས་བོད་རིགས་ཚོས་དབྱིན་སྐད་བཤད་པ་རྒྱ་ནག་པ་ལས་བལྡབས་འགས་ལེགས་པོ་ཡོང་གི་འདུག

དེ་དངོས་གནས་ཁྱེད་རང་ཚོའི་འཇོན་ཐང་རེད་སོགས་མི་རིགས་གཞན་ལ་གུས་ཞབས་དང་ཤེས་ནས་དགའ་སྤོབས་ཐོབ་པའི་ཚོར་སྣང་འགའ་ཡང་ལྷུག་པོར་བསྟན་བྱུང་བས། ངའི་སེམས་པ་དང་། ཡིད་ཆེས་ཀྱང་གདོང་འཛུམ་གྱིས་ཁེངས་ནས་ཡོད་པའི་བགྲེས་སོང་དེས་རྦད་དེ་བཀུགས་སོང་། ད་དུང་ཁོང་གིས་བོད་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། བོད་བརྒྱུད་ནང་བསྟན་ཡིན་པ་དང་། དེས་རྒྱ་ནག་མི་མང་ལ་ཕན་ཐོག་ཆེན་པོ་ཡོང་གི་ཡོད་སྐོར་སོགས་ཀྱང་བཤད་བྱུང་བས། ངས་ཀྱང་གོ་སྐབས་དེ་བཟུང་ནས་བོད་བརྒྱུད་ནང་བསྟན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་འགྲོ་བཞིན་པ་འདིས། འཛམ་གླིང་གི་ཆོས་ལུགས་ཁྱབ་སྤེལ་གྱི་ལོ་རྒྱུས་ཁྲོད་གནས་བབ་མཐོན་པོ་བཟུང་ཡོད་པའི་སྐོར་དང་། ལྷག་ཏུ་ཕྱི་སྡོད་བོར་རིགས་ཚོས་རང་གི་སྐད་ཡིག་དང་། དེར་བརྟེན་པའི་རིག་གཞུང་ནང་བསྟན་ཆོས་ལུགས་བཅས་རྒྱུན་འཛིན་དང་། དར་སྤེལ་བྱས་པ་དེས་འཛམ་གླིང་གི་གྲངས་ཉུང་མི་རིགས་གཞན་ལ་དགོས་ངེས་ཀྱི་མིག་དཔེ་གང་མཚམས་བཞག་ཡོད་ཚུལ་སོགས་ཀྱང་བཤད་ཁུལ་བྱས་མོད། སྐབས་མང་པོར་དབྱིན་སྐད་ཀྱིས་མི་འདང་བས་ལན་རེར་ངོ་མ་ཡི་ཆད་སྐྱེ་དགོས་པ་ཡང་བྱུང་།

གང་ལྟར་རྒད་པོ་ངེད་གཉིས་ཀྱིས་བཟོ་གྲྭའི་དུད་སྨིག་བྲལ་བའི་བོད་ཁ་བ་ཅན་གྱི་མཁའ་དབྱིངས་ནས་ཉིན་གུང་གི་ཟ་མ་ལྷན་བཟའ་དང་། ཁྲིན་འདུར་སླེབས་ལ་ཉེ་ཁའི་ཇ་ཐུན་མཉམ་རོལ་གྱིས་ཆུ་ཚོད་གསུམ་ཙམ་ཡོད་པའི་མཁའ་འགྲུལ་འདིའི་དུས་ཡུན་ཧྲིལ་པོ་རང་གི་འཚོ་བའི་ཉམས་མྱོང་དང་། ཡུན་ཐུང་ལ་གལ་ཆེ་བའི་མི་ཚེའི་ལྟ་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་ཀྱིས་བསྐྱལ་རྒྱུ་བྱུང་བ་ནི་ངོ་མ་རིན་ཐང་ལྡན་པ་ཞིག་རེད་ཨང་།

ཁང་ཟླ་སྲས་ཀྱིས། བལ་ཡུལ་ནས།

དྲན་ཐོ།

Post navigation

Previous Post: སྤྱི་འཐུས་ཀྱི་སྐུ་ཚབ་བོད་ནང་བསྐྱོད་ཆོག་པ་བྱོས།
Next Post: འཛམ་གླིང་སྤྱི་བསངས་མཆོད་པའི་སྤྲིན་ཕུང་དྲན་པ།

Comments (13) on “ཕ་ཡུལ་ཏུ་བསྐྱོད་པའི་དངོས་བྱུང་ཟིན་ཐོ།”

  1. མིག says:
    2014-07-12 at 9:58 am

    གྲོགས་མཆོག་ལགས། ཞེད་སྣང་དང་ངོ་གནོང་དགོས་དོན་མི་འདུག ཁྱེད་ཀྱིས་རྒྱ་རྒན་བགྲེས་སྲོང་དེའི་མདུན་ནས་བོད་མི་རིགས་དེ་ཉིད་བྱས་རྗེས་ཅན་ཞིག་དང་འཛམ་གླིང་མི་མང་གི་མདུན་དུ་མགོ་སྟེགས་ནས་འགྲོ་ཐུབ་པའི་དཔའ་རྒོད་ཞིག་ཏུ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་ཁྱེད་ཀྱིས་དབྱིག་ཡིག་གི་ཆུ་ཚད་ཀྱིས་བསམ་ཚུགས་རྫོགས་པར་བརྗོད་མ་ཐུབ་པར་ཅུང་བློ་ཕམ་བྱུང་། ཁྱོད་ཀྱིས་བགྲོད་ཞུགས་འོད་སྟོང་འབར་བ་དང་བདེ་སྐྱིད་ཀྱིས་ཁེངས་པར་སྨོན།

  2. གནམ says:
    2014-07-12 at 10:48 pm

    བློ་རྦད་དུ་ཕངས་བ་ཞིག་ནི། མི་ལས་དགུ་ལས་བྱེད་མཁན་གྱི་གསར་འབྱོར་བའི་ནང་གི་གསར་འབྱོར་བ་ཚོ་དང་རྙིང་འབྱོར་རུས་མེད་ནང་གི་རུས་མེད་ཚོས། ༧རྒྱལ་བ་མཆོག་གི་ནུས་བ་བཅོག་པ་དང་། ཁོང་སྐུ་རྐྱང་ལ་འཇོག་ཐུབ་པའི་ཐབས་ཇུས་བློ་བཀོད་གང་ཡོད་ཀྱི་དགྱ་ནག་དམར་པོའི་གཡོ་འོག་གི་ལས་ལམ་དུ་འགྲོ་བ་ལ། མཁའ་ནས་འཕུར་བ་དང་། ས་ནས་འགྲོ་བ་ཁྱེད་ཚོ་ལ་ནི། བོད་དྲི་ཙམ་ལས། ཅི་གང་མེད་པ་ཤེས་སོང་། ཤི་བོ་ལ་རོ་བདག། གསོན་པོ་ལ་འཐབ་རོགས། མ་འོངས་བོད་རིགས་ཀྱི་ཕྱོགས་ལ་རྣ་རུས་དང་དམ་བཅའ་མེད་པར་ཤོག་གི་དམར་རོགས་ན་འགྲོ་རྐྱང་བྱེད་པ་ཁྱེད་ཚོ་ལ་། སྐྱིད་ས་བདེ་ས་རེ་བཙལ་ནས་ཉིན་མ་འཁྱོལ་བར་བྱེད་པ་ནི། དེ་འདྲའི་སྤོབས་པ་ཆེན་པོས་བསྒྲགས་དགོས་བ་ཞིག་ག་ལ་ཡིན། ངོ་ཚ་བ་ལ། སེམས་སྐྱོ་བ་ལ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-07-12 at 11:56 pm

    ཁང་ཟླ་སྲས་ཀྱི་རྒྱ་མི་རྒན་པོ་དང་མཉམ་དུ་གཏམ་གླེང་ང་བྱུང་བ་སྙན་པོ་བྱུང་། ང་བོད་ནུབ་ཕྱོགས་ནས་འོངས་པས། ལུང་པའི་ཁ་རྒྱུན་བཞིན་དུ། ད་ཐེངས་ལ་དལན་དང་། ངོ་མ་ལ་དངོས་མ་དང་། འདི་ཉིད་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བཀོལ། སྒྲོག་ཅེས་པ་སྡོམ་པ་དང་། སྒྲོགས། ཞེས་པ་སྐད་ཆེན་པོས་འབོད་པའི་དོན་དུ་གོ་སྟེ། འབྲུག་ཆེར་སྒྲོགས། ཞེས་དང་། ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད། ཅེས་སོ། སྐད་ཀྱིས་མི་འདང་བས། ཞེས་པ་ན་འདང་ཞེས་པའི་ལྡང་། ཞེས་པ་སྒྲ་གདངས་ཀྱིས་འདང་ལ་གྱུར་པ་མ་དག་པར་སེམས། ཨ་རི་པ་གྲོགས་པོ་ཞིག་གིས་ལམ་རིམ་ཆེན་མོ་བོད་ཤོག་ལ་ཡོད་པ་སྟེར་བ་ན། ཉིན་རེ་བཞིན་ཤོག་གྲངས་ལྔ་རེ་ཀློག་པར་དམ་བཅས་པ་བཞིན་ཀློག་པ་ན། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། རི་ལུས་གྲངས་ཀྱང་ས་ཡིས་ལང་མི་འགྱུར། ཞེས་པ་ན་ལང་ཞེས་པ་ད་མེད་པར་སོང་། ལང་ཞེས་འདོན། ངའི་ལུང་སྐད་དུ་ཡང་། ཡོང་ཞེས་ཀྱང་། བོད་ཀྱི་དཔེ་ཆ་དག་ན། འོང་ཞེས་པ་ཡོད་པས་བོད་ཀྱི་དག་ཆ་ལ་རྩི་བར་འདོད་པས། དཔེ་ཆ་དག་པ་དང་བསྟུན་པར་བྱེད་པ་ལགས་སོ།

  4. ཀརྨ་བློ་གསལ་ says:
    2014-07-13 at 2:06 am

    འདི་ལས་མཐོང་ཐུབ་པ་ནི་རྒྱ་རིས་རྒྱ་མིའི་ལག་ནས་དངུལ་ཟོས་ཡོད་པའང་གསལ་པོ་མ་རེད་པས། གོང་ས་མཆོག་ལ་དབུ་བསྐོར་ག་ཚད་བཏང་ཡོད་དམ། གོང་ས་མཆོག་གི་ཆེད་དུ་སྲོག་འབུལ་ཐུབ་ཟེར་མཁན་ཀུན་ལ་ལས་ཀ་སྤྲད་བཞག ད་རྒྱུགས་ཡ་དཔའ་བོ་ཚོ། སྟག་རྒན་པ་རྒྱ་རི་འཇུས་ནས་བློ་མཐུན་ཞིས་ཅིན་ཕིང་ལ་སྤྲད་ནས་ཁྲིམས་གཅོད་ནན་མོ་གཏོང་འཇུག་རོགས།

  5. བསྟན་འཛིན་ says:
    2014-07-13 at 2:35 am

    གནམ་གྲུའི་ནང་གི་གླིང་མོལ་དེ་སྙན་པོ་བྱུང་ དེ་ནས་གང་བྱས་པ་མུ་ཐུད་གསུང་རོགས།

  6. ཆུ་ཐིགས་སྔོན་མོ says:
    2014-07-13 at 2:42 am

    སྟག་སེར་པོ་ལགས་་་་ཁུངས་མེད་ཀྱི་སྐད་ཆ་མ་བཤད་ན་ཡག་གི་རེད་་་་་མི་ཞིག་གིས་རང་དགར་ཡུ་སྒོར་ས་ཡ་འདི་འདྲ་ཞིག་མི་གཅིག་གི་ལག་ཏུ་འཇོག་རྒྱུ་ཁག་པོ་རེད་་་་སྒོར་བརྒྱ་ཡས་མས་ཤིག་གི་ཞལ་འདེབས་བཞིན་སྤྲད་ནས་འཇོག་གི་མ་རེད་་་་་་དེང་སང་དྲ་ཐོག་དང་སྤྱི་ཚོགས་ནང་འདི་ལྟར་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་མཁན་ཧ་ཅང་མང་པས་ཁྱེད་ལ་དཔང་རྟག་གསལ་བོ་མེད་ན་འདི་ལྟར་དྲ་ཐོག་ཏུ་གླེང་རྙོག་རིགས་མ་བཀོད་རོགས་གནང་་་དངོས་གནས་འདི་འདྲ་ཞིག་ཡིན་ན་བོད་གཞུང་གིས་ཀྱང་བརྟག་དཔྱད་མི་རྒྱག་ས་ཞིག་མེད་པས་འགན་མེད་ཚོས་སེམས་ཁྲེལ་གནང་དགོས་དོན་མེད་པར་སྙམ

  7. ཁྱུང་དཀར། says:
    2014-07-13 at 4:20 am

    སྟག་སེར་ལགས་ནས། མཆན་འདི་ཕྱོགས་ཁ་ཤས་ལ་བཏབ་འདུག ཡིན་ནའང་། བདེན་དཔང་ཁུངས་བསྐྱེལ་རེ་ཡོད་ན་འཇུ་ས་འདྲ་ཡོད་པ་རེད། དེ་མིན་ཟེར་སྒྲོས་དང་གོ་ཐོས་ཙམ་གྱིས་དེང་སང་གེ་ཕན་ཡ་མི་འདུག་ག དེ་བས་གཡུགས་བཞག་ན་དགའ་བ་མེད་འགྲོ

  8. ལྷ་སྲས་ཐ་ཆུང་། says:
    2014-07-13 at 4:24 am

    རྒྱ་མི་དེ་ཡང་རྒྱ་ནག་གི་སྲིད་ཇུས་ལ་ཞེ་མེར་ལངས་ཡོད་པ་འདྲ།

  9. མིག་དམར། says:
    2014-07-13 at 5:30 am

    གྲོགས་ཁང་ཟླ་སྲས་ཀྱི་ཕ་ཡུལ་ཏུ་བསྐྱོད་པའི་དངོས་བྱུང་ཟིན་ཐོ་དངོས་གནས་ཡག་པོ་བྲིས་འདུག ད་རུང་ཉན་འདོད་པ་ཞིག་མུ་དེ་བཀོད་མི་འདུག་པས་ མུ་མཐུད་དུ་འགོད་རྒྱུར་རེ་བ་ཆེ།་་་་་་་་་་་་་

  10. ལུང་རྟོགས། says:
    2014-07-13 at 6:44 am

    དབྱིན་སྐད་ཤེས་ཀྱི་འདུག་ཅེས་སྟོད་ར་བཏང་བ་དེས་སེམས་པ་རྦད་དེ་བཀུགས་སོང་ཟེར་བ་འདིས་བཙན་བྱོལ་བ་ཚོའི་སྐྱུག་བྲོ་བའི་བསམ་བློའི་རྒྱབ་ལྗོང་དེ་གསལ་པོ་བསྟན་འདུག

  11. མེ་ཏོག་དཀར་པོ says:
    2014-07-13 at 10:49 am

    རང་གི་ལྟ་བ་དང་མ་མཐུན་པ་མཐོང་ཐོས་བྱུང་མ་ཐག་སྐྱུག་དྲོ་བ་ཟེར་བའི་གསར་འབྱོར་བ་འདིས་རང་གི་དེ་ཉིད་གསལ་པོར་བསྟན་འདུག

  12. ཁང་ཟླ་སྲས། says:
    2014-07-14 at 7:10 am

    ཟིན་ཐོ་འདིར་དྲ་གྲོགས་མང་པོ་ཞིག་གིས་མཆན་བཏབ་པར་བཀའ་དྲིན་ཆེ། དེ་བས་ཀྱང་ལྡོག་ཕྱོགས་ནས་ཡ་ལན་བྱེད་མཁན་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་ནམ་ཡང་ཕན་ཚུན་ཁ་གཡང་རྐྱང་བ་འཐེན་རྒྱུའི་ལྟ་བསྐྱུར་ཏེ་སྐད་ཆའི་རྒྱབ་ལྗོངས་དང་། གནས་ལུགས་ཀྱི་ཟབ་ས་དག་ཐེར་འདོན་དང་། བསྔོགས་བཤེར་བྱེད་རྒྱུའི་ལྟ་ཚུལ་འདོན་དགོས་པ་དེར་མོས་མཐུན་ཡོད། འོན་ཀྱང་དྲ་གྲོགས་གནམ་ལགས་ཀྱིས་བཀའ་བཀྱོན་དེ་དང་ལེན་གཏན་ནས་བྱེད་ཐུབ་མ་ོསོང་བས་དགོངས་དག་ཞུ་རྒྱུ་རང་ཡིན། རྒྱུ་མཚན་ནི། མི་སུ་ཞིག་ཡིན་རུང་རང་གི་ཕ་མ་དང་ནང་མིར་ཐུག་ཕྲད་བྱེད་མི་འདོད་པ་ཞིག་ཡོད་རྒྱུ་མ་རེད་ལ། ཁོ་བོའི་དེའི་ནང་གི་གཅིག་ཡིན། དེ་ངའི་ཐོབ་ཐང་རེད། ཁྱོད་རང་དམངས་གཙོ་རང་དབང་གི་ཆེད་དུ་སྐད་ཆ་བཤད་མཁན་ཞིག་ཡིན་ན། མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ་དེ་མ་མཐར་ཡང་མ་བརྗེད་པའི་དྲན་སྐུལ་བྱེད་རྒྱུ་ཡིན། གཞན་ཡང་གྲོགས་པོ་མང་པོ་ཞིག་གི་ཐུགས་རེ་བཞིན་ངས་ཀྱང་རང་ཉིད་ཕ་ཡུལ་དུ་སོང་བའི་སྐོར་ནས་རྩོམ་ཡིག་ཐར་ཐོར་རེ་བྲིས་པ་དག་ག་ལེར་དྲ་ཐོག་ཏུ་འཇོག་རྩིས་ཡོད་ཞུ་རྒྱུ་ཡིན།

  13. བཀྲ་ཤིས་རྒྱལ། says:
    2014-07-14 at 4:04 pm

    རང་གིས་རང་ལ་འགྲིག་འགྲིག་ཅིག་ཤོད་སྡོད་མཁན་ཞིག་ཡིན་ཚོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme