Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་གྱི་སྐད་ཆའི་དབྱངས་འགྲོས།

Posted on 2008-06-13 By དབང་ཕྱུག་ 2 Comments on ཕ་ཡུལ་གྱི་སྐད་ཆའི་དབྱངས་འགྲོས།

ཐེ་བོ་ཤེས་རབ་རྒྱ་མཚོ།

ད་ཆ་ངའི་ཕ་ཡུལ་གྱི་མི་ཚོས་བཤད་ཀྱིན་པའི་སྐད་ཆའི་དབྱངས་འགྲོས་འགྱུར་ནས་ཡུན་རིང་སོང་ཡོད་པ་འདྲ།
ང་རང་ཕ་ཡུལ་དང་གྱེས་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་འགོར་སོང༌། མི་ལོ་བཅུ་གཅིག་གི་ཡར་སྔོན་ངའི་ཕ་ཡུལ་དུ་ནང་ཁུལ་ཕན་ཚུན་གླེང་མོལ་བྱེད་སྐབས། བོད་སྐད་ཀྱི་ཐ་སྙད་གང་མང་ཞིག་གི་ཚབ་ཏུ་རྒྱ་སྐད་ཀྱི་ཐ་སྙད་སྤྱད་ནས་གོ་བརྡ་སྤྲོད་ཀྱི་ཡོད་པ་དང༌། སྐབས་དེར་ངས་ཀྱང་ངའི་ཕ་ཡུལ་གྱི་མི་ཚོ་ནང་བཞིན། ཕན་ཚུན་ནང་ཁུལ་ལ་སྐད་ཆ་བཤད་དུས། སྒྲ་གདངས་དེ་ཙམ་དག་རྒྱུ་མེད་པའི་རྒྱ་སྐད་ཀྱི་ཐ་སྙད་གང་མང་ཞིག་བོད་སྐད་ལ་བསྲེས་ནས་བཤད་ཡོད་པ་སྨྲོས་ཅི་དགོས། འདས་ཟིན་པའི་མི་ལོ་བཅུ་གཅིག་གི་དུས་ཡུན་དེ། དེ་འདྲ་རིང་རྒྱུ་མེད་ནའང༌། མི་ལོ་བཅུ་གཅིག་གི་རྗེས་ཀྱི་དེ་རིང༌། ངས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་འདི་རྦད་དེ་དཔག་ཚད་སྟོང་ཕྲག་གིས་ངའི་ཕ་ཡུལ་གྱི་མི་ཚོས་བཤད་ཀྱིན་པའི་སྐད་ཆའི་རྗེས་སུ་ལྷག་ཡོད་པ་ཚོར་བྱུང༌། ངས་ང་རང་དེ་ལྟར་ཕ་ཡུལ་གྱི་མི་ཚོས་བཤད་ཀྱིན་པའི་སྐད་ཆའི་རྗེས་སུ་ལྷག་ཡོད་པ། ཁ་པར་ཐོག་ནས་གླེང་མོལ་ཐེངས་གཅིག་བྱས་རྗེས་ད་གཟོད་ཧ་ཅང་གསལ་པོ་བྱས་ནས་ཚོར་བྱུང༌།
མི་ལོ་བཅུ་གཅིག་གི་ཡར་སྔོན་ལོ་ན་བཞི་ཅན་གྱི་ངའི་ཕུ་བོའི་བུ་མོ་ཆུང་ཆུང་དེ། ད་ཆ་ལོ་ན་བཅོ་ལྔར་སོན་པའི་སློབ་མ་ཞིག་ཆགས་ཡོད་པ་དང༌། ཁོ་མོའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར། ང་རང་ཕ་ཡུལ་ལ་ཡོད་དུས་ཁོ་མོ་ལོ་ན་བཞི་ལས་སོན་མེད་པའི་བུ་མོ་ཧ་ཅང་ཆུང་ཆུང་ཞིག་ཡིན་སྟབས། སྐབས་དེར་ཁོ་མོས་ང་ལ་དམིགས་བསལ་སྐད་ཆ་ག་རེ་བཤད་ཡོད་མེད་དང༌། ཁོ་མོས་བཤད་པའི་སྐད་ཆའི་ནང་ད་ལྟ་ནང་བཞིན་རྒྱ་སྐད་ཀྱི་ཐ་སྙད་འདྲེས་ཡོད་མེད་ངའི་དྲན་པའི་ཡུལ་དུ་མེད་ནའང༌། ཁ་སང་དགོང་ཁར། བོད་ནང་དུ་ཡོད་པའི་ངའི་ཕུ་བོ་ལ་ཁ་པར་བཏང་ནས་གླེང་མོལ་བྱེད་སྐབས། ངའི་ཕུ་བོས་ང་ལ། བཀྲ་ཤིས་སྒྲོལ་མ་ལ་སྐད་ཆ་བཤད་ཀྱི་ཡིན་ནམ། ཁོ་མོ་སློབ་གྲྭ་ནས་ཕྱིར་བསླེབས་འདུག ཅེས་པ་ལྟར་ངས་ཀྱང་ཕུ་བོའི་སྐད་ཆ་དང་ལེན་བྱས་ནས་ལོ་ན་བཅོ་ལྔར་སོན་པའི་ཁོ་མོ་དང་སྐར་མ་ལྔ་ཙམ་ཁ་བརྡ་བྱས་པ་ཡིན། འོན་ཀྱང་སྐར་མ་ལྔའི་རིང་གི་ཁོ་མོའི་ཁ་བརྡའི་ནང་རྒྱ་སྐད་ཀྱི་ཐ་སྙད་འདྲེས་མེད་པའི་སྐད་ཆ་དག་མོ་ཚིག་གཅིག་ཡོད་པ་ནི། ཁོ་མོས་ཐོག་དང་པོ་ཁ་པར་ལག་ཏུ་བླངས་མ་ཐག ཨ་ཁུ་ཁྱོད་བདེ་མོ་ཡིན་ནམ། ཞེས་པ་འདི་ཡིན་ལ། དེ་མིན་ལོ་ངོ་བཅུ་གཅིག་གི་ཡར་སྔོན་ངའི་ཕ་ཡུལ་གྱི་མི་ཚོས་སྐད་ཆ་བཤད་སྐབས་གཏན་ནས་མི་བསྲེས་པའི་རྒྱ་སྐད་ཀྱི་ཐ་སྙད་མང་པོ་མང་པོ་ཞིག་བསྲེས་ནས་བཤད་བྱུང་སྟབས། ཁོ་མོས་བཤད་པའི་སྐད་ཆའི་ནང་དོན་ཕྱེད་ཀ་ཙམ་ལས་ངས་གཏན་ནས་ཧ་གོ་མ་སོང་ལ། ཁོ་མོས་ཀྱང་ངས་བཤད་པའི་སྐད་ཆའི་ཕྱེད་ཀ་མང་ཕྱོགས་ཀྱི་ནང་དོན་ཧ་གཏན་ནས་གོ་ཐུབ་ཀྱི་མི་འདུག་པར་བརྟེན། གོ་བརྡ་འཕྲོད་ལ་མ་འཕྲོད་ཀྱི་ངེད་གཉིས་ཀྱི་ཁ་བརྡ་དེ། དེ་ལྟར་བཤད་མཚམས་བཞག་པ་ཡིན་ལ། ངེད་གཉིས་ཁ་པར་ནང་ནས་གོ་བརྡ་མི་འཕྲོད་པའི་སྐད་ཆ་དེ་དག་ནི། ཁོ་མོས་སློབ་སྦྱོང་བྱེད་སའི་སློབ་གྲྭའི་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཐ་སྙད་ཆེས་སྤྱིར་བཏང་བ་རྐྱང་རྐྱང་སྟེ། དགེ་རྒན་དང༌། སློབ་ཚན། འཛིན་གྲྭ་སོགས་ཀྱི་སྐོར་ནས་རེད།
ང་ཕྱིར་ནང་ལ་བསླེབས་རྗེས་ངས་མུ་མཐུད་དེའི་ཐོག་ལ་བསམ་བློ་བཏང་བ་ཡིན། མི་རིགས་ཤིག་གི་ལོ་རྒྱུས་ཐོག་ནས་བཤད་ན། ལོ་ངོ་བཅུ་གཅིག་གི་དུས་ཡུན་ནི་ཧ་ཅང་ཐུང་ཐུང་ཞིག་ཡིན་ནའང༌། མི་རེ་རེའི་མི་ཚེའི་ལོ་རྒྱུས་ལ་བལྟས་ནས་བཤད་ན། ལོ་ངོ་བཅུ་གཅིག་གི་དུས་ཡུན་ནི་དེ་འདྲའི་ཐུང་ཐུང་ཞིག་གཏན་ནས་མ་རེད་ལ། ལྷག་པར་དུ་མི་རེ་རེ་ལ་བརྟེན་ནས་གྲུབ་པའི་མི་རིགས་ཤིག་གི་ལོ་རྒྱུས་ལ་བལྟས་ནས་བཤད་ན་དེ་བས་ཀྱང་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མ་རེད།
མི་ལོ་བཅུ་གཅིག་གི་ཡར་སྔོན་གྱི་ངའི་ཚ་མོ་ཆུང་ཆུང་དེ་མི་ལོ་བཅུ་གཅིག་གི་རྗེས་ཀྱི་དེ་རིང་འདི་འདྲ་ཞིག་ཏུ་གྱུར་ཡོད་སྟབས། ཡང་བསྐྱར་མི་ལོ་བཅུ་གཅིག་གི་རྗེས་ཀྱི་དེ་རིང༌། འདི་འདྲའི་གཅེས་འོས་པའི་དེ་རིང་གི་ངའི་ཚ་མོ་ཆུང་ཆུང་འདིའི་བུ་མོ་དེ་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ་སྙམ་ནས་ང་ལ་གློ་བུར་དུ་སེམས་འཚབ་ཅིག་ངམ་ངམ་ཤུགས་ཤུགས་ཀྱིས་བསླེབས་སོང༌།

སྣ་ཚོགས།

Post navigation

Previous Post: ལྷ་ས་སྨན་རྩིས་ཁང་གི་ལོ་ཐོ་དེའི་ནང་ས་ཡོམ་གྱི་སྐོར་བཀོད་འདུག་ཟེར། དེ་བདེན་པ་རེད་པས།
Next Post: བོད་ཀྱི་བུད་མེད་ཚོ་ནུབ་ཕྱོགས་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན།

Comments (2) on “ཕ་ཡུལ་གྱི་སྐད་ཆའི་དབྱངས་འགྲོས།”

  1. གཡང་སྐྱབས་རྒྱལ། says:
    2008-06-14 at 11:13 am

    དུས་ཚོད་དང་འཆར་གཞིའི་སྐོར་ལ་བོད་མི་ཚོས་མ་འདང་བ་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད། ལོ་འདི་ལ་འཛིན་གྲྭ་བཅུ་གཉིས་ལ་འགྲོ་བཞིན་པའི་སློབ་མ་ཞིག་ལ་མཚོན་ན། ལོ་བཞིའི་ནང་ཚུན་ཧ་ལམ་ལས་ཀ་ལ་ཞུགས་གི་རེད། ད་ལྟ་བཙན་བྱོལ་ནང་དུ་ལོ་འདི་ལ་འཛིན་གྲྭ་བཅུ་གཉིས་པའི་ནང་ཡོད་པའི་སློབ་མའི་གྲངས་འབོར་དང་། ལོ་བཞིའི་རྗེས་ཀྱི་ཁོང་ཚོའི་ལས་ཀའི་འཆར་གཞི་ལ་བརྟགས་དགོས་པ་འདུག
    དེ་བཞིན་བོད་རྒྱ་ཞི་མོལ་འདི་མགོ་ཚུགས་པའི་ལོ་ ༡༩༧༩ ལོ་ཡིན་པ་ཆ་བཞག་ན། ལོ་དེ་ལ་སྐྱེས་པའི་བྱིས་པ་དམར་འབྱར་དེ་ད་ལྟ་ཕ་མ་ཆགས་ཡོད། ང་ཚོའི་སེམས་ནང་ ཉིས་སྟོང་ལོའི་རྟེན་འབྲེལ་སྐབས་༧རྒྱལ་བ་རིན་པོ་ཆེས་ CNN སྟེང་དུ་གསུང་འཕྲིན་གནང་བ་དེ་དྲན་ཤག་རེད། ལོ་འདི་ལ་སྐྱེས་པའི་བྱིས་པ་དེ་ད་ནི་སློབ་གྲྭ་ལ་འགྲོ་བཞིན་ཡོད།
    ལོ་འདི་ ༢༠༠༨ རེད། ང་ཚོས་མ་འོངས་པའི་ལོ་བཞིའི་རིང་ཅི་བྱེད་ཀྱི་འཆར་གཞི་ཞིག་ཡོད་དམ། དུས་ཚོད་འདིའི་ནང་ད་དུང་ང་ཚོ་བོད་རྒྱ་ཞི་མོལ་ལ་འཐམས་ནས་འདུག་རྒྱུ་རེད་དམ།
    ཁྱེད་ཀྱིས་གསུངས་པ་བཞིན། ང་ཚོས་དུས་ཚོད་ཀྱི་འཁོར་ལོ་ལ་འགྲོགས་པའི་འགྱུར་བ་འདི་ངོས་འཛིན་བྱེད་མ་ཐུབ་ན། རྐུབ་ལ་མེ་ཤོར་ཡང་མ་ཚོར་བ་ཞིག་ཡོང་གི་རེད།

  2. Tenzin Lhundup says:
    2008-06-17 at 9:14 am

    I couldn’t understand what is the meaning of the artcle well. Could you explain me what is your planning for our future?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme