Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་གྱི་མཐོང་ཐོས།

Posted on 2020-03-082020-03-09 By ཁ་བརྡ་ No Comments on ཕ་ཡུལ་གྱི་མཐོང་ཐོས།

རླངས་བཛྲ།

༄༅། །ཡུན་རིང་ཕྱི་ལ་འཁྱམས་པའི་དབང་གིས་བྱམས་ལྡན་གྱི་ཕ་མ་གཉིས་ལ་ཐུག་འཕྲད་བྱེད་པའི་རེ་བས་ལོ་ཟླ་མང་པོ་དལ་གྱིས་རྫོགས་པ་དང་།  ལྷག་པར་དུ་ད་ལོ་ ༢༠༢༠ ་ལོའི་ནང་། ཕ་རྒན་ལོ་བརྒྱད་ཅུར་སོན། བོད་མདོ་སྨད་ཀྱི་ཡུལ་སྲོལ་གོམས་གཤིས་ལ། གྱ་སྟོན་བྱེད་པའི་རྟེན་འབྲེལ་མཛད་སྒོ་ཞིག་སྤེལ་སྲོལ་ཡོད།

དེ་ནི་བུ་ཕྲུག་རྣམས་དང་གཉེན་ཉེ་ཀུན་གྱིས་མི་ལ་ཚེ་རིང་ཞིང་གཞི་ལ་གཡང་འཁྱིལ་བའི་རྟགས་དང་རྟེན་འབྲེལ་དུ་བརྩིས་ཏེ། འདུ་འཛོམས་རྒྱ་གང་ཆེ་བྱས་ནས་དགའ་སྤྲོ་ཆེན་པོའི་ངང་རོལ་བའི་སྲོལ་ཡོད་པ་ཇི་ལྟ་བ་བཞིན། བདག་གིས་ཀྱང་བས་མཐའི་ཡུལ་ནས་ཨ་མ་དང་སྤུན་སྲིང་། ཚ་བོ་ཚ་མོ་རྣམས་དང་ལྷན་དུ་ཕ་རྒན་གྱི་གྱ་སྟོན་ལ་འཛོམས་ཐུབ་པའི་རེ་བ་ལ་སྙིང་ལ་བཅངས་ནས། ཡུལ་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པར་གཞུང་ཚབ་རིམ་པར་ཆོག་མཆན་ཞུ་ཞུས། ཆོག་མཆན་རག་མིན་དང་རག་ཀྱང་རང་གི་འདོད་པ་ལྟར་དུས་ཚོད་གཏན་འཁེལ་སོགས་བསམ་ཐོག་ཏུ་ཡོང་བ་ཤིན་ཏུ་དཀའ་མོད། སྟབས་ལེགས་པ་ཞིག་ལ། ཕ་ཡུལ་དུ་གཉེན་འཕྲད་ལ་ཡོང་ཐུབ་པའི་ཆོག་མཆན་ཐོབ། ལོ་ན་བགྲེས་པའི་ཕ་རྒན་གྱི་གྱ་སྟོན་ལ་དམིགས་ནས་ཆོག་མཆན་སྤྲད་སོང་བསམ་ཡོད།

གང་ལྟར། ཆོག་མཆན་ཐོབ་མ་ཐག་གནམ་གྲུའི་འཛིན་བྱང་ཉོས་ཤིང་དུས་ཚོད་ཉེར་བཞིའི་ནང་ལམ་དུ་ཆས་ཏེ་རང་ཉིད་སྡོད་ས་ནས་ཧོང་ཀོང་བརྒྱུད་པེ་ཅིང་། དེ་ནས་ཟི་ལིང་དུ་འབྱོར། དེར་བདག་གི་ནུ་བོ་དང་ཚ་བོ་གཉིས་བཅས་བསུ་བར་སླེབས་འདུག དེ་ནས་ང་ཚོ་ལྷན་དུ་རླངས་འཁོར་ཆུང་ངུ་ཞིག་ལ་བསྡད་ནས་ཕ་ཡུལ་རེབ་ཀོང་དུ་ཆས། ཕུག་ལམ་མང་པོ་འཛུལ་ནས་མཚན་མོའི་ཆ་ལ་བདེ་ལེགས་ངང་རང་སྡེ་ཆུང་ཆུང་དེར་འབྱོར།

དེར་ཕ་མ་གཉིས་གཙོས་པའི་གཉེན་ཉེ་ཚོས་གཉིད་ལ་ཡང་མ་འཛེམ་པར་མཚན་དཀྱིལ་བར་དུ་བསྒུགས་ནས་བསྡད་འདུག ཕ་ཡུལ་གྱི་གཉེན་ཉེ་ཚོའི་ལྷད་མེད་ཀྱི་བརྩེ་འདང་དེས་ང་ཕྱིར་འབྱོར་ཐེངས་རེར་དུང་ཞེན་དང་སྙིང་སྟོབས་ཀྱང་འགྲན་མེད་ཅིག་སྤྲོད་ཀྱིན་ཡོད། ད་ཐེངས་ཕྱིར་འབྱོར་བ་ནི་ལོ་ཉེར་བཞིའི་རྗེས་སུ་ཕ་མ་སྤུན་སྲིང་དང་ལྷན་དུ་འཛོམས་པའི་ལོ་གསར་དང་པོ་དེ་ཡིན། དེར་མ་ཟད་ཕ་རྒན་གྱི་གྱ་སྟོན་ཡང་ཡིན་པས་རང་ཁྱིམ་ཆུང་ངུའི་དབང་དུ་བྱས་ན་དགའ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་སྨོས་ཅི་དགོས།

གྱ་སྟོན་གྱི་མཛད་སྒོ་ནི། ལོ་གསར་ཚེས་གསུམ་མམ་ལྔ་གང་རུང་ལ་བྱེད་སྲོལ་ཡོད་པས། ཚེས་གསུམ་ལ་རྟེན་འབྲེལ་བྱེད་པར་གཏན་འཁེལ་བྱས་པ་ཡིན། ལོ་མཇུག་གི་ཉིན་དག་དང་ལོ་གསར་ཚེས་གཅིག་ནས་བཟུང་གཉེན་ཉེ་དང་འཚོ་བ་རྣམས་ཀྱིས་ཁྱིམ་གྱི་མཐུན་རྐྱེན་དང་བསྟུན་ནས་གྲ་སྒྲིག་གང་ཡོད་བྱས། ཚེས་གསུམ་གྱི་ཉིན་གང་པོར་རང་སྡེ་དང་ཡུལ་ལུང་གཞན་གྱི་གཉེན་ཉེ་དག་ལམ་ཐག་རིང་བོ་ལ་མ་འཛེམ་པར་གྱ་སྟོན་ལ་ཡོང་བའི་འགྲུལ་པའི་འདུ་འཛོམས་ཀྱི་བྲེལ་ཟིང་བར་མ་ཆད་པར་བྱུང་། ཉིན་དེར་གྱ་སྟོན་གྱི་བྱ་བ་ཐམས་ཅད་བཀྲ་ཤིས་བདེ་ལེགས་ངང་གྲུབ།

ཚེས་བཞི་ནས་སྡེ་གཞན་ན་ཡོད་པའི་གཉེན་ཉེ་རྒན་པ་དག་ལ་རིམ་བཞིན་འཚམས་འདྲིར་འགྲོ་འཆར་ཡོད་མོད། སྟབས་མ་ལེགས་པ་ཞིག་ལ། ཚེས་བཞི་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ལ་༼ཏོག་དབྱིབས་ནད་དུག༽གི་རིམས་ནད་སྔོན་འགོག་གི་ལས་འཆར་ལག་བསྟར་བྱས་ཏེ། འགྲུལ་བཞུད་ཡོད་ཚད་བཀག་སྡོམ་བྱས་པ་མ་ཟད་རོང་པོ་དགོན་པའི་ཆོ་འཕྲུལ་སྨོན་ལམ་དང་། རེབ་ཀོང་སྔགས་མང་གི་ཆོས་ཐོག  སྡེ་བ་སོ་སོའི་གཉེན་སྟོན་དང་མཛད་སྒོ་ཚང་མ་གནས་སྐབས་རིང་སྤེལ་མི་ཆོག་པའི་བཀག་རྒྱ་བསྡམས་སོང་བ་དང་། ཚེས་ལྔ་ནས་ནང་མི་ཕྱིར་མི་གཏོང་བ་དང་ཕྱི་མི་ནང་ལ་མི་གཏོང་བ་དངོས་སུ་ལག་བསྟར་བྱས་སོང་།

ང་རང་པེ་ཅིང་གནམ་ཐང་བརྒྱུད་ནས་ཡོང་རྐྱེན་ཞང་ངམ་ཡུལ་ཚོའི་འགོ་ཁྲིད་ཀྱིས་རྩ་འཛུགས་བྱས་པའི་སྡེ་བའི་རྐང་རྗེན་སྨན་པ་དང་རྫོང་དང་ཡུལ་ཚོའི་ལས་བྱེད་འགའ་ཡོང་ནས་ཉིན་བཅུ་བཞིའི་རིང་ཉིན་རེར་ཚ་དྲོད་ལ་བརྟག་དཔྱད་ཐེངས་གསུམ་རེར་ བྱས་སོང་། དེ་དུས་ས་གནས་ན་ནད་པ་དེ་འདྲ་མེད་པས་འདི་འདྲའི་བཀག་འགོག་བྱེད་དགོས་ཀྱི་ཨེ་ཡོད་སྙམ་པའི་མི་འདོད་པའི་ཚོར་བ་ཤུགས་ཆེ་སྐྱེས་སོང་། རིམ་བཞིན་ནད་དུག་དེ་མདོ་སྨད་མཚོ་སྔོན་གྱི་ཡུལ་ཁ་ཤས་ལ་ཁྱབ་ཡོད་པ་ཤེས་རྗེས་སྔོན་འགོག་གི་ནུས་པ་ཤུགས་ཆེ་རུ་མ་བཏང་ན་ཉེན་ཁ་ཡོད་པའི་དོགས་སློང་ཡང་ཟློག་མེད་དུ་འཆར། བསམ་བློ་ཞིབ་མོ་ཞིག་བཏང་རྗེས། རང་རེའི་ཡུལ་འདིར་ནད་དུག་འགོག་པའི་ཐབས་ལམ་གཅིག་རང་ཡོད་པ་ཁོ་ན་ནི་འགྲུལ་ལམ་གཅོད་རྒྱུ་ལས་ལྷག་པའི་ཐབས་གཞན་ཞིག་མེད་པ་གཞི་ནས་ཤེས། ཞིང་དང་ཁུལ། རྫོང་དང་ཡུལ་ཚོ་ནས་སྡེ་བའི་འགོ་ཁྲིད་རྣམ་པ་ཚོས་རང་ནུས་གང་ལྕོགས་ཀྱིས་ས་གནས་སོ་སོ་ནས་སྔོན་འགོག་གི་ནུས་པ་གང་ཐུབ་བསྒྲུབས་པས་ཅུང་ཙམ་བློ་བདེ་བ་བྱུང་།

ཡིན་ནའང་། རྒྱལ་ཡོངས་ལ་ནད་དུག་གི་ཁྱབ་ཚད་དང་འཆི་ཚད་ཡང་ཤུགས་ཆེ་རུ་འགྲོ་བཞིན་པ་གསར་ལམ་ཁག་བརྒྱུད་ཐོས་པའི་ཚེ་ན་བློ་བག་བདེ་བོ་ཞིག་རྩ་བ་ནས་མ་རེད། ནད་དུག་གི་བློ་འཚབ་དང་གནད་དོན་གཅིག་པོ་མ་ཡིན་པར་དཔལ་འབྱོར་དང་འཚོ་གནས་ལ་ཡང་གྱོང་གུད་ཆེན་པོ་སྤྲོད་ཀྱིན་ཡོད་པས་འགྲུལ་ལམ་གཏན་དུ་འགོག་པ་ཚོང་ལས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ལ་མཚོན་ན་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་སྲིད་གཞུང་གིས་ཟླ་གཅིག་ལ་རྒྱལ་ཡོངས་ཀྱི་ཟས་རིགས་ཚོང་ཁང་དང་སྨན་བཅོས་གཉིས་ཀྱི་ཚོང་ལས་མ་གཏོགས་ཡོད་ཚད་ལས་མཚམས་བཞག

སྐབས་འདིར། ཟས་ཚོང་གི་རིན་འཕར་ན་ཉེས་ཆད་ལྗིད་མོ་གཅོད་པ་དང་། གྲོང་ཁྱེར་རེ་འགའ་ན་ཟླ་རེར་དངོས་རིན་དང་ཁང་རིན་སྤྲོད་མཁན་རིགས་ལ་ཕྱེད་བཅག་བྱས་པ་སོགས་ནི་དམངས་ཕན་གྱི་བྱ་བ་ཞིག་ཏུ་བརྩིས་ཆོག འདི་ནི་ལོ་རྒྱུས་ཀྱི་ལེའུ་གསར་བ་དང་གླེགས་བམ་གསར་བ་ཞིག་རེད། རང་ཉིད་ཀྱིས་མིག་མཐོང་ལག་ཟིན་དུ་ཡུལ་མི་ཚོས་སྡེ་འདབས་ཀྱི་འགོག་སྒོའི་ས་ཚིགས་ཀྱི་ལྟ་སྲུང་བ་རྣམས་ལ་བཟའ་བཏུང་གི་མཐུན་རྐྱེན་ཡང་མ་སྐུལ་དྭང་བླངས་ངང་སྦྱར་སོང་། དེས་ནི་སྡེ་དམངས་ཀྱིས་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་དངོས་སུ་ཡོད་པའི་རྣམ་པ་མངོན་གསལ་ཅན་ཡིན་པ་མཚོན་ཐུབ། སྔོན་འགོག་གི་ཆེད་དུ་མུ་མཐུད་ནས་སྤྱི་ཡོངས་ནས་ལས་མཚམས་བཞག་ན་ཕན་གནོད་ལུང་མ་བསྟན་ཞིག་ལས་འབྱུང་འགྱུར་གྱི་ཕན་འབྲས་ལ་དམིགས་པའི་དགེ་མཚན་ཞིག་ཁ་ཚོན་ཡང་གཅོད་དཀའ་བར་འདུག

དེང་གི་ཆར། ཞིང་ཆེན་ནང་ཁུལ་ལ་འགྲོ་ཡོང་གི་ཆོག་མཆན་ཡོད་པར་བྱས་འདུག ཡིན་ནའང་། རྒྱ་ནག་ནས་མཚོ་སྔོན་ཕྱོགས་སུ་ཁྱིམ་ཚང་སྤོར་ནས་ཡོང་ཡོད་པའི་མི་མང་པོ་ཞིག་རྒྱ་ནག་ནང་ལ་ཕར་གུང་སེང་ལ་སོང་ནས་ཕྱིར་ཡོང་བཞིན་ཡོད་པས་ས་གནས་མི་དམངས་ཀྱིས་དེ་ལ་སེམས་ཁྲལ་བྱེད་ཀྱིན་འདུག་མོད། ཡིན་ནའང་། ཁོང་ཚོ་གཏན་སྡོད་བྱེད་ས་འདིར་ཕྱོགས་ཡིན་པས་བཀག་འགོག་བྱེད་པར་སྟབས་ཧ་ཅང་གི་མི་བདེ་བ་ཞིག་ཆགས་འདུག ཡུལ་མི་ཚོས་ཁོང་ཚོར་ཕྱིར་བདེ་ཐང་ངང་ལོག་པར་དགའ་བསུ་དང་ཆབས་ཅིག་རིམས་ནད་ཡོད་མེད་ཀྱི་དོགས་སློང་ཡང་ངང་གིས་བྱེད་པའི་རྣམ་འགྱུར་མི་མངོན་ག་མེད་རེད། གལ་ཏེ། ནད་དུག་ས་ཕྱོགས་འདིར་ཁྱབ་ཚེ་ཁོར་ཡུག་དང་སྨན་པ། སྨན་བཅོས་སོགས་ཕྱོགས་གང་ཐད་ནས་རྒྱ་ནག་དབུས་ཀྱི་ཞིང་ཆེན་དག་ལས་་མཐུན་རྐྱེན་སྦྱོར་བའི་ནུས་པ་ཧ་ཅང་ཞན་པས་ཆེས་ཛ་དྲག་ཅན་དུ་འགྱུར་ངེས། དེར་བརྟེན། དེ་ལས་ཐར་བའི་བྱ་ཐབས་གཞན་ལས་ལྷག་པ་ཞིག་མེད་པ་ཕལ་ཆེར་གསལ་པོ་ཡིན་པས་ས་གནས་མི་དམངས་ཀྱིས་དོགས་ཟོན་ནན་མོ་བྱེད་བཞིན་འདུག

ད་ནི་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུའང་ཉིན་རེ་བཞིན་རིམས་ནད་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པས། བོད་རྒྱ་ཆེའི་མི་དམངས་ཡོངས་ཀྱིས་རང་ས་ནས་སྣང་མེད་དུ་མི་འཇོག་པར་ནད་ཡམས་སྔོན་འགོག་ལ་སྒོ་ཀུན་ནས་འབད་པ་ལྷུར་ལེན་བྱ་རྒྱུ་ཧ་ཅང་གི་གལ་ཆེན་དུ་མཐོང་།

སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །རིམས་ནད་སྔོན་འགོག་གི་ལས་འགུལ་མིག་ཟིན་ལག་མཐོང་གི་ཡུལ་ནས་བྲིས། ༢༠༢༠-༢-༢༥ ལ།

ངོ་སྤྲོད།

Post navigation

Previous Post: ཐ་སྙད་རྩོད་པའི་གྱོད་ཡིག་སྟ་རེ་ཁ།
Next Post: ཕྱིར་དྲན་མག་མོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme