Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡབ་ཀྱི་ཉིན་མོ་ལ་རྟེན་འབྲེལ་ཞུ།

Posted on 2013-06-162013-06-16 By ཁ་བརྡ་ 25 Comments on ཕ་ཡབ་ཀྱི་ཉིན་མོ་ལ་རྟེན་འབྲེལ་ཞུ།

སྤྲུལ་སྐུ་དབང་ཆེན།

ཕ་རྒོད་པོ་ཞིག་གི་ལག་རྟེན་ཡིན།།
མ་མཛངས་མ་ཞིག་གི་སེམས་རྟེན་ཡིན།།
བུ་དཔའ་བོ་ཞིག་གི་འདུན་ལམ་ཡིན།།
སྐྱིད་འཚོ་བ་ཞིག་གི་ལོ་རྒྱུས་ཡིན།།

ཕ་བརྩེ་ལྡན་ཞིག་ལ་དྲན་གསོས་བྱེད།།
མ་བྱམས་ལྡན་ཞིག་ལ་དྲིན་ལན་འཇལ།།
བུ་འཁྱམས་པོ་ཞིག་གི་ལས་དབང་ལ།།
ལས་སྨོན་ལམ་ཞིག་གི་མདུད་པ་ཐེབས།།

ཕ་བླ་མ་ཞིག་གི་སློབ་སྟོན་ཡོད།།
མ་མཁའ་འགྲོ་ཞིག་གི་ལས་གྲོགས་ཡོད།།
བུ་དམ་ཚིག་ཅན་གྱི་ཉམས་ལེན་ཡོད།།
ཚེ་འདི་ཕྱི་སྐྱིད་པའི་གཞི་མ་ཡོད།།

ཕ་དྲན་པའི་ཉི་མ་ཐེངས་གཅིག་མིན།།
མ་སེམས་པའི་དུས་ཚིགས་ལན་གཅིག་མིན།།
བུ་སྐྱེས་ནས་མ་ཤིའི་བར་ཉིད་ལ།།
དྲིན་ཕ་མ་གཉིས་དང་འབྲལ་འདོད་མེད།།

ཕ་ཁུ་བོའི་ཁྱིམ་རྒྱུད་མ་ཟིན་ཡང་།།
ཕ་བླ་མའི་ཐུགས་རྒྱུད་ཟིན་ནས་ཡོད།།
ཕ་བཟང་བོ་བུ་ཡི་རྗེས་འབྲངས་དང་།།
ཕ་བླ་མའི་དྲུང་ལ་མཉམ་འགྲོ་བྱེད།།

ཕ་བླ་མ་དུས་གསུམ་སངས་རྒྱས་ལ།།
ཕ་ངེད་ཅག་འདྲེན་པའི་ལམ་སྟོན་ཡོད།།
ཕ་ཁྱེད་དང་མ་ལོ་དྲིན་ཅན་གཉིས།།
ཕ་བླ་མ་བཟང་པོའི་འཁོར་དུ་འདྲེན།།

༦༠/༡༦/༢༠༡༣ ཕ་ཡབ་ཀྱི་ཉིན་མོར་བྲིས།

རྩོམ་རིག

Post navigation

Previous Post: རྟོག་དཔྱོད་དང་དབྱེ་ཞིབ། གཉིས་པ།
Next Post: དྲན་སྣང་གི་ངོགས་སུ་འཚེར་བའི་མེས་པོ་དམ་པ།

Comments (25) on “ཕ་ཡབ་ཀྱི་ཉིན་མོ་ལ་རྟེན་འབྲེལ་ཞུ།”

  1. བསམ་གཏན་སྒྲོལ་མ། says:
    2013-06-16 at 10:14 pm

    སྡོམ་གསུམ་གྱི་ཞིང་ས་བཤིན་པོ།
    སྐུ་གསུམ་གྱི་འབྲས་བུ་སྟོངས་པ།།
    ཐུག་མེད་ཀྱི་མཁའ་ཡི་པདྨོ།།
    དབང་ཆེན་ཁྱོད་རེ་བ་མཐོ་ཨང་།།

  2. ཏི་སེ་བ། says:
    2013-06-16 at 10:51 pm

    སྙན་ཚིག་ཉམས་འགྱུར་སེམས་ལ་བྲོ་བ་གནང་།།
    ཚིག་ཕྲེང་ཉུང་ཡང་སློབ་བྱ་བཟོ་མོ་ཡོད།།
    འདི་ལྟར་རྩོམ་གྱི་གོམས་སྲོལ་བོད་ཀྱི་རྒྱན།།
    ཡང་ཡང་སྤེལ་ན་དགའ་བསུ་གྲངས་མེད་ཡོད།།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-16 at 11:35 pm

    སྤྲུལ་སྐུ་དབང་ཆེན་ལགས་ཀྱིས།

    ཕ་རྒོད་པོ་ཞིག་གི་ལག་རྟེན་ཡིན།།
    མ་མཛངས་མ་ཞིག་གི་སེམས་རྟེན་ཡིན།།
    བུ་དཔའ་བོ་ཞིག་གི་འདུན་ལམ་ཡིན།།
    སྐྱིད་འཚོ་བ་ཞིག་གི་ལོ་རྒྱུས་ཡིན།། ་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-16 at 11:43 pm

    ཕའི་ཉིན་མོར།
    ཕ་རྒོད་པོ་ཞིག་ལ་ལག་རྟེན་འབུལ། །
    མ་མཛངས་མ་ཕ་ཡི་སེམས་རྟེན་འབུལ། །
    བུ་བུ་མོའི་འདུན་ལམ་ཕ་མར་འབུལ། །
    ཕ་མཁས་མཛངས་ཡོད་པའི་བུ་ཕྲུག་ཚོ། །

  5. གཡག says:
    2013-06-17 at 1:46 am

    སྤྲུལ་སྐུ་དབང་ཆེན་ཟེར་བ་ལགས། ཕ་ཡབ་ཀྱི་ཉིན་མོ་ཞེས་ལབ་དུས་གོ་བ་གང་ཡོད། ཡབ་ནི་ཕ་ཡི་ཞེ་ས་རེད། ཕ་ཡབ་ཅེས་མཉམ་སྦྱར་གནང་ན་ག་རེ་སྟོན་གྱི་ཡོད། གོ་བ་གང་ཡང་མི་འདུག

    གཞན་རང་གིས་རང་གི་ཕ་ལ་ཡབ་ལབ་པ་དེ་རང་གིས་རང་ལ་ཞེ་ས་སྦྱར་བ་དང་ཆ་རྐྱང་རེད་ལོ། སྤྲུལ་སྐུ་བླུན་པོ།

  6. ལྷ་སྒང་བློ་ཆོས་གྲགས། says:
    2013-06-17 at 5:17 am

    མགུར་ཉམས་འདུག སྙན་པོ་བྱུང་།པ

  7. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-17 at 6:54 am

    འོ་ན་མ་ཡུམ་ཟེར་དུས་མ་ནི་ཨ་མ་རེད། ཡུམ་ནི་ཨ་མ་རེད། འདི་གཉིས་མཉམ་སྦྱར་བྱེད་པའི་ལམ་ལུགས་ས་ཁྱབ་རྡོ་ཁྱབ་ལ་ཇི་ལྟར་འགྲེལ་ལམ།

  8. བན་དེ་བ། says:
    2013-06-17 at 8:40 am

    འབྲོང་གཡག་གཉིས་ནི་སྤུན་ཡ་ཡིན་འཛིངས་མ་འདུག

  9. གཡག says:
    2013-06-17 at 9:41 am

    ཞོལ་གཡག་འབྲོང་བརྒྱུད་ཟེར་བ་ལགས་་་་་་་་་་་་་་་་དང་པོ་འབྲོང་བརྒྱུད་ཅེས་པའི་སྔོན་གྱི་བ་ཡིག་དེ་ལ་བསམ་བློ་གཏོང་རོགས་ལོ། སྙིང་རྗེ་རང་མིང་ཙམ་ཡང་འབྲི་ཤེས་ཀྱི་མེད་པ་འདྲ། ཁ་བཅད་སྣ་སྦྱར་གྱི་དཔེ་དང་། རིགས་འགྲེ་ཕུངས་ལུགས་ཀྱི་དཔེ་སོགས་ཐོས་ཨེ་མྱོང་།

    མ་ཡུམ་དང་ཕ་ཡབ་གང་ཡིན་ཡང་རང་གིས་རང་གི་ཕ་མ་ལ་དེ་འདྲ་ཞུ་སྲོལ་མེད་པ་དེ་དང་པོར་མཁྱེན་པར་གྱིས། ཞེ་ས་ཞུ་ལུགས་མི་ཤེས་པའི་མཐའ་འཁོབ་གང་ཞིག་ནས་ཕེབས་པ་ཡིན།

  10. འདྲེ་རྐང་ཐོ། says:
    2013-06-17 at 10:37 am

    བལྟས་བལྟས་རིག་རིག་ལ་སྤྲུལ་རྫུན་འདིའི་རྩོམ་རྩལ་ཇེ་ཡག་ལ་བུད་ཐལ།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-06-17 at 10:46 am

    ཁོང་གི་ཕ་ཡབ་དེ་དང་། ཁོང་གི་མ་ཡུམ་དེ། ཟེར་སྲོལ་ཡོད་པ་ལས། ངའི་ཕ་ཡབ་དང་ངའི་མ་ཡུམ་དེ། ཞེས་ཟེར་སྲོལ་རང་མེད།

  12. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-17 at 3:08 pm

    གཡག་ཞར་བས་རྩ་ཐང་མ་མཐོང་བར་བ་ཕྱུགས་གཅིག་གྲམ་ཐང་དུ་སླེབས་པ་མཐོང་འདུག་ག། ཧ་ཧ།
    རང་ལ་ཕ་མ་ལས་བཀའ་དྲིན་ཆེ་བ་ཞིག་མེད་ཚོད་ལ་རང་གི་ཕ་མར་ཞེ་ས་ཞུ་མི་ཆོག་པའི་རྒྱུ་མཚན་ཞིག་བཤོད་དང་། ངའི་ཡབ་ཆེན་དང་ངའི་ཡུམ་ཆེན་ཞེས་བོད་ཀྱི་ཞེ་ཚིག་ནང་ས་ཁྱབ་རྡོ་ཁྱབ་ཡིན་པ་མི་ཤེས་པ་དེས་ཁ་བཅད་སྣ་སྦྱར་དང་ར་མགོ་ལུག་སྦྱར་གྱིས་མ་བག་མར་ལེན་མཁན་མཐའ་འཁོབ་ཀྱི་ཀློ་པ་ངོ་མ་དེ་རེད་དོ། ཧ་ཧ།
    སྤྱིར་ཞེ་སའི་འཇུག་ཡུལ་ལ་མཚོན་ན། རང་གིས་རང་ལ་ཞེ་ས་མི་འཇུག་ལ་ཕ་མས་ཕྲུ་གུ་དང་དགེ་རྒན་གྱིས་དགེ་ཕྲུག་ལ་ཞེ་ས་འཇུག་ཡུལ་མིན་པ་མ་གཏོག་ཕྲུ་གུས་ཕ་མར་ཞེ་ས་ལོས་ཞུ། དགེ་ཕྲུག་གིས་དགེ་རྒན་ལ་ལོས་ཞུ། གཞོན་པས་རྒན་པ་དང་། ཁྱིམ་པས་རབ་བྱུང་བ་སོགས་ཞེ་ས་འཇུག་ཡུལ་མང་པོ་རེད། ད་དུང་དངོས་པོ་དང་དུད་འགྲོ་ལ་ཡང་ཞེ་ས་འཇུག་པའི་ལམ་ལུགས་ཡོད་པ་དཔེར་ན། ཆིབས་ཆེན། ཆིབས་རྟ། ཆིབས་འཁོར། ཆིབས་ལྕགས། ཆིབས་གྲུ། ཆིབས་སྟེགས། ཆིབས་ཏོག། ཆིབས་ར། གཟིམ་ཁྱི། གཟིམ་གཡོག། གཟིམས་ཁྲི། གཟིམས་གུར། གཟིམས་ཆས། གཟིམས་ཤག་སོགས་སྣ་ཚོགས་ཡོད་པ་རེད་དོ།

    དེ་ནས་ཀརྡོ་གཉེར་ཕྱག་འདི་ཡང་རང་གི་ཡབ་ཡུམ་ལ་བཀའ་དྲིན་བསམ་ཤེས་མེད་ལ་གུས་བརྩི་དང་ཞེ་ས་ཞུ་མི་ཤེས་མཁན་གྱི་བུ་རུལ་ཐ་ཤལ་བ་ཞིག་རེད་འདུག།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-06-17 at 8:16 pm

    ༡༢༽ ཞོལ་གཡག་འབྲོང་བརྒྱུད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ གི་ཆུ་ཚོད་ ༡༥ སྐར་མ་ ༠༨

    གཡག་ཞར་བས་རྩ་ཐང་མ་མཐོང་བར་བ་ཕྱུགས་གཅིག་གྲམ་ཐང་དུ་སླེབས་པ་མཐོང་འདུག་ག། ཧ་ཧ།
    རང་ལ་ཕ་མ་ལས་བཀའ་དྲིན་ཆེ་བ་ཞིག་མེད་ཚོད་ལ་རང་གི་ཕ་མར་ཞེ་ས་ཞུ་མི་ཆོག་པའི་རྒྱུ་མཚན་ཞིག་བཤོད་དང་། ངའི་ཡབ་ཆེན་དང་ངའི་ཡུམ་ཆེན་ཞེས་བོད་ཀྱི་ཞེ་ཚིག་ནང་ས་ཁྱབ་རྡོ་ཁྱབ་ཡིན་པ་མི་ཤེས་པ་དེས་ཁ་བཅད་སྣ་སྦྱར་དང་ར་མགོ་ལུག་སྦྱར་གྱིས་མ་བག་མར་ལེན་མཁན་མཐའ་འཁོབ་ཀྱི་ཀློ་པ་ངོ་མ་དེ་རེད་དོ། ཧ་ཧ།
    སྤྱིར་ཞེ་སའི་འཇུག་ཡུལ་ལ་མཚོན་ན། རང་གིས་རང་ལ་ཞེ་ས་མི་འཇུག་ལ་ཕ་མས་ཕྲུ་གུ་དང་དགེ་རྒན་གྱིས་དགེ་ཕྲུག་ལ་ཞེ་ས་འཇུག་ཡུལ་མིན་པ་མ་གཏོག་ཕྲུ་གུས་ཕ་མར་ཞེ་ས་ལོས་ཞུ། དགེ་ཕྲུག་གིས་དགེ་རྒན་ལ་ལོས་ཞུ། གཞོན་པས་རྒན་པ་དང་། ཁྱིམ་པས་རབ་བྱུང་བ་སོགས་ཞེ་ས་འཇུག་ཡུལ་མང་པོ་རེད། ད་དུང་དངོས་པོ་དང་དུད་འགྲོ་ལ་ཡང་ཞེ་ས་འཇུག་པའི་ལམ་ལུགས་ཡོད་པ་དཔེར་ན། ཆིབས་ཆེན། ཆིབས་རྟ། ཆིབས་འཁོར། ཆིབས་ལྕགས། ཆིབས་གྲུ། ཆིབས་སྟེགས། ཆིབས་ཏོག། ཆིབས་ར། གཟིམ་ཁྱི། གཟིམ་གཡོག། གཟིམས་ཁྲི། གཟིམས་གུར། གཟིམས་ཆས། གཟིམས་ཤག་སོགས་སྣ་ཚོགས་ཡོད་པ་རེད་དོ།
    དེ་ནས་ཀརྡོ་གཉེར་ཕྱག་འདི་ཡང་རང་གི་ཡབ་ཡུམ་ལ་བཀའ་དྲིན་བསམ་ཤེས་མེད་ལ་གུས་བརྩི་དང་ཞེ་ས་ཞུ་མི་ཤེས་མཁན་གྱི་བུ་རུལ་ཐ་ཤལ་བ་ཞིག་རེད་འདུག། ་་་་་་ཟེར་ན།

    འོ་ན། ཡོངས་འཛིན། ངའི་ཡབ། ངའི་ཡུམ། ངའི་གཟིམ་ཁྱི། ངའི་ཕྱག ངའི་སྤྱན། ངའི་གསང་ཡུམ། ངའི་ཕྱག་དཔེ། ངསི་སྙུང་གཞི་། ངའི་སྐུ་ཚེ་་དང་། ༡༢༽ཞོལ་གཡག་ང་རང་ལགས་ཀྱི་འབྲོང་བརྒྱུད་པ་ཞེས་ཟེར་སྲོལ་ཡོད་པ་དེ་ཁྱོད་ཕ་ཡུལ་ཡིན་ན་མ་གཏོགས། བོད་ཁྱོན་ཡོངས་གཞན་ལ་མེད་དགོས་སོ།། ཧ་ཧ་ཀུ་རེ་དང་བཅས་ཕུལ།

  14. ཞོལ་གཡག་འབྲོང་རྒྱུད། says:
    2013-06-18 at 3:22 am

    ཀརྡོ། འོ་ན་ང་དང་ཕ་མ་གཉིས་གང་ཟག་གཅིག་ཨེ་རེད། ཞེ་ས་འཇུག་ཡུལ་གང་ཟག་རང་ཉིད་ཀྱིས་རང་ཉིིད་ལ་ཞེ་ཚིག་འབོད་པའི་ལུགས་སྲོལ་མེད་པ་རེད་མ་གཏོག་གང་ཟག་རང་ལས་ཐ་དད་པའི་ཕ་མ་སྤུན་མཆེད་ལ་ཞེ་ཚིག་འབོད་མི་ཆོག་པའི་ལམ་ལུགས་ཞིག་བོད་ཡུལ་ས་ཕྱོགས་གང་ན་ཡོད་པ་རེད།

  15. ཞོལ་གཡག་འབྲོང་རྒྱུད། says:
    2013-06-18 at 7:04 am

    ཁ་བརྡ་ཚང་ལ་ཞུ་རྒྱུར། ཕྲན་གྱི་སྨྱུག་མིང་ནང་གི་བ་སྔོན་འཇུག་གཅིག་ལྷག་འདུག་པས་དེ་མེད་པར་བཟོས་ལགས་ན་དག་མཆན་གནང་རྒྱུར་རེ་བ་ཡོད་ལགས།

  16. གཡག says:
    2013-06-18 at 8:29 am

    ཧ་ཧ་་་་་་་་་་་་་་་་་་་་ཞོལ་གཡག་འབྲོང་བརྒྱུད་ལགས་་་་་་་་་་་་་བརྒྱུད་ཀྱི་སྔོན་འཇུག་ བ་་་་་དེ་ད་རུང་མི་ལེན་པ་ཡིན་ནམ། མཁྱེན་ཡངས་ཀརྡོ་གཉེར་ཕྱག་པ་ལགས་ནས་ཁྱེད་ལ་དགག་ལན་ཚ་ཐག་ཆོད་པ་འབུལ་འདུག ཁོ་བོས་བསྐྱར་དགོས་ཀྱི་ངལ་བ་མི་ཞུའོ།
    རང་ངོ་རང་གིས་ཤེས་པར་གྱིས་ཤིག ཧ་ཧ་་་་་་་་་་་་་

  17. གཡག says:
    2013-06-18 at 8:35 am

    ད་རུང་་་་་་་་་ཞོལ་གཡག་འབྲོང་བརྒྱུད། བླུན་པོ་ཉོན་ཨ།
    རང་ལ་བཀའ་དྲིན་ཆེ་ན་ཞེ་ས་ཞུ་དགོས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། རྟགས་ཁས། འདོད་ན། ཁྱེད་ཀྱི་དགའ་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན་ངའི་གསང་ཡུམ་ཞེས་སོགས་འབོད།
    ཁྱབ་པ་མེད་ན་ཚཱ་ཚཱ་་་་་་་་་་་་་
    དེ་ལ་རིག་ལམ་ཟེར་ལེ་རེད་དོ།

  18. ཞོལ་གཡག་འབྲོང་རྒྱུད། says:
    2013-06-18 at 2:49 pm

    ཧ་ཧ། གཡག་ཞར་བས་རིག་ལམ་བཏང་ན་འདི་འདྲ་ཡིན་རྒྱུ་རེད། ཨ་མ་དང་དགའ་མ་གཉིས་བཀའ་དྲིན་ཆེ་མཉམ་ཡིན་པ་འདྲ། བྱས་ཙང་ངས་གོང་དུ་མ་བག་མར་ལེན་མཁན་གྱི་ཀློ་པ་རེད་ཞེས་བཤད་པ་དེ་དོན་ལ་གནས་མི་འདུག་གམ། ཧ་ཧ།
    ད་དུང་ཁྱོད་ཀྱི་མཆན་ཐུང་ནང་ཀརྡོས་དགག་ལན་ཚ་ཐག་ཆོད་འབུལ་འདུག་ཟེར། ག་དུས་འབུལ་གྱི་རེད། ཧ་ཧ།
    ངའི་བརྒྱུད་ཀྱི་བ་སྔོན་འཇུག་དེ་མི་ལེན་པའི་རྒྱུ་མཚན་བཤད་ན་ཁ་བརྡ་ཚང་གི་དག་མཆན་ལ་སྒུག་རྒྱུར་ཅུང་ཉོབ་བསྡད་ཡོད།
    ད་དུང་ཚ་ལ་འ་ཆུང་བཏགས་པ་དེ་སུའི་ལམ་ལུགས་རེད། གཡག་ཞར་གྱི་རིག་ལམ་ཡིན་རྒྱུ་ཨེ་རེད། རིག་ལམ་མཁས་མདོག་གིས་བླུན་པོ་ལས་སྐྱོ་བ་རང་མདོག་མ་བསྟོན་ལོ་ལོ།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-06-19 at 11:30 pm

    བོད་སྐད་ཞེ་སའི་ནང་ལ། ང་ཀརྨ་རྡོ་རྗེ་ལགས་ཡིན། ངའི་ཕྱག་གིས་ཕྱག་བྲིས་འབྲི་བགྱིད་ཡོད། ང་མཁྱེན་རྒྱ་ཆེན་པོ་ཡོད། ངའི་ཡབ་དང་ཡུམ་ལ་ཁྱོད་ཀྱི་ཕྱག་འཚོལ་ཅིག ངའི་གཟིམ་ཁྱི་་དེབརླགས་སོང་། ཞེས་སོགས་ཟེར་སྲོལ་ཡོད་མ་རེད་དོ། །༡༤༽ཞོལ་གཡག་འབྲོང་རྒྱུད་ལགས།

  20. ཞོལ་གཡག་འབྲོང་རྒྱུད། says:
    2013-06-20 at 1:05 am

    གང་ཟག་རང་ཉིད་ལ་ཞེ་ས་འབོད་དགོས་པ་ཞིག་ངས་གང་དུ་བཤད་འདུག། འབྲེལ་མེད་དོན་གཞན་གྱི་གཏམ་རྙོག་མ་གླེང་རོགས།
    འོ་ན་ངའི་ཨ་མ་ལགས། ངའི་པཱ་ལགས། ངའི་ཨ་ཅག་ལགས། ཟེར་སྲོལ་མེད་པ་ཨེ་རེད། བོད་སྐད་ཞེ་སའི་མཇུག་ཡུལ་རང་ལས་མཐོ་བར་ཞེ་ས་ཞུ་སྲོལ་ཡོད་པ་ཁྱོད་ཀརྡོ་ལུང་པར་དེ་འདྲ་མེད་པ་ཨེ་རེད།
    མཐའ་ན་གཏོང་ཡིག་ཞིག་འབྲི་དུས། བྱམས་བརྩེ་བཀའ་དྲིན་མཚུངས་མེད་བདག་གི་ཡབ་ཡུམ་གཉིས་ཀྱི་དྲུང་དེུད ཞེས་འབྲི་སྲོལ་དེ་ཀརྡོས་གང་འདྲ་འབྲི་ཡི་ཡོད་དམ། ངའི་ཕ་མ་གཉིས་ལ་སྤྲིངས། འདི་ལྟར་འབྲི་རྒྱུ་ཡིན་པ་འདྲ།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-06-20 at 2:24 am

    ངའི་པཱ་ལགས། མ་རེད། ངའི་ཕ་ལགས། ལབ་དགོས་རེད།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-06-20 at 2:26 am

    ངའི་ཨམ་ལགས། ལབ་པ་དང་། ངའི་མ་ཡུམ་ལབ་པ་གཉིསས་ལ་ཁྱད་པར་ཅུང་ཟད་དགོས་སྙམ་ལགས། ངས་བྱས་ན། དང་པོ་དགོས་ལ། གཉིས་པ་མི་འཐད་སྙམ་པས། མུ་མཐུད་དཔྱད་པར་འཚལ།

  23. ཞོལ་གཡག་འབྲོང་རྒྱུད། says:
    2013-06-20 at 3:20 am

    བདག་གི་ཡབ་ཡུམ་གཉིས་ཀྱི་དྲུང་དུ། ཞེས་གཏོང་ཡིག་གི་འབྲི་སྲོལ་དེ་ཇི་ལྟར་འགྲེལ་དགོས་སམ། དཔེར་ན། ཁྱེད་ཀྱི་ཆུ་ངོགས་གཏམ་བརྒྱུད་ཀྱི་གློག་བརྙན་གཟིགས་མྱོང་ཡོད་ན་དེའི་ནང་སུང་ཅཱང་གིས་ཁོ་རང་གི་ཕ་ལ་ངའི་ཡབ་ཆེན་ལགས་སོགས་མང་པོ་ཞིག་འབོད་ཀྱི་འདུག། མ་གཞི་ང་ལྷ་སར་སྐྱེས་པའི་མི་ཞིག་ཞེ་ས་བེད་སྤྱོད་ཆེ་ཤོས་ཀྱི་སྤྱི་ཚོགས་རེད་ལབ་ན་ཡང་མི་འགྲིགས་པ་གང་ཡང་མེད་ལ་ཞེ་སའི་བསྐོར་ཆ་བརྒྱུས་ཡ་བརྒྱུས་གཏོག་ཙམ་ཡོད། དེས་ན་ཕ་ལ་ཡུལ་མི་རང་བཞིན་གྱི་ཁ་སྐད་ནང་པཱ་ལགས་དང་པ་ཕ་ཞེས་པའི་ཁ་སྐད་ཀྱི་ཐ་སྙད་དང་སྒྲ་འདི་བེད་སྤྱོད་ཆེ་བ་དང་། མ་ལ་ཨ་མ་ལགས་ཞེས་འབོད་ཁྱབ་ཆེ། མ་གཞི་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་གཞན་གྱི་སྐད་ཡིག་དང་མི་འདྲ་བར་ཆོས་སྐད་དང་ཡིག་སྐད་ཁ་སྐད་ཕལ་སྐད་དབར་བར་ཁྱད་ཆེན་པོ་ཡོད་པ་དེས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུར་དཀའ་ངལ་འཕར་མ་ཞིག་རེད་ལ། བཙན་བྱོལ་གྱི་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མས་གཏོང་ཡིག་ཡག་པོ་ཞིག་ཀྱང་འབྲི་མི་འཁྱོངས་པ་དེ་འདི་ནས་བྱུང་བ་ཞིག་རེད།

  24. གཡག says:
    2013-06-22 at 8:32 am

    ཧ་ཧ་་་་་་་་་་་་ཞོལ་གཡག་འབྲོང་རྒྱུད་ལགས་་་་་་་་་་དང་པོ་བ་ཡིག་སྔོན་འཇུག་བླངས་འདུག ངའི་བསམ་འཆར་བཤད་པ་ཕན་ཐོགས་བྱུང་འདུག དེ་ཁྱོད་ཡག་པོ་འདུག གཞན་ང་ཉིན་ཤས་ལ་ཁོམ་མ་སོང་མོད། ཁྱོད་ཀྱི་ཉོག་ཚིག་ལོང་བ་གང་བྲིས་འདུག རེ་རེ་བཞིན་དགག་པའི་དགེ་པ་མ་མཐོང་། ཁྱོད་ཙམ་ལ་དགག་རིན་ཡང་མི་འདུག དགག་ལན་གཅིན་པ་མི་ཐོངས་པ་ཞིག་བྲིས་ཀྱང་ཁྱོས་ཅང་གོ་ས་ནི་མ་རེད།

    ཆུ་ངོགས་གཏམ་རྒྱུད་སོགས་དྲངས་རྒྱུར་ངོ་མི་ཚའམ། “དགེ་བཤེས་ལགས་ལ་རྩོད་པ་མ་རྒྱགས། ཀ་བ་ལགས་ལ་རྡོག་ལྕག་མ་བཞུ་”ཟེར་བ་སོགས་སུས་ཞེ་ཚིག་རེད། ལྷ་སའི་སྤང་སྐད་ལ་ལྷ་སྐད་དུ་བརྩི་བཞིན་པ་ཁྱོད་དེའི་གྲས་རེད་འདུག སྔོན་མཁས་དབང་ཧོར་གཙང་བས་ཆུང་ཚེ་རིང་ཟེར་བར་ཞེ་སའི་སྐོར་གྱི་དགག་པ་ཚ་ཐག་གཅོད་པ་གནང་བ་སོགས་ལ་གཟིགས་རོགས་ལོ།

    ཁྱོད་ཙམ་ལ་ངལ་བ་དོན་མེད་དུ་མཐོང་སོང་།

  25. ཀརྡོ་གཉེར་ཕྱག་པ་ says:
    2013-06-22 at 9:30 am

    ཨ་ཡིས།
    ཨ་ཕ་ལགས། ཨ་མ་ལགས། ཨ་ཞང་ལགས། ཨ་ཁུ་ལགས། ཨ་ནེ་ལགས། ཨ་སྲུ་ལགས། ཨ་ཇོ་ལགས། ཨ་ཅེ་ལགས། ་་་་་ད་དུང་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme