Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་མར་སྤྲིངས་བའི་སེམས་ཀྱི་ངུ་ངག

Posted on 2019-02-022019-02-09 By ཁ་བརྡ 2 Comments on ཕ་མར་སྤྲིངས་བའི་སེམས་ཀྱི་ངུ་ངག

དགའ་བ་ནས།

ལེ་དབར་ཁྲི་མ་འབུམ་གྱིས་ཆོད་པའི་སྡེ་རྐྱང་གྲོང་སྟོང་ས་ཞིག་ན།།
ཇ་རྐྱང་རྩམ་ཐང་ཟས་སུ་འཐུས་པའི་མི་ཚེའི་ཕྲེང་བ་བསྐོར་མཁན་མ།།
ཟས་གོས་གནས་མལ་མ་ཆད་མ་སྟོང་ཉིན་ཞག་རེ་རེའི་འཚོ་བའི་ཁྲོད།།
རེ་བའི་མིག་ཞགས་རྒྱང་ལ་གཏད་པའི་དྲིན་ཆེན་ཨ་མ་སྙིང་རེ་རྗེ།།

དགུན་གསུམ་གངས་དང་གྲང་རླུང་ཀློང་ལ་ཐབ་ཁ་གསོ་བཞིན་བུ་ཕྲུག་བསྐྱངས།།
དཔྱིད་གསུམ་རྩྭ་དང་རྩི་ཏོག་འཐུ་བཞིན་རི་ཐང་འགྲིམས་ཏེ་སྒོ་ཟོག་འཚོ།།
དབྱར་གསུམ་འདམ་དང་དྲག་ཆར་གསེབ་ལ་འོ་མ་འཇོ་བཞིན་ཕྱུར་མར་བསགས།།
སྟོན་གསུམ་རྩ་བསྡུས་གྲོག་མ་བརྐོས་ཏེ་བུ་ཡུག་ངོགས་ལ་ངལ་བ་སྤྱད།།

བགྲང་བྱ་བཅུ་ཡི་ཡ་སྔོན་ཞིག་ནས་འཛོམས་སྐལ་བྲལ་བའི་ཡུམ་ཆེན་མ།།
མི་ཚེ་གཅིག་ལ་སྙིང་དང་འདྲ་བའི་ལུས་སྦྱིན་སྲོག་གི་ཟེའུ་འབྲུ་མ།།
སྐལ་བ་སྟོང་གི་འཆི་གསོན་བར་ནས་ཡ་ཆུང་སེམས་ཀྱིས་གཅེས་པའི་མ།།
སེམས་འཁྲེན་ལྕི་མོས་རྒྱ་མཚོ་འཁྱིལ་བའི་མིག་ཆུའི་བདག་པོ་ཁྱེད་ལས་མེད།།

མེད་མུག་འཚོ་བ་རྨང་ནས་སྟོང་བའི་ས་མཐའི་ལམ་འཕྲང་སྐྱ་བོའི་ངོགས།།
བྱམས་བརྩེ་སྟོང་གི་འོད་ཞགས་ལྡན་པའི་མ་ལོའི་བཀའ་དྲིན་བློ་ལ་སྒོམ།།
ཕུགས་བསམ་ཆེ་མ་ཆུང་གི་སླད་དུ་མ་འགྲིམས་ཀ་མེད་ལམ་དོག་ནས།།
དྲན་སླ་བརྗེད་དཀའ་མི་ཞིག་མཆིས་པ་དྲིན་ཆེན་ཁྱེད་ལས་སུ་ཞིག་ཡོད།།

ཨ་ཕ།

དྲིན་ཆེན་ཨ་མ་གླེང་སློང་བྱེད་ཀྱིན་ཞེ་ལ་ཐོགས་པའི་མྱི་ཞིག་མཆིས།།
མི་ལོ་བདུན་གྱི་ཡ་སྔོན་ཞིག་ནས་ཕྱིར་འཁོར་མེད་པའི་གླིང་ཞིག་ལ།།
འཚོ་སྐལ་བཟང་པོ་གློ་བུར་ཟད་དེ་ཕྱི་མའི་ལམ་དུ་ཆས་ཟིན་སྐད།།
ཡུལ་གྱར་བུ་ངས་ཐོས་པའི་མོད་ལ་སྐྱོ་ནས་སྙིང་དམར་ས་ལ་ཟགས།།

ཆུ་འཁྱག་གྲང་མོ་སྙིང་ལ་བརྫངས་ལྟར་ཡིད་སེམས་སྡུག་པའི་ན་ཟུག་དེས།།
འགྲོ་འདུག་གནས་མལ་ཚུགས་ཀ་ཤོར་ཏེ་ངུ་ངག་ཤོར་བ་གྲངས་མེད་ཡིན།།
གསོན་ན་སྲོག་ལྟར་གཅེས་པའི་ཕ་རྒན་བྲལ་བས་ཤུལ་ལ་སྡུག་བསྔལ་ཞིག །
འཆི་ན་ཁྱེད་དང་ངོ་འཛོམས་མེད་པས་འཚོ་བའི་རེ་ཞགས་འཇའ་ལྟར་ཡལ།།

ཤུལ་དུ་ལུས་པའི་བུ་ཕྲུག་ཅིག་གིས་ས་མཐའི་ལམ་བུ་འཁྱོག་པོ་ནས།།
ཁྱིམ་བདག་མེད་མེད་པའི་དྭ་ཕྲུག་བཞིན་དུ་སྤྲང་ལམ་བརྒྱུད་དེ་གང་སར་ཉུལ།།
རི་ཆུ་སྟོང་གི་ཕར་ལ་ཆས་ཀྱང་ཕ་ཁྱེད་འཕྲད་པ་མི་སྲིད་དུས།།
སེམས་པ་གསོན་པ་ས་ལ་ལྷུང་སྟེ་གདུང་བའི་མཆིལ་མས་ངོ་གདོང་བརླན།།

དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་ཚེ་རབས་འདི་ཀོའི་སྐྱབས་མགོན་ཕ།།
ཉིན་མོའི་ཉི་དང་མཚན་མོའི་ཟླ་བཞིན་བདག་གི་ལམ་སྒྲོན་མུན་གསལ་ཕ།།
འཆི་བདག་བཙན་པོའི་རླུང་ནག་འཚུབ་ཏེ་ཕྱིར་གླིང་ཁམས་ལ་བདས་པའི་རྗེས།།
ལས་དབང་མུག་པོའི་དུད་ནག་འཁྲིགས་ཏེ་རྐང་ལམ་ཁྲ་མོ་འགག་སྟེ་ཐལ།།

སྙན་ངག

Post navigation

Previous Post: ས་ཕག་གནམ་ལོ་གསར་ཚེས་ལ་ཕུལ་བའི་ཀ་བཤད།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (7)

Comments (2) on “ཕ་མར་སྤྲིངས་བའི་སེམས་ཀྱི་ངུ་ངག”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-02-03 at 5:08 am

    སྔོན་བསགས་ལས་ཀྱི་སྦྱིན་པའི་འབྲས་བུ་དུས་ལ་སྨིན་པ་ས་མ་ཡ།
    འཁོར་བའི་སྡུག་བསྔལ་རྫོགས་མཐའ་མེད་པ་ལས་ཀྱི་སྦྱིན་པ་རྣམ་སྨིན་ཙམ།
    དཀར་ནག་ལས་འབྲས་ཤིན་རྗེའི་ཁྲིམས་ར་འཇིག་རྟེན་ཁྲིམས་ལས་རྒྱ་འགྱུར་བཙན།
    ཉམས་ཐག་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་མཆོག་ནོར་བུ་དམ་ཆོས་ཙམ།

  2. AྀBHARU JIGWANG says:
    2019-02-27 at 10:06 pm

    ཡ་་་ཁྱོད་རང་་་བོད་མི་རིགས་ཀྱི་བླ་སྲོག་་་བོད་ཀྱི་སྐད་ཡིག་ཡིན་པར་བརྟེན་་་གང་ཡག་གང་ལེགས་
    བྲིས་འདུག་པ་་་ཐུགས་རྗེ། དེ་ལྟར་སྔར་བཞིན་ཙོམ་སྤེལ་གནང་རོགས་ཕན་ཐོགས་ཆེན་པོ་འདུག།
    བཀྲིས་བདེ་ལེགས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme