Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་མའི་ཚོགས་ཆེན་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་སྤེལ་བ།

Posted on 2015-08-112015-08-11 By ཁ་བརྡ 9 Comments on ཕ་མའི་ཚོགས་ཆེན་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་སྤེལ་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

DSC_00483-1

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།

 
ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༡ ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། ཤེས་རིག་བཀའ་བློན་གྱིས་དབུས་པའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ། དེ་བཞིན་སམ་བྷོ་ཌའི་སྤྱི་ཁྱབ་འགན་འཛིན་དང་། མ་སུ་རི་བོད་ཁྱིམ་དང་རྡ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་རྣམ་པ། སློབ་སྤྱི་རྣམ་པ། ལས་བྱེད་རྣམ་པ། དེ་རིང་འདི་གར་ཆེད་དུ་གཉེར་ནས་ཕེབས་པའི་ཕ་མ་རྣམ་པ་བཅས་ལ་བཀའ་ཤག་གིས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་ཞུ་རྒྱུ་ཡིན། ཐེངས་འདིའི་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་དགོས་དོན་སྐོར་ཤེས་རིག་བཀའ་བློན་མཆོག་གིས་ཞིབ་ཕྲ་གསུང་པར་བརྟེན། རྣམ་པ་ཚོ་ཚང་མས་ཡིད་ལ་འཇགས་པའི་ཐོག་ནས་ས་གནས་ས་ཐོག་ཏུ་ཕེབས་ནས་ལག་བསྟར་བྱེད་རྒྱུར་ཐུགས་ཕན་གསོ་གི་རེད་བསམས་བྱུང་། ངས་དོན་ཚན་བཞི་ཙམ་གྱི་ཐོག་ལ་ཞུ་རྒྱུ་ཡིན།
དོན་ཚན་དང་པོ་ནི། སྐབས་ ༡༤ བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་དགོས་དོན་དང་།
གཉིས་པ་ནི། ཤེས་ཡོན་གལ་ཆེན་པོ་ཡིན་དགོས་དོན།
གསུམ་པ་ནི། ཕ་མའི་ལས་འགན་གང་ཡིན་པ།
བཞི་པ་ནི། ང་ཚོ་ཚང་མ་མཉམ་འབྲེལ་ཐོག་གནང་དགོས་པ་གང་ཡོད་པ་བཅས་ཀྱི་ཐོག་ཞུ་ན་དྲན་བྱུང་།

དང་པོ་ནི། སྐབས་ ༡༤ བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཡིན་ཞེས་ཞུ་དགོས་དོན་ནི། ང་རང་ལྟ་བུ་ཞིག་ལ་ཆ་བཞག་ན། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ངོས་རང་རྡ་སར་དངོས་སུ་བཅར་བའི་སྐབས་དེར་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་བཅུ། བཅོ་ལྔ་རིང་འཐོམ་མ་སངས་པར་ལྷག་པ་ཡིན་སྲིད་ཀྱི་རེད། འོན་ཀྱང་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་འདུག ང་ཚོས་བྱེད་ཐུབ་པ་དེ་ཤེས་ཡོན་རེད། ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་འདུག ཅེས་ཐུགས་ཕམ་ཐོག་ནས་བཀའ་སློབ་སྩལ་སྐབས་ངོས་རང་སེམས་ནང་ན་ཟུག་གི་ཚོར་སྣང་ལྗིད་པོ་ཞིག་དང་། སྐྱོ་སྣང་དང་ལྷན་དངངས་ཚབ་ཀྱང་བྱུང་། སྐབས་དེར་ང་རང་ཨ་རི་ཧར་ཝ་ཌི་མཐོ་སློབ་ནང་ཉམས་ཞིབ་པ་ཡིན། ཕྱིར་ཨ་རིར་འབྱོར་རྗེས་ད་ག་རེ་བྱེད་དགོས་ཀྱི་འདུག་བསམ་པའི་ཐོག་ནས་ཤེས་རིག་ལས་ཁུངས་དང་འབྲེལ་བ་ཞུས་ནས་སློབ་གྲྭ་ཁག་གི་ཞལ་ལག་ཕྲན་བུ་ཡར་རྒྱས་གཏོང་ཐུབ་པ་ཡིན་ན་ཕན་གྱི་རེད་བསམ་སྟེ་ལོ་རེར་ཨ་སྒོར་ཁྲི་གཉིས་ནས་ལྔ་བར་དང་། སྐབས་རེ་འབུམ་གཅིག་བཅས་བཏང་ནས་སློབ་གྲྭ་ཁག་གི་ཞལ་ལག་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཞིག་སྤེལ་བ་ཡིན།

DSC_00561

ད་ལྟའི་བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཡིན་ཞེས་གསལ་བསྒྲགས་བྱས་པ་ནང་བཞིན། འབད་བརྩོན་ཡང་བྱས་དང་བྱེད་མུས་ཡིན། ཕྲུ་གུར་ཕ་མས་བརྩེ་བ་དང་དོ་སྣང་། འབྲེལ་བ་མེད་པ་ཡིན་ན། རང་བཞིན་གྱི་ཕྲུ་གུའི་སེམས་ཤུགས་ཆགས་པ་དང་། སེམས་པ་སྐྱོ་བ་སོགས་ཡོང་སྲིད་ཀྱི་རེད། ང་ཚོའི་ཕྲུ་གུ་རྣམས་འཚོ་བ་གཅིག་པུའི་དོན་དུ་སློབ་གྲྭར་གཏོང་གི་མེད། མ་འོངས་བོད་ཀྱི་རྩ་དོན་རྩོད་མཁན་དང་མ་འོངས་པའི་སོན་རྩ་དེ་སློབ་ཕྲུག་རྣམས་ཡིན་སྟབས་ཆུང་དུས་སྐབས་ནས་བཟོ་ལྟ་ཡག་པོ་བཟོ་མ་ཐུབ་ན། མ་འོངས་འགོ་ཁྲིད་སྤུས་དག་གཅིག་ཡོང་ཐུབ་ཐབས་མེད། འགོ་ཁྲིད་སྤུས་དག་གཅིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ཚོའི་རྩ་དོན་རྒྱ་ནག་གཞུང་མཉམ་རྩོད་དགོས་ཀྱི་ཡོད། བདེན་པ་ང་ཚོར་ཡོད་རེད་དེ་ཐུག་ས་དེ་རྒྱ་ནག་གཞུང་རེད།
རྒྱ་ནག་དང་བོད་མི་རིགས་ཀྱི་གྲངས་འབོར་གྱི་བརྒྱ་ཆ་གཉིས་བསྡུར་ན། བོད་མི་ས་ཡ་དྲུག་རེད། རྒྱ་ནག་ཐེར་འབུམ་གཅིག་དང་ས་ཡ་སུམ་བརྒྱ་རེད། རྒྱ་ཧན་མི་རིགས་གཅིག་པུར་ཐེར་འབུམ་གཅིག་དང་ས་ཡ་ཉི་བརྒྱ་ཡོད། གང་ལྟར་ས་ཡ་ཆིག་སྟོང་ཉིས་བརྒྱ་རེད། བརྒྱ་ཆ་བགོས་པ་ཡིན་ན་ང་ཚོའི་མི་འབོར་བརྒྱ་ཆ་ཕྱེད་ཀ་རེད། རྒྱ་རིགས་བརྒྱ་དགུ་བཅུ་གོ་དགུ་དང་ཕྱེད་ཀ་རེད། གྲངས་ཀར་བགོས་པ་ཡིན་ན། བོད་མི་རེེ་རེས་རྒྱ་མི་གྲངས་བརྒྱ་དང་དགུ་བཅུ་གོ་དགུ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པར་བརྟེན། བོད་མི་ས་ཡ་དྲུག་གི་ནུས་པ་ཆ་ཚང་སྤུངས་དགོས་ཀྱི་ཡོད་པ་ཡིན་ན། མི་འབོར་དང་དཔལ་འབྱོར། དྲག་ཤུགས་སོགས་གང་ཅིའི་ཐད་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐབས་ཁག་པོ་རེད།
འོན་ཀྱང་ང་ཚོར་ནུས་སྟོབས་ཡོད་པ་ཐམས་ཅད་ཤེས་ཡོན་ཐོག་ནས་བྱས་པ་ཡིན་ན་ཏན་ཏན་གདོང་ལེན་དང་བདེན་པ་རྩོད་ཐུབ་ཀྱི་རེད། ཤེས་ཡོན་ལ་འབད་བརྩོན་བྱས་པ་བརྒྱུད་ནས་ནུས་པ་ཆ་ཚང་འདོན་ཐབས་བྱེད་དགོས། ཤེས་ཡོན་ཐོག་འབད་བརྩོན་བྱས་པ་ཡིན་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ཧ་ཅང་གསལ་པོ་རེད། ང་ཚོ་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་དང་མི་དམངས་ཤིག་ཡིན་པར་བརྟེན། མ་འོངས་སོན་རྩ་དེ་མཆོག་ཏུ་གྱུར་པ་ཞིག་དང་། ༸གོང་ས་མཆོག་གིས་བཀའ་དགོངས་ལྟར་གདབ་ཤོག་གཉིས་ལྡན། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད།

དེའི་ནང་ནས་༸གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་བཀའ་སློབ་སྩལ་ཡོད། ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་བདག་གཅེས་བྱས་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་ཅི་ཞིག་བྱུང་བ་བརྒྱབ་པ་ཡིན་ནའང་འགྱུར་མེད་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་ཀྱི་ཡོད་ཅེས་བཀའ་སྩལ་བ་རེད། ང་ཚོ་བོད་པའི་མ་འོངས་སོན་རྩ་རྣམས་ག་འདྲ་ཞིག་བཟོ་དགོས་པ་རེད་བརྗོད་ན་རི་སྐྱེས་མེ་ཏོག་ལྟ་བུ་ཞིག་བཟོ་ཐུབ་དགོས། དེ་འདྲ་ཞིག་ཡོང་བར་འདབ་ཤོག་གཉིས་ལྡན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤེས་ཚད་ལྡན་པའི་ཐོག་ཡ་རབས་བཟང་སྤྱོད་དེ་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གྱི་ཡོད་སྟབས། ང་ཚོ་ཚང་མར་འགན་ཡོད། ཤེས་རིག་བཀའ་བློན་མཆོག་གིས་ཅོག་ཙེ་དང་རྟ་ལ་རྐང་པ་བཞི་དགོས་རེད་གསུངས་སོང་། ངས་དེའི་ཐོག་གཅིག་བསྣན་ན་དྲན་བྱུང་། ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུབ་མོ་ལྔ་ནང་བཞིན་ལྔ་ཀར་འགན་ཡོད།
དང་པོ་དེ། བོད་མིའི་སྒྲིག་འཛུགས་ཀྱིས་འགན་དེ་མཐུན་རྐྱེན་སྐྲུན་རྒྱུ་རེད། དཔལ་འབྱོར་ཐོག་མཐུན་འགྱུར་ཇི་དགོས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད།
གཉིས་པ་དེ། སློབ་སྤྱི་དང་ལས་བྱེད་ཀྱི་འགན་རེད། སློབ་གྲྭའི་སྒྲིག་འཛུགས་དང་། མཐུན་རྐྱེན་ཁག་ལག་བསྟར་བྱེད་རྒྱུ་སློབ་སྤྱི་དང་ལས་བྱེད་ཀྱི་ལས་འགན་རེད།
གསུམ་པ་དེ། དགེ་རྒན་རྣམ་པ་རེད། དགེ་རྒན་ཚོར་འགན་དམིགས་བསལ་ཡོད། དགེ་རྒན་ཡག་སྡུག་གང་འདྲ་ཡོད་མེད་སློབ་ཕྲུག་གི་མི་ཚེ་ནང་ནམ་ཡང་བརྗེད་ཀྱི་མ་རེད།
བཞི་པ་དེ་སློབ་ཕྲུག་རེད། སློབ་ཕྲུག་ཚོ་བརྩོན་འགྲུས་བྱས་ནས་ཡིག་གེ་ཡག་པོ་ངེས་པར་དུ་སྦྱང་དགོས། ཉིན་མ་རེར་ཉུང་མཐར་ཆུ་ཚོད་བཅུ་རིང་སློབ་སྦྱོང་བྱེད་དགོས།
ལྔ་པ་དེ་ཕ་མ་རེད། ཕ་མས་ཕྲུ་གུ་དང་མཉམ་དུས་ཚོད་མང་ཙམ་བསྐྱལ་དགོས། ཕ་མས་སློབ་ཕྲུག་ཆེད་དུ་དུས་ཚོད་བཏོན་དགོས། ཕྲུ་གུ་ལ་དགོས་པ་ནི་ཕ་མ་ཡིན། ཕ་མར་དུས་ཚོད་མེད་ཞེས་པ་ནི་གཡོ་ཐབས་རང་ཡིན་པ་ལས་གཞན་རྒྱུ་མཚན་གང་ཡང་མེད། མཛུབ་མོ་ལྔ་པོ་གཅིག་ཏུ་བསྒྲིལ་པ་ཡིན་ན་ནུས་པ་ཆ་ཚང་སྟོན་ཐུབ་ཀྱི་རེད།

DSC_0065

མཐའ་དོན་ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་འདུག་ཅེས་དང་། ཤེས་ཡོན་དེ་ང་ཚོས་བྱེད་ཐུབ་པ་ཞིག་རེད། དེ་འཐུས་ཤོར་ཕྱིན་པ་བློ་ཕམ་ཡོད་ཅེས་བཀའ་ཕེབས་པ་དང་། ད་ལོའི་ཕྱི་ཟླ་ ༦ པའི་ནང་ཆོས་ངོ་སྤྲོད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དོན། ཉེ་བའི་ཆར་ཤེས་ཡོན་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་ཞིག་འདུག ཤེས་རིག་ལས་ཁུངས་ཀྱི་ལས་ཀ་ཡག་པོ་བྱེད་ཀྱི་འདུག ལས་བྱེད་ཚོ་ཧུར་ཐག་འབད་ཐག་བྱེད་ཤོག་ཨང་ཞེས་བཀའ་ཕེབས་སོང་། སྐབས་དེར་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དེ་ལས་ལྷག་པའི་གསོལ་རས་རྩ་ཆེ་ཤོས་ཤིག་མཐོང་གི་མི་འདུག
གཙོ་ཆེ་ཤོས་ང་ཚོ་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སྩལ་བ་དེ་བསྒྲུབ་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་པར་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཆེ་ཤོས་ཤིག་ཡིན། ད་ལམ་ཐུགས་དགྱེས་པའི་རྣམ་པ་ཞིག་གི་ཐོག་ནས་དེ་འདྲ་ཞིག་བཀའ་ཕེབས་སྐབས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། བཀའ་བློན་རྣམ་པ། དེ་བཞིན་ང་ཚོ་ཚང་མ་སེམས་གཏིང་ནས་ཧ་ཅང་དགའ་པོ་བྱུང་། ད་དུང་ང་ཚོས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་ཐུབ་པ་བྱ་རྒྱུར་འབད་བརྩོན་མུ་མཐུད་གནང་དགོས། ལྷག་པར་ཕ་མ་ཚོའི་ངོས་ནས་འགན་འཁུར་གནང་དགོས་པ་གང་ཡིན་པ་སོགས་དོ་སྣང་བྱས་པ་ཡིན་ན།
ད་ཐེངས་ཀྱི་ཚོགས་འདུ་གཅིག་པུ་ཚོགས་པ་ཙམ་མ་ཡིན་པར་མ་འོངས་པ་ལའང་ཚོགས་ཐུབ་ཀྱི་རེད་ལ། ས་གནས་ས་ཐོག་ཏུའང་ཚོགས་ཐུབ་ཀྱི་རེད། ཕ་མ་རྣམ་པས་ཡར་རྒྱས་སྤུས་ཚད་ལྡན་པ་ཞིག་གནང་བ་ཡིན་ན། རང་གི་བུ་ཕྲུག་འདབ་གཤོག་གཉིས་ལྡན་དེས་ཕ་མ་ལོ་རྒས་པའི་སྐབས་རང་ཉིད་ལ་ཞབས་ཕྱི་ཞུ་རྒྱུའི་ཐུགས་ཕན་གསོས་ཀྱི་རེད། སྤྱི་པའི་རྩ་དོན་ལའང་ཐུགས་ཕན་གསོས་པའི་སྲི་ཞུ་ཞུ་ངེས་རེད། སྤྱི་ཚོགས་ལའང་ཕན་ངེས་རེད། གཙོ་ཆེ་ཤོས་གཞི་ལུས་བོད་མིའི་མངོན་འདོད་བསྒྲུབ་པར་ཕན་ཐོགས་ཀྱི་རེད། མདོར་ན་ཚང་མར་ཕན་ཐོགས་ཡོད་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ང་ཚོས་གང་ཐུབ་གནང་རྒྱུ་དང་། བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་མངོན་འདོད་བསྒྲུབ་རྒྱུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་གནས་པ་ཤོག་ཅེས་སྨོན་འདུན་དང་སྦྲགས་བསྐྱར་དུ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། །

གསར་འགྱུར།

Post navigation

Previous Post: སྲིད་སྐྱོང་སྟེགས་བུའི་ས་ཁྲ།
Next Post: ཀླུ་རོལ་ལས་འཕྲོས་པའི་གཏམ།

Comments (9) on “ཕ་མའི་ཚོགས་ཆེན་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་སྤེལ་བ།”

  1. འབྲུག་གྲགས། says:
    2015-08-11 at 4:35 pm

    སྲིད་སྐྱོང་རྡོ་སེངྒེ་ལགས་ཀྱིས་བཀའ་མོལ་ཡག་པོ་འོ་ཙམ་གནང་འདུག ཡིན་ན་ཡང་༢༠༡༦ སྲིད་སྐྱོང་ལ་རེ་བ་སྟོང་པ་མ་རྒྱག་རོགས། མདོག་ཚང་མ་མཐོང་ཚར་སོང་།

  2. དགའ་སྐྱིད་ཚེ་རིང་ says:
    2015-08-11 at 9:23 pm

    དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཀའ་དྲིན་ཆེ་ཞུ། ལྷ་རྒྱལ་ལོ། བོད་རྒྱལ་ལོ། སྲིད་སྐྱོང་བློ་བཟང་སེངྒེ་རྒྱལ་ལོ། ༢༠༡༦ སྲིད་སྐྱོང་རྒྱལ་ལོ།

  3. ཇུང་ཏོག་ says:
    2015-08-12 at 12:48 am

    བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུའི་ཤེས་ཚད་ཉམས་ཆགས་འགྲོའི་བའི་འགག་རྩ་ངོ་མ་ཕ་མ་དང་དགེ་རྒན་ལ་ཐུག་པར་ངོས་འཛིན་བྱེད་ཀྱི་ཡོད་། དེང་སྐབས་གཞིས་ཆགས་ནང་ཕ་མ་གཉིས་ཀ་ཚོང་ལ་
    ཕྱིན་ནས་ཕྲུ་གུ་གཅིག་གཉིས་ག་ཚོད་ཡོད་ནའང་ནང་དུ་བཞག་པའི་ལུགས་སྲོལ་ཞིག་འདུག་པ་འདིའི་ཕྲུ་གུའི་ཤེས་སྤྱོད་ལ་ཧ་ཅང་གི་ཉམས་ཆགས་འགྲོ་བཞིན་འདུག་།
    གཉིས་དགེ་རྒན་ཚད་ལྡན་མེད་པའི་རྐྱོན་གནད་གཅིག་འདུག་དེའི་འགན་དེ་ཤེས་རིག་ནས་བཞེས་དགོས་དང་ས་གནས་རང་དུ་དགེ་ཕའི་ཚོགས་ཆུང་ནས་ཕྲུ་གུའི་ཤེས་སྤྱོད་ལ་འགན་ཆེ་ཙམ་འཁུར་དགོས་པ་ལས་རྣམ་ཤེས་དང་པོ་མིང་གི་ངོ་བོ་སྟོན་པ་ཙམ་གྱི་འགྲིག་པ་ནམ་ཡང་གནང་མི་ཉན་ལ་ལྷག་དོན་ས་གནས་འཐུས་མིའི་ཚོགས་འདུ་ནས་ཕྲུ་གུའི་ཤེས་སྤྱོད་ཡག་པོ་ཡོང་བའི་ཆེད་ཁྲིམས་སྒྲིག་བཟོས་ཕྲུ་གུ་གཅིག་པོ་ནང་དུ་བཞག་ནས་ཕ་མ་གཉིས་ཀ་ཚོང་ལ་འགྲོ་བའི་ལམ་དེ་ངེས་པར་དུ་བཀག་ཐུབ་པའི་ཁྲིམས་སྒྲིག་བཟོ་དགོས་པ་མཐོང་།

  4. ཚེ་རིང་ says:
    2015-08-12 at 2:37 am

    དྲ་གྲོགས་རྣམས་པ་ཚོ་ཐུགས་རྗེ་གཟིགས་བརྗོད་གཞི་དང་འབྲེལ་ཡོད་ཀྱི་དགོངས་འཆར་ཏོག་ཙམ་གསུང་རོག་གནང་་་་་་སློབ་གྲའི་དུས་ཚོད་སྐབས་སུ་ཤེས་རིག་ལས་ཁུངས་དང་དེ་མིན་འབྲེལ་ཡོད་ཚོགས་པ་ཁག་ནས་དགེ་རྒན་ཟབ་སྦྱོང་ཟེར་བ་སོགས་ཀྱི་བརྗོད་གཞི་འདྲ་མིན་འོག་སློབ་གྲའི་ནང་གི་དགེ་རྒན་རྣམས་ས་ཕྱོགས་འདྲ་མིན་ལ་སྐོང་འགུག་གནང་གི་འདུག་པས་དེས་ཕྲུ་གུའི་སློབ་སྦྱོང་ལ་དོ་ཕོག་ཆེན་པོ་འགྲོ་གི་འདུག་པས་ཏོག་ཟམ་ཉུང་དུ་གཏོང་ཐུབ་ན་ཡག་པོ་འདུག་

  5. བཙན་པོ། says:
    2015-08-12 at 9:08 am

    སྐད་ཆ་འདི་ཆེད་དུ་རྙོག་ཟིང་སློང་བའི་ཆེད་མིན། ད་སྐབས་དྲ་ཐོག་འདྲ་མིན་བརྗོད་གཞི་གཙོ་བོར་གྱུར་བའི་སྲིད་སྐྱོང་གི་ཁང་པ་ཉོས་པའི་མ་དངུལ་དེ་དང་རྒྱ་རྒན་ཚོང་བ་དེ་དང་འབྲེལ་བ་ཅི་ཡོད། དེ་བཞིན་ཧཱ་ལྦར་སློབ་གྲྭ་ནས་ཐུག་པའི་རྒྱ་མོ་དེ་དང་འབྲེལ་བ་ཅི་ཡོད་སོགས་སྲིད་སྐྱོང་རང་ངོས་ནས་འབྲེལ་གསལ་བོ་ཞིག་མ་བརྒྱབ་པར་གཞན་གྱི་ཀུན་སྤྱོད་སོགས་ལ་གསུང་བཤད་ཅི་འདྲ་ཞིག་གནང་ཡང་ཁྱོད་ལ་ཐོབ་ཐང་དེ་ཨེ་ཡོད་ན་བསམ་པ་ཞིག་ལས་ཅི་གང་ཤར་རྒྱུ་མི་འདུག

  6. རྟ་བདུན་དབང་བོ says:
    2015-08-12 at 6:05 pm

    དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁང་པའི་བུ་ལོན་བློ་བུར་དུ་སྤྲད་པ་ཙམ་གྱིས་ལྐོག་ཟར་ངོས་འཛིན་བྱས་ན་མི་འགྲིག་མོད། འོན་ཀྱང་མི་དགོས་ས་ནས་མི་དམངས་ལ་དོགས་པ་ཞིག་སྐྱེས་ཡོད་ཕྱིར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསལ་བཤད་ངེས་པར་དུ་བྱེད་ན་བཟང་། དེ་མིན་མི་དམངས་རྣམས་མགོ་བོ་རྨོངས་ནས་ལྷག་ཡོད་པ་མཁྱེན་པར་མཛོད། སྲིད་སྐྱོང་ལགས། སྲིད་སྐྱོང་ཐེངས་གཉིས་པར་བཞུགས་འདོད་མཆིས་ཚེ་ངེས་པར་དུ་གསལ་བཤད་བྱེད་དགོས། འདི་ནི་མི་དམངས་ཀྱི་རེད་འདོད་ཡིན། ཐུགས་རྗེ་ཆེ།།

  7. ནད་མེད་ཚེ་རིང་། says:
    2015-08-13 at 1:37 am

    རྟ་བདུན་དབང་པོ་ལགས། ཁྱེད་བདེན་ནོ། ངའང་འདི་ལྟར་བསམ་བཞིན་ཡོད། སྲིད་སྐྱོང་གི་བློ་བལྟས་ཐབས་གྲོགས་གཅིག་འགྱུར་ཨ་རི་དོན་གཅོད་ཨོ་ཀ་ཚང་སྐལ་རྡོ་ལགས་ནས་གསལ་བཤད་སྦ་ར་སྦུ་རེ་ཞིག་གནང་ཀྱང་དེའི་ལན་དུ་སྐྱོན་བརྗོད་ཀྱི་རྩོམ་བྲིས་པ་ཨ་རི་ཨ་ཅ་ལགས་ནས་དཔང་རྟག་བཏོན་འདུག དེས་ན་སྲིད་སྐྱོང་རང་ཉིད་ནས་གནས་ཚུལ་ཁ་གསལ་བཟོ་མ་ཐུབ་ཚེ་ཁོང་གི་ལོ་རྒྱུས་ནང་ནག་ཐིག་ཅིག་སྡོད་རྒྱུ་ཡིན།

  8. གསང་ཉུལ་བ། says:
    2015-08-13 at 8:17 am

    ད་དཀའ་རྒྱུ་རེད་ཡ། བློ་བཟང་སེང་གེ་སྲིད་སྐྱོང་ལ་འདུག་ཁར་བོད་ཕྱི་ནང་གཉིས་ནས་རིགས་གཅིག་རྐང་འཛིན་པ་མང་བོ་ཞིག་སྐྱེད་བསྲིད་བྱེད་རྒྱུ་ཟེར་བ་དེ་ལག་ལེན་མེད་ཀྱང་ཁ་བཤད་ཙམ་ཡང་མེད་པ་རེད། སྲིད་སྐྱོང་གི་རྫུན་གསུང་ན་ད་མང་ཚོགས་ནས་ག་རེ་བྱེད་དགོས་རེད་ད་དཀའ་ནི་རེད་མི་ཆེནགྱིས་རྫུན་གསུང་ན་ད་ངོ་མ་ཁོ་ཆད་ག

  9. མེ་ཏོག་བཀྲ says:
    2015-08-19 at 9:51 am

    ཕ་མ་རྣམས་སྐད་གཏོང་བ་ལེགས་ཀྱང། ང་ཚོར་ཡོད་བཞིན་པའི་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་གང་ན་བསྡད་ཡོད་དམ། མི་རིགས་ཤིག་འཚོ་དགོས་ན་སྲིད་བྱུས་ཕུགས་འཕེར་ཞིག་དགོས་པས་དེ་བཞིན་ལག་བསྟར་ཡོང་བའི་རེ་བ་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme