Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་མ་དང་དགེ་རྒན་གྱི་ལྟ་ཕྱོགས་ལས་འཕྲོས་པའི་གཏམ།

Posted on 2015-11-222015-11-22 By ཁ་བརྡ 4 Comments on ཕ་མ་དང་དགེ་རྒན་གྱི་ལྟ་ཕྱོགས་ལས་འཕྲོས་པའི་གཏམ།

དུག་ཚེར་མ།

༡༽ ཕ་མ་དང་བུ་ཕྲུག

འཇིག་རྟེན་འདིར་བཙས་པ་ནས་ཨ་མའི་ནུ་མའི་དྲོ་བ་ཐོག་མར་མྱང་མོད།ཆུང་དུས་ཨ་མའི་བཀའ་དྲིན་ངེད་ཚོས་མ་ཤེས། ཁ་ཏ་བསླབ་བྱ་ཚིག་ལ་ཡིད་མ་རྟོན།ཁྱེར་ཀྱང་སྣང་མེད་དུ་ཕྱི་རོལ་འཁྱམས་ནས་དུས་འདས། ད་གཟོད་ཕ་མས་གཤེ་གཤེ་བཏང་སྐབས་ངེད་ཚོ་ནི་ཉེ་སྐྱོན་བྲལ་བ་ཞི་ཏུ་འཁུམས་ནས། ཕ་མའི་སྐད་ངག་སྙན་མོ་ཐོས་འཛིན་བུ་གར་ཐོས་དུས་རྣ་བར་ཟིན་པ་ལྟར་སྣང་ཞིང་། ཕ་མ་ལ་འཁོན་ལེན་ཡང་མང་པོ་སློག་མྱོང་ཡོད་པ་ཐེ་ཚོམ་མེད། ཕ་མ་ཚོས་སྔ་མོ་ཚ་གྲང་ཅི་ལ་ཡང་མི་འཛེམ་པར་ཡར་བཞེངས་ནས་ཞོགས་ཟས་དང་། ཞོགས་ཇ་སོགས་བཀོལ་ནས་ཐུང་ཆོག་ཆོག་བཞག་མོད། ད་དུང་ངེད་ཚོ་ནི་མལ་ས་དྲོན་མོ་ནས་ལང་མ་ཕོད་ཨ་མའི་སྐད་གོ་ཡང་མ་གོ་བ་ལྟར་བྱས་ནས་ཨ་མ་ལ་དཀའ་ངལ་བཟོས་ཤིང་། ཞོགས་པར་འཛུམ་གྱིས་བསུས་ནས་སློབ་གྲྭར་བརྫངས་ནས་ཤེས་ཡོནཞིག་ཐོབ་པའི་ཡིད་ཆས་དང་། ཉིན་མཚན་གྱི་དཀའ་སྡུག་ཇི་ཙམ་འཕྲད་ཀྱང་གདོང་ལེན་བྱས་ཤིང་། བུ་ཕྲུག་གི་མདུན་ལམ་ཁོ་ན་ལ་བསམ་བློ་འཁོར་ནས་འཚོ་བ་རོལ་བ་ཞིང་། ཡོད་ཚད་བུ་ཕྲུག་ལ་རེ་བ་བཅོལ་ནས་དངུལ་རྣམས་འཕང་མེད་བེད་སྤྱད་པ་རེད། འོན་ཀྱང་སྐབས་རེ་ལ་ད་དུང་རང་ཉིད་ལ་རང་ཉིད་ཀྱིས་རྨོངས་བཅུག་པའི་ཡ་ང་བའི་གཏམ་རྒྱུད་རེད་ཡོད་ཆོག་པར་སྙམ།

 

༢༽ ལེགས་ཉེས་ཀྱི་ཁྱད་པར་བཤད་དགོས་པའི་གནད་བཤད་པ།

ད་ནས་གཅེས་འོས་པའི་ཕ་མ་གཉིས་ཉིན་མཚན་ལས་ལ་འབྲེལ་བ་ནི་ངེད་ཚོའི་ཆེད་དུ་ཡིན་མོད་། ད་དུང་ཡང་གནད་དོན་མ་ཤེས་པར་ཕ་མ་གཉིས་ལ་ལས་དོན་ལ་གཞོལ་སྐབས་ངེད་ཅག་ལྷོད་ལྷོད་བསྡད་ནས་མི་ཚེ་རྫོགས་པ་ནི་འགྱོད་པའི་གཞི་ལོས་ཡིན།
གཞན་ཡང་དགའ་ཤས་ཆུང་དུས་ཕ་མའི་ཉེ་འགྲམ་དུ་ཡོད་ཀྱང་ཕ་མ་དང་། དགེ་རྒན་གྱི་དྲིན་ཤེས་མ་ཐུབ་པའི་མི་ཞིག་ཏུ་གྱུར་བ་ནི། སློབ་གསོ་དང་། བསླབ་བྱའི་འདང་མེད་པ་གསལ་པོ་ཡིན་ལ། ཡང་ན་ཕ་མ་དང་དགེ་རྒན་གྱིས་འགན་ལེན་ཞིག་ཏག་ཏག་བྱས་མེད་པ་གསལ་པོ་མཚོན་གྱི་ཡོད་པ་དང་། ད་དུང་བུ་ཕྲུག་རང་ཉིད་ལ་ཕ་མ་དང་དགེ་རྒན་ལ་འཁོན་ལེན་ཡོད་མེད་ཡང་ར་སྤྲོད་བྱེད་ཡོད་ངེས། འོན་ཀྱང་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཡང་ཐུག་ཡོད་པ་གསལ་པོ་ཡིན་པ་ཡང་ངོས་ལེན་བྱེད་དགོས།

དེས་ན་ངེད་ཚོས་སློབ་གྲྭའི་དགེ་རྒན་ཚོ་ཡིད་ལ་ཤར་སྐབས་སེམས་གཏིང་ནས་ཚོར་སྣང་ཡག་སྡུག་ཇི་འདྲ་ཤར་རུང་དེ་ལྟར་ཤར་སྐབས་ཁོང་རྣམ་པས་ལས་འགན་ཇི་ལྟར་བྱས་པ་ཡང་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་ཡོད། བཟང་ཕྱོགས་ནས་བཤད་ན་དགེ་རྒན་གྱིས་བྱམས་སྐྱོང་འོག་ཏུ་ཚུད་པའི་ཉིན་མོ་ནས་བཟུང་མི་ཚེའི་མདུན་ལམ་གྱི་འོད་སྟོང་འབར་སྲིད་པ་ཡིན། དེས་ན་དགེ་རྒན་དམ་པའི་བླང་དོར་གྱི་བཀའ་སློབ་ནས་ངེདཅག་གིས་དུས་རྟག་ཏུ་ལེགས་བྱའི་གནས་ལུགས་རྟོགས་པའི་རྒྱུ་རྐྱེན་འཚོལ་བཞིན་པའི་སྐབས་དེར་དགོས་མཁོ་ཧ་ཅང་ཆེན་པོ་ཡིན། དགེ་རྒན་གྱིས་ངེད་ཅག་ལ་བརྩེ་བས་གཟིགས་ནས་བུ་བཞིན་སྐྱོང་དགོས་པ་ནི་གནད་དོན་ཞིག་ཏུ་ཡིན་པར་ཟད། དེ་ལྟར་མ་བྱུང་ན་ཉེས་སྐྱོན་གང་བྱུང་བཟོད་ནས་གང་བྱས་མཐའ་དག་ལ་ཕན་ཚུན་རྩིསབཀུར་དང་། གུས་ཞུམ་བྱས་ནས་ད་དུང་ཡང་ དེ་དག་ལ་ངེད་ཚོས་ལས་དབང་ཞིག་ཏུ་ངོས་འཛིན་བྱས་ནས་གནས་པ་དང་། སྣང་མེད་དུ་འཇོག་པ་ནི་གཉིས་ཕུང་གི་རྒྱུ་ངོ་མ་ཡིན་པས་ཟབ་དགོས་པ་གལ་ཆེའོ།།

 

༣༽ ལྟ་བ་ཡང་དག་གལ་ཆེ་བ་ཡིན་ཚུལ་བཤད་པ།

དེས་ན་ལེགས་ཉེས་ནི་དགེ་རྒན་དང་།ཕ་མ་དང་བུ་ཕྲུག་གི་ཞེན་ཆ་དང་ཡོན་ཏན་ཡིན་མིན་བདེན་པ་གསལ་ཁ་རྟོགས་ཐུབ་པའི་ཆེད་གླེང་དགོས་པ་ངེད་ཚོའི་ལས་འགན་དང་། དེས་ན་འཇིག་རྟེན་འདིར་དྲིན་ཆེ་བའི་ཕ་མ་དང་། དགེ་རྒན་རྣམས་ལས་བཟང་པོ་ཡོན་ཏན་དང་། འགྲོ་ལུགས་སོགས་དཔྱིས་ཕྱིན་པ་ཞིག་ངེད་ཚོ་ལ་ཐོབ་ཡོད་མེད་ཤེས་ཐུབ་པ་ཁག་པོ་མིན་པ་རེད། དེས་ན་ཕ་མ་དང་དགེ་རྒན་གྱི་ལྟ་ཚུལ་ག་འདྲ་ཡོད་མིན་དེ་ཤེས་དགོས་པ་གལ་ཆེན་པོ་མཐོང་། གང་ཡིན་ཅེ་ན་ངེད་ཚོ་ལ་བརྩེ་བས་བསྐྱངས་ནས་མདུན་ལམ་འོད་སྟོང་འཕྲོ་བ་ཞིག་བཟོ་ཐུབ་མི་ཐུབ་ནི་ཆུང་དུས་ནས་ཕ་མ་དང་དགེ་རྒན་གྱིས་གཙོས་གཅེས་སྤྲས་བྱེད་མིན་ལ་རགས་ལས་ཤིང་། ད་དུང་ཡང་ཨ་མས་འཇིག་རྟེན་འདིར་བཙས་པ་ནས་བྱམས་བརྩེའི་ངང་ནས་ལག་ཟུང་ཏུ་མ་བླང་ན་འཚོ་མི་སྲིད་པ་དང་། ཨ་མའི་བྱམས་བརྩེས་དོར་བའི་ཉིན་མོ་ནས་བཟུང་སྟེ་འཇིག་རྟེན་འདི་ནས་ཁ་བྲལ་སླ་བ་ཞིག་ཡིན་པ་ཐེ་ཚེམ་མེད།

དེས་ན་དུས་རྒྱུན་དུ་ཕ་མའི་སློབ་གསོ་ནི་ཨང་དང་པོ་ཉིད་དུ་ངོས་འཛིན་དགོས་པ་ཡང་གནད་དོན་འདི་ལ་ཐུག་པ་རེད། འོན་ཀྱང་དེང་སང་དུས་དེར་ཕྱོགས་ཀུན་ནས་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ནས་ཨ་མའི་སེམས་ཁོང་སུ་ནག་ཐིག་ཅིག་ཕོག་པ་དང་ཕོག་བཞིན་པ་ནི་རང་ཕྲུག་མངལ་ནང་ནས་འཛེམ་མེད་དུ་དོར་བ་དེ་ཡིན། དགེ་རྒན་ཚོས་བྱས་པའི་ཉེས་པ་ནི་ཉིན་མཚན་འཁྱོལ་བ་ཙམ་དང་། རང་གི་འཚོ་རྟེན་ཙམ་ལས་ཕུགས་ཀྱི་བསམ་དོན་ནི་ཁང་པ་ཡག་པོ་དང་། ཡང་ན་གླ་ཆ་དག་བེད་སྤྱད་ནས་ལུང་པ་གཞན་ཞིག་ལ་འགྲོ་འདོད་དང་། རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ལ་ཞེན་པ་དེ་ཡིན།
དེ་ལྟར་བྱེད་དགོས་དོན་རྒྱུ་རྐྱེན་མང་མོད་གཙོ་བོ་ནི་ཕྱི་དངོས་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་ཡིན། སྔ་མོའི་དུས་ནས་བྱིས་པ་རྣམས་ལ་མྱོང་མི་དགོས་པའི་སྡུག་བསྔལ་ཞིག་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་མཉམ་དུ་སླེབས་ཡོད་པ་ར་སྤྲོད་བྱེད་ཡོད། ཕྱོགས་གཅིག་ནས་ཕྱི་དངོས་དེ་དག་གིས་ཕན་ཐོགས་རྒྱ་ཆེན་པོ་བྱེད་ཡོད་པ་བརྗེད་མི་རུང་བའི་བསམ་བློ་འཁོར་ཡོད།
མདོར་ན་ཁོ་བོས་གནད་དོན་དེ་དག་ལ་བརྟག་ན་བྱམས་བརྩེ་ནི་མེད་དུ་མི་རུང་བའི་མ་ལག་ཞིག་ཡིན་པ་དང་། དེའི་ཉེར་ལེན་ལ་བརྟེན་ནས་སྤྱི་ཚོགས་དང་། རྒྱལ་ཁབ་ཀུན་ལྷིང་འཇགས་ངང་ནས་གནས་ཐུབ་པ་ཡིན་པ་ནི་དེང་དུས་ར་སྤྲོད་བྱེད་ཡོད་པ་གསལ་པོ་ཡིན།

ཕ་མ་དང་། དགེ་རྒན་ཚོའི་སེམས་ཁུངས་སུ་ཡོད་པ་ནི་མ་འོངས་པའི་བུ་ཕྲུག་དང་སློབ་ཕྲུག་གི་འོད་སྟོང་འཕྲོ་བའི་གཟི་བརྗིད་དང་། འཆམ་མཐུན་དང་། ལྷིང་འཇགས་ཀྱི་སྤྱི་ཚོགས་སུ་གནས་བཅས་ནས་དུས་འདའ་བའི་ཉིན་མོ་ཡིན་གཤིས། དེས་ན་ཀུན་ལ་མཁོ་བའི་བྱམས་བརྩེའི་རིན་ཐང་འཚོལ་སྟངས་སྣ་ཚོགས་ཡོད་པ་མངོན་མཐོང་ཡིན་ལ། དེ་དག་རྒྱུས་ལེན་བྱེད་སྟངས་དང་། གོང་སྤེལ་བྱེད་སྟངས་མཁས་དབང་རྣམས་ཀྱི་རང་འདོད་བྱས་ནས་བཤད་པ་ཡང་ཡོད་མི་སྲིད་པ་མ་རེད། འགའ་ཞིག་གིས་དཔྱིས་ཕྱིན་པར་དཔྱད་ནས་ར་སྤྲོད་བྱས་པ་ཡང་ཡོད་སྲིད་མོད་ཚན་རིག་ལ་ཡིད་འཕྲོག་ཞིང་། འདོད་རྔམས་ལ་སྲེད་པའི་རྐང་གཉིས་ཀྱིས་རང་ལ་མཁོ་བའི་ཡོ་བྱད་ལ་ལྟ་སྟངས་མ་ཤེས་ནས་ཕོངས་པ་ཡང་མང་པོ་མཆིས་པ་ཡིད་ཆས་ཡོད། ཡོན་ཏན་གཞན་ནི་ངེས་པར་དགོས་པ་བཤད་མི་དགོས་ཀྱང་གཙོ་བོ་ལྟ་བ་ཡང་དག་པ་ཞིག་དགོས་པ་ཡང་གནད་དོན་གལ་འགངས་ཆེན་པོ་རེད། གང་ཡིན་ཅེ་ན་ལྟ་བ་དེ་ནོར་སོང་ན་ཁྱེད་ཀྱིས་བུ་ཕྲུག་དགྲ་མཐོང་བ་སྨོས་མི་དགོས་ལ། བུ་ཕྲུག་གིས་ཕ་མ་དང་དགེ་རྒན་དེ་ལྟར་མཐོང་སྲིད་པ་ཧང་སང་དགོས་དོན་མེད། རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་བྱས་པའི་ཕྱིར་རོ།།

ལྟ་བ་ནི་ཕྱི་ནང་གི་ཀུན་སྤྱོད་ཐོག་ནས་ཡང་གལ་ཆེན་པོ་ཡིན་པས་ཕ་མ་དང་དགེ་རྒན་ལ་ལྟ་བ་ལྷད་མེད་ཞིག་དགོས་གལ་ཆེ། དུས་རབས་ཀྱི་འགྱུར་འགྲོས་དང་ལྷན་དུ་ལྟ་གྲུབ་སྣ་མང་ཞིག་ཆུ་ལོག་ལྟར་བརྡོལ་ནས་འཇིག་རྟེན་འདི་རྩ་མེད་དུ་འཇོམས་པ་ཉུང་ཉུང་མིན་ལ། རྐང་གཉིས་ཀྱི་གཙོ་བས་འགྲོ་བ་སྤྱི་ལ་དངངས་སྐྲག་དང་། བཀྲེས་སྐོམ་གྱིས་མནར་བ་བགྲང་བར་དཀའ་ཞིང་། ཡོད་ཚད་དེ་ཡིས་དབང་ནས་དགྲ་གཉེན་གྱི་བར་ན་མུན་ཁུངས་སུ་མདའ་འཕངས་ནས་རང་ཕྱོགས་རྒྱལ་བའི་ལོ་རྒྱུས་ཆུ་ལ་བརྐོས་པ་མང་ཞིང་། དེ་དག་གི་རིན་ཐང་ལ་རྩིས་ནས་འདས་པའི་ལོ་རྒྱུས་ཕུང་པོ་གསེར་སྒམ་དུ་ཟད་པ་ཧ་ཅང་མང་ཞིང་། ཕ་མ་དང་དགེ་རྒན་གྱི་བུ་ཕུག་ལ་ལྟ་ཚུལ་ཡང་ལྟ་གྲུབ་སྣ་མང་ལས་ལེགས་ཆ་དང་ཉེས་ཆ་བླངས་ཡོད་པ་སྨོས་ཅི་དགོས།
མདོར་ན་བྱམས་བརྩེའི་རིན་ཐང་ནི་སེམས་གཏིང་ནས་བྱུང་བ་ཡིན་མོད་རྐྱེན་ཡང་དག་ཞིག་འཕྲད་དགོས་པ་ནི་མེད་དུ་མི་རུང་བ་ཡིན་པ་ངོས་འཛིན་དགོས། དེས་ན་འཛམ་གླིང་དང་། སྤྱི་ཚོགས་དང་། ཁྱིམ་མཚེས་དང་། ནང་མའི་སོགས་ལ་ཕ་མ་དང་དགེ་རྒན་གྱི་ཤུགས་རྐྱེན་ཆེ་ཤོས་ཐེབས་ཡོད་པས་དེ་དག་གི་ནང་དུ་འཚོ་བའི་རྐང་གཉིས་ཡོད་དོ་ཅོག་ལ་ལྟ་བ་རྣམ་དག་ཡོད་པ་གལ་ཆེ་བར་སེམས་ཤིང་། དེས་ན་ད་ནས་ལྟ་བ་རྣམ་དག་རྒྱུད་ལ་བཅངས་ནས་ཕ་མ་དང་། དགེ་རྒན་གྱི་རིན་ཐང་འཚོལ་དགོས་པ་ནི་གནད་དམ་པའོ།།

བསམ་ཚུལ།

Post navigation

Previous Post: བོན་པོ་ཞེས་པའི་ཐ་སྙད་ཀྱི་སྐོར་བསམ་ཚུལ་འགའ་ཞིག་གླེང་བ།
Next Post: ཨེ་མ། ཀརྨ་པ། (གཞས་ཚིག)

Comments (4) on “ཕ་མ་དང་དགེ་རྒན་གྱི་ལྟ་ཕྱོགས་ལས་འཕྲོས་པའི་གཏམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-23 at 12:41 pm

    ཕ་མ་ལས་ལྷག་དྲིན་ཆེན་མེད། །
    དགེ་རྒན་ལས་ལྷག་ལམ་སྟོན་མེད། །
    བླ་མ་ལས་ལྷག་བྱིན་རླབས་མེད། །
    སློབ་མ་ལས་ལྷག་རེ་ས་མེད། །

  2. དཔལ་གློ་བོརྒྱལ། says:
    2015-11-23 at 10:28 pm

    རྒན་ལ་རྩིས་ནས་ཤེས་རིག་སྦྱོང་བ་དང་།ཕ་མར་གུས་ནས་བསླབ་བྱ་ལེན་པ་ལ།། ལྷད་མེད་བརྩེ་བས་རྒྱུན་དུ་འགྲོགས་བྱས་ནས། ཡོན་ཏན་མཚཅ་ལྟར་འཕེལ་བ་བདེ་སྐྱིད་གཞི།།

  3. དཔལ་གློ་བོརྒྱལ། says:
    2015-11-23 at 10:29 pm

    རྒན་ལ་རྩིས་ནས་ཤེས་རིག་སྦྱོང་བ་དང་།ཕ་མར་གུས་ནས་བསླབ་བྱ་ལེན་པ་ལ།། ལྷད་མེད་བརྩེ་བས་རྒྱུན་དུ་འགྲོགས་བྱས་ནས། ཡོན་ཏན་མཚོ་ལྟར་འཕེལ་བ་བདེ་སྐྱིད་གཞི།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-24 at 6:05 am

    དྲིན་ཅན་༷ཞེས་པ་གྱུར་ནས། དྲིན་ཆེན་ཆགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme