Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་བུའི་སྐྱེས་སྐར།

Posted on 2014-04-142014-04-14 By ཁ་བརྡ་ 4 Comments on ཕ་བུའི་སྐྱེས་སྐར།

རྔ་རྒོད།

ང་ལ་མཚོན་ན་དེ་རིང་ནི་བཀྲ་ཤིས་དོན་བཟང་གི་ཉི་མ་ཞིག་སྟེ། ལས་ཀྱིས་བསྐོས་པའི་རང་གི་བུ༼ལས་བསྐོས༽ཀྱི་སྐྱེས་སྐར་ཉིན་མོ་དེ་རེད། དེའི་ཕྱིར། དེ་རིང་ཞོགས་ཀར་ཉི་མ་རི་རྩེར་ཤར་པ་དང་མཉམ་པོར། རྡུང་ལེན་མཁན་ཁོ་བསྟན་གྱི༼སྐྱེས་སྐར༽ཞེས་པའི་རྡུང་ལེན་འོད་སྡེར་དེ་མདུན་གྱི་བརྙན་འཁོོར་དེའི་ནང་ནས་ལྟ་ཉན་བྱེད་ཞོར་དང་རྩེད་ཞོར་ལ། ཁ་རྩང་ཕ་མས་ཉོས་པའི་ལེགས་སྐྱེས་འགའ་དང་། ལྷག་པར་དུ་བརྩེ་དུང་མཚོན་བྱེད་དེ་སྙིང་གི་དབྱིབས་ཅན་གྱི་ཐུད་དམ་cake ཟེར་བའི་མངར་ཟས་སོགས་བུ་འདི་ལ་སྤྲད་པས། བུ་ལས་བསྐོས་རང་གི་འདོད་པ་དེ་ཅུང་ཁེངས་ཡོད་པ་སོགས་རྟོགས་ཐུབ།
དེར་བརྟེན། ཉིན་གང་བོར་ངེད་ཅག་བཟའ་མི་གསུམ་ལྷན་འཛོམས་བྱས་ཏེ་དགའ་ཞིང་སྤྲོ་བའི་ངང་ང་ཚོས་མཉམ་དུ་སྐྱེས་སྐར་འདི་ལ་རོལ་རྒྱུ་བྱུང་བ་ནི་ང་ཚོའི་བསོད་ནམས་དང་བདེ་སྐྱིད་ཅིག་ཀྱང་རེད་འདོད།

གཞན་འདིར་དམིགས་བསལ་འཛམ་གླིང་གི་སྐྱེས་སྐར་སོགས་ཀྱི་སྐོར་དེ་ལ་ཏོག་ཙམ་དཔྱད་ན། སྤྱིར་ན། སྨྲ་ཤེས་ཤིང་དོན་གོ་བའི་མིའི་རིགས་ཀུན་ལ་མཚོན་ན། ཐོག་མར་མིའི་སྐྱེས་སྐར་མཛད་སྒོ་དེ་དུས་ནམ་ཞིག་ནས་འགོ་བརྩམས་པ་དང་། སྐྱེས་བུ་དམ་པ་གང་གི་འཁྲུངས་སྐར་དང་དེ་གསར་གཏོད་མཛད་མཁན་གྱི་ལོ་རྒྱུས་རྩོད་མེད་ཡོངས་གྲགས་ཤིག་ཁོ་བོས་མ་མཐོང་ལ་ཁྱེད་ཅག་གིས་ཀྱང་རྟོགས་མེད་པར་འདོད། རྒྱུ་མཚན། ལོ་ངོ་ཁྲི་ཕྲག་མང་བོའི་ཡར་སྔོན་གྱི་ལོ་རྒྱུས་དང་སྐྱེས་ཚེས་སོགས་ནི་ང་ཚོར་དུས་དང་ཡུལ་དང་ངོ་བོ་གང་གི་ཆ་ནས་བརྗོད་དེ་བལྟས་ན། དེ་ནི་བསྐལ་དོན་གྱི་ཡུལ་དང་ལྐོག་གྱུར་གྱི་ངོ་བོར་ཡོད་པས། ང་ཚོས་དངོས་སུ་མི་མཐོང་།
འོན་ཀྱང་དེ་ལ་བརྟགས་ཏེ་དཔག་ཚོད་ཀྱིས་ལོ་རྒྱུས་ཀྱི་སྐྱ་ཐིག་འཐེན་པ་དང་། ཚེས་གྲངས་སོགས་འགོད་པ་ནི་མི་འོས་པ་ཞིག་ཀྱང་མ་རེད། དེ་ཡང་བརྟག་ན་འདི་ལ་ཚད་ཅིག་མ་བཟུང་ན་མ་གཏོགས། ཐོག་མཐའ་མེད་པའི་རིགས་པ་དང་འདྲིས་ནས་མཐར་རང་ལུགས་ཤིག་ནམ་ཡང་མི་རྙེད་དོ།། དེའི་ཕྱིར། བོན་གྱི་སྟོན་པ་གཤེན་རབ་ཚང་དང་། ནང་བའི་སྟོན་པ་བཀའ་དྲིན་ཅན་ཤཱཀྱ་ཐུབ་པ་མཆོག་དང་། ཡི་ཤུ་ཡི་སྟོན་པ་རྗེ་ཟེ་སུ་སོགས་ཀྱི་འཁྲུངས་སྐར་ལའང་དུས་འདྲ་མིན་ཞིག་བྲིས་ཡོད་མོད། དེ་ལ་དགག་བཞག་ཅིག་བགྱིས་ནས་ཤུལ་དུ་རང་ལུགས་ཤིག་མ་རྙེད་པས། འདིའི་སྐོར་དེ་རིང་འདིར་གླེང་རྒྱུ་མིན།

སྤྱི་བཏང་། ལོ་རྒྱུས་རྙིང་བ་དག་ཁ་ཇེ་གསལ་དང་ཇེ་བཟང་དུ་སོང་བའི་རིགས་དང་ཡང་ན་འགྲེལ་བཤད་དེ་ཇེ་ངན་ཇེ་སྡུག་ཏུ་གྱུར་པ་དང་། གཞན་ཡང་ཡོད་པ་མེད་པར་གྱུར་ཏེ་སྟོང་བ་དང་། གསར་བ་རྙིང་བར་བཟོས་པའི་ལོ་རྒྱུས་དེ་ཁ་སྐོང་སོགས་རྫུན་མ་བཟོས་པ་གྲངས་མེད་རེད། འོན་ཀྱང་ང་ཚོ་མིའི་སྐྱེས་སྐར་དེ་གོང་འཕེལ་ཇི་ལྟར་བྱུང་རིམ་མདོ་ཙམ་བསྙད་ན། ཐོག་མར། སྐྱེས་སྐར་གྱི་སྲོལ་དེ་མི་དཔའ་བོ། རྒྱལ་བོ། རྒྱལ་མོ། ཡང་ན་མཁས་པའམ་སྟོན་པ་སོགས་དེ་མཐོ་རིམ་མི་སྣ་ཚོའི་ཁྲོད་ནས་བྱང་སྟེ་ང་ཚོར་བརྒྱུད་འོངས་པའི་ལོ་རྒྱུས་འདི་རེད།
འོན་ཏེ་སྤྱི་བཏང་ངེད་ཅག་དམའ་རིམ་དཀྱུས་མའི་སྐྱེས་སྐར་གཏོང་སྲོལ་དེ། ནུབ་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་དང་ཡང་ན་སྒེར་གྱི་རང་དབང་སོགས་ཀྱི་ཆེད་སྒེར་ལངས་བགྱིས་པ་དང་མཉམ་པོར་ཚོང་གི་འགྲོས་དང་བསྟུན་ནས་དེང་སང་ཡོངས་ཁྱབ་ཏུ་གྱུར་པ་འདིའོ།།

གང་ལྟར་ང་ཚོ་བོད་ཀྱིས་མིའི་སྐྱེས་སྐར་དེ་གཙོ་བོར་མི་འཛིན་པར་མྱིའི་ཤི་ཚེས་སམ་འདས་མཆོད་སོགས་གལ་ཆེན་པོར་བརྩི་དགོས་པའི་གནད་དང་རྒྱུ་མཚན་གང་ལ་བརྟེན་ཡོད་མེད་བརྗོད་ན། ཆོས་ཀྱི་ཞིང་ཁམས་འཆི་བ་མི་རྟག་པར་སྒོམ་པའི་བོད་པ་ཚང་ལ། ཆོས་ཀྱིས་སྡོངས་གྲོགས་མཛད་དེ། སྐྱེས་པ་དང་འཆི་བ་གཉིས་ལས་གཙོ་བོར་འཆི་བའི་ཕྱོགས་སུ་ཐོས་བསམ་དང་སློབ་གཉེར་མཛད་པས་འདིའི་སྐོར་ལ་ངེས་འབྱུང་ཏོག་ཙམ་རེ་ཡང་རྙེད་ཡོད་ཚོད་རེད།
རྒྱུ་མཚན་དེས། གདུང་མཆོད་གང་གི་སྐབས་དང་སྦྱར་ནས་བལྟས་ན། ང་ཚོ་མང་ཚོགས་ཀྱིས་ཉིན་མོ་དེ་ལ། དགེ་བའི་བྱ་བ་ཞིག་ལ་བརྩོན་དང་བརྩོན་བཞིན་པ་འདིས་ལྷག་པར་གསར་བོར་མངོན་སུམ་གྱིས་གྲུབ་སྙམ།

མཇུག་མཐར་ཞུ་རྒྱུར། ཁོ་བོས་རང་གི་སྐྱེས་ལོ་དེ་ཏག་ཏག་ཤེས་ཀྱིན་ཡོད་མོད། རང་གི་སྐྱེས་ཚེས་ངོ་མ་དེ་ཉིན་གང་ཡིན་གསར་བོར་བཤད་རྒྱུ་མེད། དེ་ལ་རང་རེའི་བཤད་སྲོལ་ཞིག་ལ། “ཕ་མ་ངན་པས་རང་གི་བུ་ཕྲུག་གི་སྐྱེས་སྐར་མི་མཁྱེན། བུ་ཕྲུག་ངན་པས་རང་གི་ཕ་མའི་ཤི་ཚེས་བརྗེད” ཅེས་ངན་པ་ཞིག་བཤད་ཚུལ་ཡོད་མོད། འོན་ཏེ་གུས་པའི་དྲིན་ཅན་ཕ་མ་གཉིས་ལ་ཟུར་ཟ་ཞིག་གི་ཆེད་དུ་འདིར་བསྙད་པ་ནི་གཏན་ནས་མིན་ཏེ། དཔེར་ན། ང་དང་དུས་མཉམ་དུ་སྐྱེས་པའི་བོད་པ་ཕལ་མོ་ཆེ་ལ། རང་གི་སྐྱེས་སྐར་ངོ་མ་དེ་བཤད་རྒྱུ་མེད་པར་འདོད།
འོན་ཀྱང་ཕ་མའམ་ཡབ་ཡུམ་གང་རུང་གིས་སྐྱེས་ཚེས་དེ་རང་བཟོ་བགྱིས་པའམ་ཡང་ན་བླ་མའི་མངོན་མཁྱེན་དེས་རྟོགས་པ་གང་ཡིན་མ་ངེས་མོད། ང་ཁོང་ཚོ་དང་མཉམ་དུ་སྐྱེས་ཡོད་མེད་གང་ལྟར། ང་ཚོའི་སྤྲུལ་སྐུ་འདི་ཚོ་ལ་སྐྱེས་པའི་རྟགས་དང་མཉམ་པོར་གཟའ་སྐར་ཧ་ཅང་འཛོམས་པའི་འཁྲུངས་སྐར་རེ་ཡོད། འོན་ཀྱང་། འདིའི་སྐོར་ལ་ཆེད་དུ་ཞིབ་བརྟག་ཅིག་འདོད་ན་༧ གོང་ས་ལྔ་བ་ཚང་གི་རང་རྣམ་ལ་ལྟོས་དང་དེ་ནས་བདེན་ཚིག་ཅིག་རྙེད་ཅེས།

རྔ་རྒོད་ཀྱིས་༢༠༡༤/༤/༡༤ ལ་དབྱིན་ཡུལ་ནས་བྲིས།།

རྩོམ་རིག

Post navigation

Previous Post: གླུ་གར།
Next Post: འཆར་སྣང་གི་རྨི་ལམ།

Comments (4) on “ཕ་བུའི་སྐྱེས་སྐར།”

  1. མགོན་པོ says:
    2014-04-14 at 10:25 am

    Happy birth day to ལས་བསྐོས

  2. གླག་རྒོད། says:
    2014-04-14 at 4:16 pm

    སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

  3. བོད་པ་སྐྱབས says:
    2014-04-14 at 9:11 pm

    སྐུ་ཉིད་ཀྱི་སྲས་ལས་བསྐོས་ལ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་སྐྱེས་སྐར་ལ་འཚམས་འདྲི་ཞུ

  4. ཆུ་བ་འཕྲིན་བཟང་། says:
    2014-04-15 at 12:14 pm

    བུ་ཆུང་ལས་བསྐོས་ཀྱི་སྐྱེས་སྐར་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་ཁྱེད་གཟའ་མི་གསུམ་གྱི་ཅི་བསམ་བྱ་བཞགས་འགྲུབ་པའི་སྨོན་འདུན་ཞུ་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme