Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་གསུམ་སྔོན་འགོག

Posted on 2020-02-082020-02-09 By འཚོ་བྱེད་བུ 1 Comment on པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་གསུམ་སྔོན་འགོག

འབུམ་རམས་པ་དཀོན་མཆོག་རྒྱལ་མཚན།

འགོས་ནད་སྔོན་འགོག་ནི་རྒྱལ་སྤྱིའི་སྟེང་ཁྱབ་རྒྱ་ཆེ་བའི་ཐུན་མོང་འཕྲོད་བསྟེན་རིག་པའི(Public Health)རིག་ཚན་གྲུབ་བྱེད་ཀྱི་ས་བོན་དང་རྨང་གཞི་ཡིན་ལ། འདས་པའི་ལོ་རྒྱུས་རིང་མོའི་ཁྲོད་མི་འབོར་གཞིར་བཞག་གིས་འགོས་ནད་སྔོན་འགོག་དང་ནད་རིགས་གསོ་བཅོས་བཅས་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་དང་། ལྷག་པར་དུ་འགོས་ནད་སྔོན་འགོག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་ཡོད།

ད་ལྟ་འབྱུང་བཞིན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་(新型冠状病毒肺炎, 2019-nCov)དམ་པྲོག་གསར་གློ་ཚད་(新冠肺炎)འགོས་ནད་འདི་བྱུང་ཟིན་པའི་ནད་པར་གསོ་བཅོས་བྱེད་པ་དང་མ་བྱུང་བ་ལ་མི་འགོ་བའི་ཐབས་ལམ་བསྟེན་རྒྱུ་ནི་ད་ལྟའི་ལས་འགན་གཙོ་བོ་ཡིན། སྤྱིར་ཐུན་མོང་འཕྲོད་བསྟེན་རིག་པར་འགོས་ནད་སྔོན་འགོག་གི་ཐབས་ལམ་སྣ་ཚོགས་ཡོད་ན་ཡང་། མཛུབ་སྟོན་རང་བཞིན་ལྡན་པའི་རིགས་ལམ་གཙོ་བོ་གཅིག་ནི་རིམ་གསུམ་སྔོན་འགོག་ཅེས་པ་ཡིན་པས། དེས་འགོས་ནད་འགོག་བཅོས་ཀྱི་གོ་རིམ་སྔ་ཕྱི་རིམ་པ་གསུམ་དུ་བསྡུས་ནས་བསྟན་ཡོད།

རིམ་པ་དང་པོ། ཐོག་མའི་སྔོན་འགོག

ནད་ཀྱི་རྒྱུ་རྐྱེན་རིག་པ་(Epidemiology)ལྟར་ན་ནད་རྒྱུ(Agent)འམ་ནད་དུག་ནི་ཕྱི་རོལ་གྱི་ནད་བསྐྱེད་བྱེད་འཁོར་ཡུག་(Environment)ཏུ་རང་སྟོབས་རྒྱས་ཤིང་དེ་ནས་ནད་ཞུགས་ཡུལ་(Host)ཏེ་མིའི་ལུས་སྟེང་དུ་རིམ་པར་འཇུག་ཅེས་བཤད་ཡོད་སྟབས། ཐོག་མ་ཉིད་ནས་འགོས་ནད་མི་འབྱུང་བའི་ཐབས་ལམ་སྤྱོད་རྒྱུ་ནི་ཤིན་ཏུ་གལ་ཆེ། གལ་ཏེ་འགོ་བའི་ནད་དུག་འབྱུང་བཞིན་པ་ཤེས་ཚེ་ནད་དུག་གི་འགོ་ཁུངས་མྱུར་བར་གཅོད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཆེ་ས་ནས་བལྟས་ན་ཀྲུང་གོ་རྒྱལ་ཡོངས་ཀྱི་མི་འབོར་དུང་ཕྱུར་བཅུ་བཞི་ལས་ད་ལྟའི་བར་དུ་མི་ཁྲི་གསུམ་ལྷག་ལ་མ་གཏོགས་པྲོག་གསར་གློ་ཚད་བྱུང་མེད་པས་གྲངས་ཀ་འདི་ཙམ་ལས་གནས་ཚུལ་ཚབ་ཆེན་ཡིན་པ་ཤེས་མི་ཐུབ། གལ་ཏེ་ནད་དུག་གི་འགོ་ཁུངས་རྦད་དེ་མ་བཅད་ན་དུས་ཡུན་རིང་བོ་མ་ལོན་པར་མི་འབོར་དུང་འཕྱུར་བཅུ་བཞི་ལ་ནད་དུག་དེ་གཅིག་རྗེས་གཉིས་འཐུད་ཀྱིས་འགོ་སྲིད། རྒྱུ་མཚན་དེའི་དབང་གིས་ནད་བྱུང་མེད་པའི་མི་རྣམས་ནད་དེ་བྱུང་ཟིན་པའི་ནད་པར་ཐོག་མ་ནས་འབྲེལ་འདྲིས་དང་ཐུག་འཕྲད་མི་བྱེད་པ་ནི་འགོས་ནད་སྔོན་འགོག་གི་ཐབས་ལམ་གཙོ་བོར་གྱུར། དེ་བས་མི་རྣམས་རང་རང་གནས་སྡོད་བྱེད་སར་ལེགས་པར་བསྡད་ནས་ཕར་ཚུར་འགྲོ་འོང་མི་བྱེད་པར་རང་བདེ་རང་སྲུང་བྱེད་དགོས། ད་རེས་ཀྱི་ནད་དུག་འགོས་པའི་ཁོངས་ནི་ཝུའུ་ཧན་གྲོང་ཁྱེར་གྱི་ཟས་རིགས་ཚོང་རྭའི་སྦྲུལ་ཤ་ཟོས་པ་ལས་བྱུང་བར་བཤད་ཅིང་། སྦྲུལ་ཤའི་ནང་དུ་ཕ་ཝང་གི་ལུས་སྟེང་གི་པྲོག་དབྱིབས་ནད་དུག་ཡོད་པ་ནི་མི་ལ་འགོས་པར་ཤེས་རྟོགས་བྱུང་བ་ལྟར། ནད་དུག་འགོས་པའི་འགོ་ཁུངས་ནི་ཟས་རིགས་དེ་དག་ཡིན་པ་དང་།  པྲོག་དབྱིབས་ནད་དུག་འགོས་པའི་མི་ཐོག་མ་རྣམས་ནི་མི་སུམ་ཁྲི་ལྷག་ལ་འགོས་པའི་ཁུངས་ཡིན། དེ་ནི་མི་དང་མིའི་འབྲེལ་ཐུག་ལ་བརྟེན་ནས་ནད་དེ་འགོ་བཞིན་ཡོད་སྟབས་ཟུར་བཀག་(quarantine)གི་ཐབས་ལམ་མ་བསྟེན་ཐུ་མེད་དུ་གྱུར། དེ་ཕྱིར་ནད་དུག་འགོས་མེད་པའི་མི་དང་འགོས་ཟིན་པའི་མི་ཡི་འབྲེལ་ཐུག་ངེས་པར་མཚམས་འཇོག་དགོས་པ་དང་། གལ་ཏེ་འབྲེལ་ཐུག་མཚམས་འཇོག་མ་ཐུབ་ཚེ་མི་ཡོངས་ལ་མི་འགོ་བའི་ངེས་པ་མེད།  དེ་བས་ནད་དེ་བྱུང་མེད་པའི་མི་རྣམས་རང་ཁྱིམ་དུ་འཛུལ་ནས་འདུག་རྒྱུ་དང་། གལ་ཏེ་ཕྱི་རོལ་ཏུ་འགྲོ་དགོས་བྱུང་ཚེ་ཁ་རས་རྒྱག་པ་དང་། ཕྱིར་ཁྱིམ་དུ་སླེབས་ཚེ་ལག་པ་འཁྲུ་བ། ཡོ་བྱད་རྣམས་ལ་དུག་སེལ་བྱེད་པ་བཅས་ཀྱི་བྱེད་ཐབས་ནི་འགོས་ནད་སྔོན་འགོག་གི་རིམ་པ་དང་པོ་རེད། འདིའི་སྐབས་སུ་རང་རེའི་བོད་ཀྱི་གསོ་རིག་ལས་བསྟན་པའི་རིམས་སྲུང་གི་སྨན་ཁོང་དུ་བསྟེན་པ་དང་ལུས་ལ་འདོགས་པ། རིམས་སྲུང་གི་རྫས་ལུས་ལ་འདོགས་པ། རིམས་སྲུང་གི་སྔགས་བཟླ་བ་བཅས་ཀྱང་འདིའི་ཁོངས་སུ་འདུ་བས་དེ་ལྟར་དང་ལེན་བྱེད་རྒྱུ་གལ་ཆེ། །

རིམ་པ་གཉིས་པ། ནད་ཐོག་སྔོན་གྱི་སྔོན་འགོག

གལ་ཏེ་ནད་མེད་པའི་མི་རྣམས་ནད་ཅན་དང་འབྲེལ་འདྲིས་ཐུག་འཕྲད་བྱས་རྗེས་ནད་འབུ་དེ་མངོན་ལྐོག་གང་རུང་ནས་འགོས་དོགས་ཡོད་པ་དང་འགོས་པ་ཤེས་ཚེ། མྱུར་དུ་ཟུར་བཀག་གིས་བརྟག་བཅོས་བྱེད་དགོས། ད་རེས་ཀྱི་པྲོག་གསར་གློ་ཚད་ནད་དུག་ནི་མཆིལ་སྣབས་དང་བཤང་གཅིའི་ཕྲ་སྲིན་དང་བཅས་རླུང་གི་རྟ་ལས་གཙོ་བོ་ཁ་སྣའི་ལམ་དང་པགས་པ་རལ་བ་ལས་འཇུག་བཞིན་ཡོད་ཅིང་། ད་ནི་དགུན་དུས་ཡིན་པས་ནད་འབུ་གསོན་ཤུགས་ལྡན་པའི་དུས་ཡུན་རིང་བས་འགོས་ཁྱབ་ཤུགས་ཆེ། དེས་ན་དོགས་གཞི་ཡོད་པ་རྣམས་སྔ་མོ་ནས་བརྟག་དཔྱད་བྱེད་དགོས། གལ་ཏེ་ནད་དུག་ཡོད་ཚེ་སྔ་མོ་ནས་གསོ་བཅོས་བྱེད་དགོས། འགོས་ནད་ལ་ལ་ནི་ནད་དུག་འགོས་ཟིན་མ་ཐག་ནད་རྟགས་མངོན་པ་དང་། ལ་ལ་ནི་དུས་ཡུན་ངེས་ཅན་ཞིག་ལ་ནད་རྟགས་གང་ཡང་མི་མངོན་པར་བག་ལ་ཞ་བའི་ཚུལ་དུ་གནས། དཔེར་ན། ད་རེས་ཀྱི་པྲོག་གསར་གློ་ཚད་ཀྱི་ནད་ནི་འགོས་ཟིན་ཀྱང་ནད་པ་ཕལ་ཆེར་ལ་ཉིན་བཅུ་ལྷག་ལ་ནད་རྟགས་གང་ཡང་མེད་པར་གནས་པ་ལྟ་བུ་ཡིན་པ་ནི་ཆེད་མཁས་པས་བཤད་པས། ཝུའུ་ཧན་གྲོང་ཁྱེར་སྒོ་མ་བརྒྱབ་པའི་སྔོན་དུ་མི་ཁྲི་ལྔ་བརྒྱ་ཕྱིར་ཐོན་བྱུང་ནས་རྒྱལ་ཡོངས་ཀྱི་ས་གནས་གང་སར་ཁྱབ་ཡོད་ཅིང་། དེ་དག་ལས་མི་མང་བོར་ནད་དུག་འགོས་ཡོད་སྲིད་པ་དང་།  མི་དེ་དག་དང་འབྲེལ་འདྲིས་བྱས་པ་ལས་རྒྱལ་ཡོངས་དང་ཐ་ན་ཕྱིའི་རྒྱལ་ཁབ་ཏུའང་མི་མང་བོར་པྲོག་གསར་གློ་ཚད་འགོས་པ་རེད། དཔེར་ན། མཚོ་སྔོན་དུའང་ད་ལྟའི་བར་ནད་ངོས་ཟིན་པའི་ནད་པ་བཅོ་བརྒྱད་ཡོད་པ་རྣམས་ནི་ཝུའུ་ཧན་ནས་ཡོང་བའི་མི་རྣམས་དང་འབྲེལ་འདྲིས་བྱས་པའི་རྐྱེན་ཡིན་པར་བཤད་པ་དང་། སྤྱི་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་གནས་ཚུལ་ལྟར་ན་རྒྱལ་ཡོངས་སུ་ནད་དུག་བྱུང་ཡོད་པར་དོགས་པའི་མི་བསྡོམས་པས་ཉིས་ཁྲི་དྲུག་སྟོང་སུམ་བརྒྱ་ང་དགུ(26359)ཡོད་པར་གསལ་བསྒྲགས་བྱས་ཡོད། གང་ལྟར་མི་དེ་རྣམས་ཟུར་བཀག་གིས་ནད་ཐོག་ཏུ་བརྟག་དཔྱད་བྱས་ཏེ་གསོ་བཅོས་བྱེད་ཐུབ་པ་བྱུང་ན་དེ་ནི་སྔོན་འགོག་རིམ་པ་གཉིས་པ་ཡིན་པར་བཤད། རང་རེའི་བོད་ཀྱི་གསོ་རིག་དང་ཕྱི་ལུགས་གཉིས་ཀྱི་དགོངས་དོན་གཅིག་ཏུ་བཤད་དཀའ་ནའང་། འདིའི་སྐབས་སུ་ནད་པ་རྣམས་ཀྱིས་གཉན་རིམས་བཅོས་པའི་སྨན་དང་གློ་སྨན་སོགས་ཁོང་དུ་བསྟེན་ན་ནད་མགོ་གཅོག་མི་ཐུབ་པའི་ངེས་པ་མེད།།

རིམ་པ་གསུམ་པ། ནད་ཐོག་སྔོན་འགོག

མཇུག་ཏུ་ནད་དུག་འགོས་ཟིན་པ་དང་ནད་རྟགས་མངོན་ཤིང་ནད་ངོས་ཟིན་པའི་ནད་པ་རྣམས་སྨན་ཁང་དུ་ཟུར་བཀག་གསོ་བཅོས་བྱེད་དགོས། ད་རེས་ཀྱི་པྲོག་གསར་གློ་ཚད་ཀྱིས་ཟིན་པའི་ནད་པར་ཚ་རྒྱག་པ་དང་། གློ་ལུ་བ། དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། ནད་དེ་གཙོ་བོ་གློ་བར་བབས་ཡོད་ནའང་། ཕོ་བ་དང་ཀླད་པར་ཡང་གནོད་ཚུལ་བཤད་པ་ལྟར་རེད། དེ་བས་ནུབ་ལུགས་གསོ་རིག་གིས་ཀྱང་ནད་དེ་གསོ་བཅོས་ཀྱི་སྨན་རྫས་དངོས་ད་དུང་ཡང་ཤེས་མེད་ནའང་། ནད་རྟགས་སོ་སོར་བརྟེན་ནས་གསོ་བཅོས་བྱེད་ཀྱིན་ཡོད་པ་དང་། སྤྱི་ཟླ་གཉིས་པའི་ཚེས་བདུན་བར་ནད་པ་ཆིག་སྟོང་ལྔ་བརྒྱ་གྱ་གཉིས(1582)དྲག་ཅིང་སྨན་ཁང་ནས་ཐོན་པར་བཤད་ཡོད།  སྤྱིར་ན་ནད་དེ་སངས་དྲག་ཏུ་གྱུར་ན་རྗེས་སུ་མི་གཞན་ལ་འགོ་བའི་སྲིད་ཕྱོད་ཆུང་བར་བཤད་ཀྱང་ད་དུང་མཉམ་འཇོག་དགོས། དེ་ནི་ནད་ཐོག་གསོ་བཅོས་ཡིན་ཡང་ནད་དུག་མུ་འཐུད་དུ་འགོས་ཁྱབ་མི་འབྱུང་བའི་ཐབས་ཡིན་པས་འགོས་ནད་སྔོན་འགོག་གི་རིགས་ལམ་ལས་སྔོན་འགོག་རིམ་པ་གསུམ་པར་ངོས་འཛིན། འདིའི་སྐབས་བོད་ཀྱི་གསོ་རིག་གིས་ཀྱང་སྨན་རྫས་ཀྱི་བཅོས་ཐབས་ཚ་བ་གཉན་རིམས་སྐབས་སུ་གསུངས་པ་རྣམས་ནད་དངོས་དང་བསྟུད་དེ་སྤྱོད་ཆོག་པ་དང་། གཞན་བླ་གཉན་གྱི་ནད་ཕོ་བར་ཟས་མི་འཇུ་བ་སོགས་བྱུང་ཡང་བོད་སྨན་མང་བས་དེ་ལ་དེ་མཐུན་གྱི་གསོ་བཅོས་བྱེད་ཆོག །

སྤྱིར་སྨན་ཁང་དུ་ཟུར་བཀག་གསོ་བཅོས་བྱས་པའི་འཇུག་འབྲས་བཞི་ཡོད་པར་བཤད་དེ། ༡ ནད་གསོ་བཅོས་ཀྱིས་ནད་སངས་དྲག་ཏུ་གཏོང་བ་དང་། ༢ ནད་གཞིའི་གཏིང་མི་ལོན་པར་མུ་མཐུད་དམ་འཛིན་བྱེད་དགོས་པ་ཡོད།  ད་རེས་ཀྱི་པྲོག་དབྱིབས་ཅན་གྱི་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་རྣམས་ལས་ཀྱང་སངས་དྲག་བྱུང་ཡོད་མེད་མཐའ་གཅིག་ཏུ་བརྗོད་དཀའ་བས་མུ་མཐུད་དུ་གཟབ་དགོས། ༣ གསོ་བཅོས་ཀྱི་བརྒྱུད་རིམ་ལས་ནད་པ་ནུས་མེད་ཅན་དུ་གཏོང་བ། གལ་ཏེ་ད་རེས་ནད་སངས་དྲག་མ་བྱུང་ན་མི་ཚེ་གང་བོར་ནད་དེས་མནར་བཞིན་འཚོ་དགོས་པ་སྟེ། དཔེར་ན། སཱར་སིའི་(SARS)ནད་པ་དྲག་ཟིན་པ་རྣམས་ལས་ཀྱང་འགའ་རེར་ནད་གཞུག་ལུས་ནས་ལུས་སེམས་ལ་མནར་གཅོད་ཚད་མེད་བཏང་ཡོད་པ་ལྟ་བུ་རེད། ༤ ཆེས་མཇུག་མཐའི་འབྲས་བུ་ནི་ཕྱི་མའི་རྔ་ལམ་དུ་འགྲོ་རྒྱུ་དེ་རེད། །

མདོར་ན་གོང་དུ་བཤད་པའི་འགོས་ནད་སྔོན་འགོག་གི་གོ་རིམ་གསུམ་ནི་ད་ལྟའི་པྲོག་གསར་གློ་ཚད་སྔོན་འགོག་གི་ཐབས་ལམ་མེད་དུ་མི་རུང་བ་ཡིན་པས་འདིའི་དོན་རྟོགས་རྒྱུ་ཤིན་ཏུ་གལ་ཆེ།  ད་ལྟ་ཉིན་རེར་ཆ་སྙོམས་ནད་ངོས་ཟིན་པའི་ནད་པ་སུམ་སྟོང་ལྔ་བརྒྱ་ལྷག་ལ་སླེབས་བཞིན་ཡོད་པ་དང་ཉིན་རེར་ནད་པ་བདུན་བཅུ་ལྷག་ཕྱི་མའི་རྔ་ལམ་དུ་འགྲོ་བཞིན་ཡོད་པས། པྲོག་གསར་གློ་ཚད་ཀྱི་འགོས་ནད་འདི་ནི་མི་ལོ་བཅུ་བདུན་སྔོན་གྱི་སཱར་སི་འགོས་ནད་ལས་ཀྱང་འགོ་སླ་བ་དང་འགོས་ཁྱབ་མགྱོགས་པ། ནད་དུག་འགོས་ཀྱང་དེ་མ་ཐག་ནད་རྟགས་མི་མངོན་པར་དུས་ཡུན་རིང་བོ་འགྲོ་བས་ནད་ངོས་མི་ཟིན་པ་བཅས་ཀྱི་ཁྱད་ཆོས་ཡོད་པས།  ང་ཚོ་ད་དུང་ཡང་གནས་ཚུལ་ཚབས་ཆེན་དང་ཛ་དྲག་གི་འོག་ཏུ་གནས་ཡོད། དེས་ན་རིམས་ནད་ཀྱི་འཇིགས་པ་ཡོང་བའི་ཛ་དྲག་གི་དུས་སྐབས་འདིར་རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་སྔོན་འགོག་ཐད་དུ་སྲིད་གཞུང་དང་རིམ་པ་སོ་སོས་ཀྱང་ནན་ཏན་གྱིས་རིམས་འགོག་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་དྲ་ལམ་སོགས་སུ་དངོས་སུ་མཐོང་ཐུབ།  དེ་བས་པྲོག་གསར་གློ་ཚད་ནད་འདི་སྔོན་འགོག་དང་གསོ་བཅོས་ཐད་ལ་རྒྱལ་ཁབ་ཀྱི་སྒྲིག་ལམ་དང་ཆེད་མཁས་པ་རྣམས་ཀྱི་ངག་བཅོལ་ལྟར་ཀུན་གྱིས་རང་བདེ་རང་སྲུང་བྱེད་དགོས་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ།།

གསོ་རིག, དཔྱད་རྩོམ།, འཕྲོད་བསྟེན།

Post navigation

Previous Post: རྒྱ་ནག་ནི་ནད་འབུའི་བཟོ་གྲྭ་ཞིག་ཡིན་ནམ།
Next Post: ཏོག་དབྱིབས་ནད་དུག་དང་བོད། 

Comments (1) on “པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་གསུམ་སྔོན་འགོག”

  1. བློ་བཟང་། says:
    2020-02-08 at 2:11 pm

    ད་བར་བོད་ཕྱི་ནང་གཉིས་སུ་་་་གཅིག་མཐུན་གཉིས་ཕན་གྱིས་་་་ཏོག་དབྱིབས་ནད་དུག་་་ཅེས་མིང་་་་ནད་མིང་་་ཡོང་གྲགས་་ཟིན་པ་ཞིག་་་་་ཁྱེད་ཀྱིས་་་བྱ་རྒྱའི་ཁ་གནམ་ལ་འཁོར་དུས། ཁ་ཏྭའི་མགོ་འོག་ལ་འཁོར་དོན་མེད་པ་རེད། ཁྱེད་ལྟ་བུ་མི་མང་བོ་ཞིག་གིས་་་བཤད་རྒྱུ་གསར་པ་གང་ཡང་མེད་ཀྱང་་་་་རང་རློམས་ཀྱིས་སྔར་བྱུང་མ་མྱོང་པའི་གཏམ་ཡིན་ཁུལ་གྱིས་་་ཐ་སྙད་ཀྱང་གསར་པ་བེད་སྥྱོད་བྱས་ནས། ཡོང་གྲགས་དང་གཅིག་གྱུར་ཟིན་པའི་མིང་བརྡ་་་་རྞམས་་རིམ་ཁྱབ་དུ་འགྲོ་བར་འགོག་རྐྱེན་བཟོས་བཞིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme