Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པོ་ཏྰ་ལ་ནས་པེ་ཅིན་བར་དུ།

Posted on 2015-10-302015-10-31 By ཡེ་ཤེས་ 16 Comments on པོ་ཏྰ་ལ་ནས་པེ་ཅིན་བར་དུ།

rimo1ཀླུ་སྨྱོན།

བོད་ལྗོངས་ཀྱི་ལེའུ། དང་པོ།

སྟོན་མཇུག་གི་ལོ་མ་སེར་པོ་གང་སར་འཕུར། མཚོ་སྔོན་པོའི་འདབས་ཀྱི་བྱ་ཁུ་ཞིག་རྒྱང་རིང་གི་ལྷོ་སྤྲིན་དུམ་བུ་དེའི་ཀློང་དུ་ཡལ། མཚོ་མཐའ་རུ་སྒོ་ང་ཆག་རོ་གྲངས་ལས་འདས་པ་ཞིག་བྱེ་གསེང་དང་རྡོ་གསེང་དུ་ཐང་མར་བརྡལ། མཚོ་འདབས་ཀྱི་གྲོང་སྡེ་ཆུང་ཆུང་དེའི་གད་སྙིགས་ཀྱི་ཕུང་པོ་གཏོས་ཆེ་བ་དེ་སྤྱི་ལེ་གཅིག་ཙམ་གྱི་ས་ནས་བལྟས་ཚེ་ནག་ཡོར་ཡོར་གྱི་གྲིབ་གཟུགས་ཤིག་ཏུ་གྲུབ། ཐག་ཉེར་བཅར་ཚེ་གད་སྙིགས་དེའི་ཁྲོད་དུ་དེང་རབས་ཀྱི་དངོས་རྫས་འདྲ་མིན་ཡོད། པོ་ཏྰ་ལ་དང་པེ་ཅིན་མཁར་གྱི་པར་རྙིང་སྣ་ཚོགས། བོད་ཀྱི་བླ་ཆེན་དང་རྒྱའི་ཆབ་སྲིད་པ་དུ་མའི་འདྲ་པར་ཚོན་ཁྲ་ཅན། འགྱིག་གིས་བཟོས་པའི་བྱིས་པའི་འཇིབ་རྭ་དང་མི་དར་མ་ཚོའི་མཇེ་ཤུབ། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་དཔར་བའི་ཁ་བཏགས་སེར་ཁྲ་དམར་ཁྲ། དགོན་པ་མང་པོས་མཛད་སྒོ་ཆེ་ཆུང་ལ་དམིགས་ཏེ་བཟོས་པའི་ཤོག་ཁུག་དགོན་པའི་ལས་རྟགས་ཅན་འདྲ་མིན།

སྲིད་དོན་རྒྱལ་རབས་ཀྱི་དཔེ་རྙིང་ཆལ་ཆོལ་དང་མཚོན་བྱེད་གསུམ་དྲིལ་སྒྲོག་གི་ཡིག་ཆ་རྙིང་ཧྲུལ། མདོར་ན་བོད་ཡུལ་དང་རྒྱ་ཡུལ་ན་རྒྱུགས་ཆེ་བའི་ཆོས་ལུགས་དང་ཆབ་སྲིད་ཀྱི་དངོས་རྫས་ཕལ་མོ་ཆེ་ཞིག་གྲོང་སྡེ་འདིའི་གད་སྙིགས་ཀྱི་ཁྲོད་དུ་སྤུངས་འདུག གནའ་རབས་དང་དེང་རབས་ཀྱི་གདོང་གཏུགས་སྣ་ཚོགས་ཀྱི་ཁྲོད་དུ། གད་སྙིགས་ཀྱི་རིག་གཞུང་ལ་ཡང་གསར་བརྗེ་དང་ཐོལ་བརྒལ་ཆེན་པོ་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་འདུག་ལ། གད་སྙིགས་ཀྱི་སྤུས་ཀ་ལ་ཡང་འགྱུར་ལྡོག་ཡང་ནས་སྐྱར་དུ་ཐེབ་བཞིན་ཡོད། སྒྱུ་རྩལ་པ་མང་པོ་ཞིག་གིས་གད་སྙིགས་སྣ་ཚོགས་སྤྱད་དེ་མིའི་ཡིད་དབང་འགུག་ནུས་པའི་སྒྱུ་རྩལ་གྱི་ཐོན་རྫས་འདྲ་མིན་བཟོ་བར་བྱེད་ཅིང་། དེ་དག་གྲོང་ཁྱེར་ཆེན་པོ་དག་གི་འགྲེམ་སྟོན་ཁང་དུ་བཤམས་པ་ང་ཚོས་ཡང་ཡང་མཐོང་ཐུབ། པོ་ཏྰ་ལ་དང་པེ་ཅིན་བར་དུ་ཡང་གནའ་སྔ་མོ་ནས་བཟུང་སྟེ་སྒྱུ་རྩལ་གྱི་ཟམ་པ་རིང་པོ་ཞིག་བཙུགས་ཡོད་པ་དང་། ཟམ་པ་དེའི་སྟེང་དུ་འགྲོ་འོང་བྱེད་མཁན་ཡང་ཟམ་མི་ཆད་པར་འདུག ཟམ་སྟེང་གི་མགྲོན་པོ་མང་ཆེ་བ་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་ཁོག་ཇུས་ཡོད་པའི་མི་སྣ་ཆེན་པོ་དག་ཡིན་ཞིང་། ཁོ་ཚོའི་གྲིབ་གཟུགས་ཀྱི་ནང་དུ་བསྐུངས་ནས་འགྲོ་མཁན་དག་གི་ནང་དུ་དམིགས་ཡུལ་ཉི་ཚེ་བ་ཡོད་པའི་ཡུལ་སྐོར་དང་འཁྲབ་སྟོན་པ། རྩོམ་པ་པོ་དང་ཚོང་བ། སྨད་འཚོང་མ་དང་གཏེར་སྔོག་པ་སོགས་འདུས།
ང་ཚོའི་མིག་སྔར་བཤམས་ཡོད་པའི་པོ་ཏྰ་ལ་དང་པེ་ཅིན་མཁར་གཉིས་ནི་འཛམ་གླིང་གི་ལྗོངས་རྒྱུ་བ་བསྐྱོད་སའི་གནས་རྩ་ཆེན་གཉིས་ཡིན་པ་དང་། འདི་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ནི་ཤོག་བུའི་ངོས་སུ་ཡི་གེ་གསལ་བོར་བྲིས་ཡོད། ཡིན་ན་ཡང་ཤོག་བུའི་རྒྱུ་སྤུས་རྩ་བའི་ཆ་ནས་མི་འདྲ་བ་གཉིས་རེད། རྒྱ་ནག་ནས་བཟོས་པའི་ཤོག་བུའི་སྤུས་ཀ་ལེགས་ཤིང་ཤོག་བུ་རེ་རེ་བཞིན་ཧ་ཅང་སྲབ་བུ་དང་། བོད་བཟོས་ཤོག་བུའི་སྤུས་ཀ་རྫོབ་ཅིང་ལག་པས་རག་མ་ཐག་གཡག་གི་ཀོ་བ་བཞིན་གྱོང་ཞིང་མཁྲེགས། ཡིན་ན་ཡང་ཤོག་བུ་འདི་གཉིས་ཀྱི་སྤུས་ཀའི་རྒྱབ་ལོགས་སུ་ལོ་ངོ་དུ་མར་བསྐུངས་ནས་བསྡད་པའི་གསང་བ་དེ་ཚོ་ཡང་མ་གླེང་ཐབས་མེད་རེད།
པེ་ཅིན་ནས་བཀའ་རྒྱ་འབྱོར་བྱུང་། དེ་ནི་པོ་ཏྰ་ལ་དཀྱིལ་དབུས་སུ་བཟུང་བའི་གནའ་བོའི་གྲོང་ཁྱེར་ལྷ་ས་བར་དུ་མེ་འཁོར་ལྕགས་ལམ་བསྐྲུན་རྒྱུ་དེ་རེད། བཀའ་རྒྱ་དེ་ནི་ནམ་གུང་ཞིག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ཨང་བརྒྱ་དང་བརྒྱད་པ་ཞེས་པའི་ཁང་པ་སྤུས་གཙང་ཞིག་ནས་གློག་གི་རྒྱུན་ལ་བཏགས་ནས་སྐད་ཅིག་དེ་ཉིད་ལ་མཐོ་སྒང་གི་གྲོང་ཁྱེར་ལྷ་སར་འབྱོར། དེ་ནི་ཏག་ཏག་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་པས་རང་གི་ཆུང་མ་བོད་མོ་དེ་དང་མཉམ་དུ་འདོད་པའི་རྩེ་དགར་རོལ་བའི་དུས་ཚོད་དེ་ཡིན། གྲོང་ཁྱེར་སྤྱི་ཁྱབ་པའི་ཕ་ཡུལ་ཧྲང་ཧེ་ཡིན་ལ་བོད་སྐྱོར་ལས་བྱེད་ཚོགས་པའི་མིང་ཐོགས་ནས་བོད་ལ་འབྱོར་ཏེ་ལོ་ངོ་ཉི་ཤུ་ཕྱིན་འདུག ཁོང་གིས་འདས་པའི་ལོ་ཉི་ཤུའི་རིང་ལ་བོད་ཟས་རྩམ་པ་དང་མར་ཆུར་ཤ་དང་གྲོ་མ་སོགས་སྤྱི་སྤྱོད་རླངས་འཁོར་འགའི་ནང་དུ་ཤོངས་པ་ཞིག་ཟོས་ཡོད་ན་ཡང་། ཁོང་གི་སྐུ་གཟུགས་སྔར་བཞིན་སྐམ་པོ་སྐམ་རྐྱང་ཡིན། ཐ་ན་རླུང་བུ་ལྡང་ཐེངས་ཤིག་གིས་ཀྱང་ཕྱོགས་ག་ཤེད་ཅིག་ལ་འཁུར་ཨེ་འགྲོ་བསམ་པ་ཞིག་ཡོད།
ཁྱོད་ཚོས་གཟི་ཚ་སྡེ་དགུའི་ཕྱོགས་ཤིག་ཏུ་འཛམ་གླིང་སྟེང་གི་མ་ཎི་འཁོར་ལོ་ཆེ་ཤོས་དེ་བཞེངས་ཡོད་པ་ཤེས་སམ། མ་ཎི་འཁོར་ལོ་དེ་ལེགས་པར་བཞེངས་གྲུབ་པའི་མཛད་སྒོའི་གཙོ་སྐྱོང་བ་དེ་ངའི་པ་ལགས་རེད། ཁོང་གིས་ཉིན་དེའི་ཐོ་རེངས་རྨི་ལམ་ཞིག་རྨིས་པ་འདི་ལྟར། དོམ་ཁྲ་གསུམ་ཕྱོགས་ངེས་མེད་དུ་འཁྱམ་བཞིན་འདུག བྱ་གླག་ཅིག་ནམ་མཁའི་དབྱིངས་ནས་སྐར་མདའ་ལྷུང་བ་བཞིན་ས་རུ་བབས། རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་དམག་རྟ་ཡོངས་རྫོགས་སོག་པོས་དེད་ཟིན། དངངས་འཚབ་ཅིག་དང་མཉམ་དུ་ངའི་པ་ལགས་གཉིད་ལས་སད། མཛད་སྒོ་ཚུགས་རན་སོང་། པ་ལགས་ཀྱིས་ཟངས་ཀྱི་འཇབ་ཙེ་ཟད་པོ་ཞིག་གིས་མ་ནེའི་སྟེང་གི་ཨ་ར་བཏོག་བཞིན་འདུག ཁོང་ལ་ཐང་ཆད་པའི་ཚོར་བ་ཞིག་སྐྱེས། ཕྱི་རབས་པ་ཚོར་ཆོས་དད་ཡོད་ནམ། ཕྱི་རབས་པ་ཚོས་བན་ཆོས་དང་བོན་ཆོས་ཀྱི་ཁྱད་པར་ཤེས་སམ། ཁོང་གིས་དྲི་བ་འདི་དག་ཕྱག་ཕྲེང་གི་མདོ་འཛིན་བ་སོའི་མཆོད་རྟེན་ཆུང་ཆུང་དེའི་སེར་ག་ཞིག་གི་ནང་དུ་སྦས།
པོ་ཏྰ་ལའི་ནང་དུ་ཏྰ་ལའི་བླ་མའི་བཞུགས་ཁྲི་གསུམ་ཡོད། རེ་རེ་བཞིན་རྒྱ་ནག་ནས་བཟོས་ཏེ་གཡག་རྒྱབ་སྤྱད་དེ་མཐོ་སྒང་ལྷ་སར་དབོར་འདྲེན་བྱས། བཞུགས་ཁྲི་གཅིག་གི་སྦྱིན་བདག་ནི་མའོ་ཙེ་ཏུང་གི་ཨ་མ་ཡིན། ཨ་རིའི་གསར་འགོད་པ་སི་ནོ་ཡིས་བྲིས་པའི་རྒྱང་བསྐྱོད་ཟིན་ཐོའི་ནང་དུ་མའོ་ཙེ་ཏུང་གི་ཨ་མ་དེ་སངས་རྒྱས་ཆོས་ལུགས་ལ་དད་པ་ཆེན་པོ་ཡོད་ལུགས་བྲིས་འདུག ཨ་མ་དེས་མའོ་ལ་སངས་རྒྱས་ཀྱི་འཕེལ་གདུང་རིལ་བུ་གསུམ་བྱིན། མའོ་སྐུ་མ་གཤེགས་བར་དུ་ཁུག་མ་དེ་སུ་ལ་ཡང་མ་བསྟན་པར་ཁོ་རང་གི་སྐེ་རུ་བཏགས། དེའི་བྱིན་རླབས་ཀྱིས་ཐེངས་ཤིག་ཅང་ཅེ་ཧྲེའི་དམག་མིས་ཁོང་འཇུ་གྲབ་བྱས་མོད་ཁོ་ཚོས་ཁོང་གབ་ཡོད་སའི་གནས་དེ་རྩ་བ་ཉིད་ནས་མ་མཐོང་། མཚན་མོ་དེ་མའོ་ཡིས་ནམ་ཡང་མ་བརྗེད། ཐ་ན་རྒྱལ་སྟོན་དུས་ཆེན་ཐེངས་དང་པོའི་མཚན་མོར་ཡང་ཁོས་རང་གི་ཆུང་མ་ཅང་ཆིན་ལ་དོན་རྐྱེན་དེ་ཚར་གསུམ་གླེང་།
ལྕགས་ལམ་ལེགས་གྲུབ་བྱུང་བའི་མཛད་སྒོ་ལྷ་སར་གཉེར། དེ་ནི་པོ་ཏྰ་ལ་དང་པེ་ཅིན་མཁར་གཉིས་སྦྲེལ་བྱེད་ཀྱི་ཟམ་པ་ཞིག་རེད། དེ་ནི་བོད་རིགས་དང་རྒྱ་རིགས་བར་གྱི་ཟམ་པ་ཞིག་ཀྱང་རེད། ཟམ་པ་དེའི་སྟེང་དུ་ཆབ་སྲིད་པ་དང་ཆོས་ལུགས་པ། ཚོང་པ་དང་ཁྲམ་པ། རྩོམ་པ་པོ་དང་སྒྱུ་རྩལ་བ་ཚོ་གཤར་མགོ་བརྩམས། ཟམ་སྟེང་དུ་ཁ་བའི་འདབ་མ་བབས། ཟམ་སྟེང་དུ་སྟོན་ཁའི་ལོ་འདབ་བསྙིལ།
* ཀླད་ཀྱི་རི་མོ་འབྲི་མཁན་ཀླུ་སྨྱོན་ཡིན།

བརྩམས་སྒྲུང་།

Post navigation

Previous Post: ཤེལ་གྱི་ཕོ་བྲང་།
Next Post: དབྱིན་ཇིའི་རྒྱལ་སའི་ཚོར་སྣང་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ།

Comments (16) on “པོ་ཏྰ་ལ་ནས་པེ་ཅིན་བར་དུ།”

  1. གནམ says:
    2015-10-30 at 8:51 pm

    རི་མོའི་ཕྱོགས་ལ་རེ་བ་འདུག། མང་ཙམ་འབྲི་རོགས།

  2. BONPO says:
    2015-10-30 at 9:38 pm

    མི་དར་མ་ཚོའི་མཇེ་ཤུབ། ཅེས་སུ་འབྲི་ཆོག་ས་ལ། གཞོན་ནུ་མ་ཚོའི་པད་ཁེབས་ཅེས་འབྲི་མི་དགོས་པ་གང་ཡིན་ནམ། གད་སྙིགས་ནང་ལ་མཇེ་ཤུབ་ལས་ཀྱང་པད་ཁེབས་མང་བ་ཡོད་ཚོད་རེད། ད་དུང་བོད་པའི་གད་སྙིགས་ནང་ལ་དེ་བས་ཀྱང་པད་ཁེབས་མང་བས་སོ། །

  3. རྒྱ་གར་རྨ་བྱ། says:
    2015-10-31 at 12:32 am

    ཡི་གེ་འདི་ཚོ་ཀློག་རྒྱུར་སྤྲོ་བོ་འདུག ཐུགས་རྗེ་ཆེ། མང་ཙམ་བསྐུར་རོགས་གནང་། གཟའ་མཇུག་སྤྲོ།

  4. རོང་པོ་འཇོ་ན་ནས says:
    2015-10-31 at 1:27 am

    འདི་བཞིན་བྱིས་པའི་སྒྲུང་དེབ་ཞིག་པར་རིས་ཅན་འགའ་བྲིས་གནང་ན་ནུབ་ཡུལ་བོད་ཕྲུག་ལ་ཕན་རླབས་ཤུན་ཏུན་ཆེ་བར་སྣང་། ངའི་རེ་བ་ཡང་ཡིན།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-10-31 at 4:57 am

    དྷ་ས་པེ་ཅིང་འབྲེལ་ཟམ།
    ལྷ་ས་པེ་ཅིན་འབྲེལ་ཟམ་དེ། །
    དང་པོ་སྲོང་བཙན་སྒམ་པོས་བཙུགས། །
    བར་དུ་རྒྱ་བཟས་བརྒྱན་གྱིས་སྤྲས། །
    མཐའ་མ་མའོས་བཙན་གྱིས་བཅོས། །

    བོད་གཞུང་རྒྱ་གཞུང་འབྲེལ་ཐག་དེ། །
    སྔར་ནས་རེ་ཐག་ཆད་ཟིནད་ཀྱང་། །
    མི་རིགས་གཉིས་ཀྱི་རེ་ཐག་དེ། །
    ཧུ་ཡོ་པང་གིས་ཅུང་ཟད་བཟོས། །

    ད་ལྟའི་དྷ་ས་པེ་ཅིང་བར། །
    དོན་ཚན་བཅུ་བདུན་རེ་ཐག་ཐོག །
    གཉིས་སྨན་དབུས་ལམ་འབྲེལ་འཛུགས་ལ། །
    ཕྱི་ནང་འགལ་རྐྱེན་ཅུང་ཤིག་ལྷག །

  6. ཀརྡོ་གཉེར་ཕྱག་པ་ says:
    2015-10-31 at 4:59 am

    ད་ལྟའི་དྷ་ས་པེ་ཅིང་བར། །
    དོན་ཚན་བཅུ་བདུན་རེ་ཐག་ཐོག །
    གཉིས་སྨན་དབུས་ལམ་འབྲེལ་འཛུགས་ལ། །
    ཕྱི་ནང་འགལ་རྐྱེན་ཅུང་ཤིག་ལྷག །
    འདི།
    ད་ལྟའི་དྷ་ས་པེ་ཅིང་བར། །
    དོན་ཚན་བཅུ་བདུན་རེ་ཐག་ཐོག །
    གཉིས་སྨན་དབུས་ལམ་འབྲེལ་འཛུགས་ལ། །
    ཕྱི་ནང་འགལ་རྐྱེན་ཅུང་ཟད་ལྷག །

  7. ཀརྡོ་གཉེར་ཕྱག་པ་ says:
    2015-10-31 at 5:03 am

    དྷ་ས་དབུས་ལམ་མི་འགྲོ་ཀ་མེད་རེད། །
    པེ་ཅིང་མང་གཙོར་མི་འགྲོ་ཀ་མེད་རེད། །
    དེ་དུས་འཆམ་མཐུན་མི་འོངས་ཀ་མེད་རེད། །
    མཉམ་གནས་ཡར་རྒྱས་མི་འགྲོ་ཀ་མེད་རེད། །

  8. ཁྱུང་སེ། says:
    2015-10-31 at 7:10 am

    ཀླུ་སྨྱོན་ཤེས་རྒྱ་མཐོང་རྒྱ་ཆེ་ཡང། བོད་ཤོག་དང་རྒྱ་ཤོག་གང་ཡག་ཤེས་མི་འདུག་པར་མ་ཟད་རྒྱ་ཤོག་ཡག་རབས་བཤད་འདུག བལ་ཡུལ་དང་དྷ་སར་སོང་ལ་བོད་ཤོག་དང་རྒྱ་ཤོག་གཉིས་ལ་རིན་པ་གང་ཆེ་བ་འདུག་དཔྱད་རོགས། རིན་པ་གང་ཆེ་བ་དེ་ཡག་པོ་ཡིན་པར་དོན་གྱིས་གྲུབ། མ་ཟད་བོད་ཤོག་ནི་ལོ་ངོ་སྟོང་ཕྲག་མང་པོར་རུལ་སུང་མེད་པར་གནས་ཀྱི་ཡོད།།

  9. ཁྱུང་སེ། says:
    2015-10-31 at 7:12 am

    ཀླུ་སྨྱོན་འདི་སྔེ་ཡིན་ན་མོ་དད་ཆེན་པོ་ཡོད་མཁན་ཞིག་རེད། ཁ་ནས་བུ་མོ་དང་ལག་ནས་སྟུ་ཟེར་ནས་མང་པོ་ཞིག་བཤད་ཀྱི་རེད། ད་ཀན་ཁོང་གིས་མཇེ་ཤུབས་ཟེར་བ་ལས་སྟུ་ཁེབས་དང་ནུ་ཁེབས་སོགས་ཅུང་ཙམ་ཀྱང་མི་གླེང་བ་ལ་ལྟས་ན་་་་ད་ཕོ་དད་ཆེ་རུ་ཕྱིན་པ་འདྲ། ཨ་ཏང་ཀུ་རེ་ཞུས་ཡིན་ད་་་

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-31 at 7:32 am

    གྲྭ་བ་ཚད་ལྡན་མིན་ན་ག་རེ་བྱས་འདོད་རང་དབང་མ་རེད་དམ། ཡིན་ནའང་སྐྱ་མིན་སེར་མིན་ཚོས་གྲྭ་ཆས་དེའི་དགེ་འདུན་སྤྱི་ཡོངས་ལ་མཚན་ཤས་སུ་འགྲོ་ཀི་ཡོད་ཀྱང་ནུབ་གླིང་དང་ཡུབ་རོབ་ན་ཁ་ཅིག་ལ་ལྟོ་གོས་འཚོལ་བྱེད་ལ་ཕན་ཡག་པོ་ཐོག་གི་ཡོད་པས་༼ཆ་ལུགས་ངན་ན་རང་དོན་འགྲུབ་ན་ཡག༽ཟེར་དུས་དེ་ཡང་མ་རེད་ཟེར་ས་མི་འདུག་གདའ།
    ཧཧཧཧཧ་་་་་་་དྲང་གཏམ་ཡིན་གདའ།

  11. ལོ་ཡག says:
    2015-10-31 at 8:09 am

    དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་མེད་རེད་དམ་མ་རེད་བསམ་བློ་ཐོངས།

  12. ལོ་ཡག says:
    2015-10-31 at 8:10 am

    དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་གཞུང་འདུག་གམ་མི་འདུག་བསམ་བློ་ཐོངས།

  13. རྫ་ཚེ་རིང་བཀྲ་ཤིས། says:
    2015-11-01 at 7:25 am

    བཀླགས་ཟིན། ཤ་ཚ་མོ་ཞིག་འདུག

  14. ཇ་མ་ says:
    2015-11-01 at 3:09 pm

    རྩོམ་ཡིག་ལས་རི་མོ་གཏོམས།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-11-02 at 6:45 am

    ཨ་བླ་ཀླུ་སྨྱོན་ལ་ཞུ་ན། པོ་ཏ་ལ་ཞེས་པའི་ཏ་ཡིག་དེ་རིང་པོ་མ་ཡིན། པོ་ཏ་ཞེས་པ་གྲུ་དང་། ལ་ཞེས་པ་འཛིན་པ་སོགས་ལ་བསྒྱུར། གཞན་དུ་ལེན་ཞེས་པར་ཡང་ཡོད། སྐད་ལ་འགྱུར་བ་ཐེབས་པ་ལ་སྤྲོ། མང་ཙམ་འབྲི་དགོས་ཀྱང་། ད་ལྟ་དུས་མེད།

  16. ལོ་ཡག says:
    2015-11-02 at 8:23 am

    རྩོམ་ལ་རྩོམ་ཉམས་དོད་པོ། །འདྲ་འདྲ་ཀུན་དང་མི་འདྲ་འདུག། ཀློག་རན་མེད་དེ་ཉུང་ཉུང་ཞིག །འོན་ཏེ་དོན་དག་མང་མང་འདྲ།།རྔ་མ་བྲི་ན་མི་ཀློག་རེ།།ང་ནི་མནའ་བསྒགས་བྲོ་བོར་རོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme