Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པེ་ཅིང་སྲང་ལམ་གྱི་བོའུ་སྐད་ལ་ཉན་པ།

Posted on 2012-03-21 By འདྲེ་རིག་ལྡན 17 Comments on པེ་ཅིང་སྲང་ལམ་གྱི་བོའུ་སྐད་ལ་ཉན་པ།

རེས་གཟའ་ཟླ་བའི་ཕྱི་དྲོའི་མཚམས་སུ་པེ་ཅིང་གྲོང་ཁྱེར་གྱི་སྲང་ལམ་ཁག་ཅིག་ནས་བོའུ་སྐད་བསྟུད་མར་གྲགས་འདུག་པ་དང་།  རྒྱ་ཡིག་གི་དྲ་རྒྱ་ཁག་ཅིག་ཏུ་དེའི་བྲག་ཅ་ད་ལྟ་ད་དུང་ཡང་འཁོར་འདུག་སྐད།

  

 www.wantchinatimes.com ཟེར་བའི་དྲ་གནས་འདིར་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ལས་འགུལ་ནི་པེ་ཅིང་གྲོང་ཁྱེར་གྱི་མི་བཞི་ལ་ཁ་གཏད་གཅོག་ཆེད་དུ་ཡིན་ལུགས་ཀྱི་བཤད་ཡམས་ཤིག་ཁྱབ་བཞིན་ཡོད་པ་སྟེ། མི་བཞི་བོ་དེ་དག་ནི། པའོ་ཞི་ལེ་དང་། ཀྲོའུ་ཡོང་ཁང་། ཅཱ་ཆིན་ལིན། ཀྲིང་ཆིན་ཧོང་བཅས་ཡིན་པ་རེད།  ཁོང་ཚོ་བཞི་ལས་ཅཱ་ཆིན་ལིན་དང་། ཀྲོའུ་ཡོང་ཁང་གཉིས་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་མི་དང་། ཀྲིང་ཆིན་ཧོང་ནི་སྲིད་གྲོས་ཀྱི་ཚོགས་མི་ཟུར་པ་རེད། ཁོང་ཚོས་ཐེངས་འདིའི་རྒྱ་ནག་གི་དཔོན་པོ་འཕོ་འགྱུར་འགྲོ་བའི་གནས་སྐབས་འདིར། པའོ་ཞི་ལེ་ལ་སྲིད་གྲོས་ཀྱི་ཚོགས་གཙོའི་གོ་གནས་ཐོབ་ཆེན་དཔུང་སྒྲིག་གིས། ཝིན་ཅ་པའོ་ལ་ཁ་གཏད་བྱེད་པའི་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་ཀྱིན་ཡོད་ལུགས་ཀྱི་བཤད་ཡམས་དེ་ད་ཆ་རྒྱ་ནག་ཁྱོན་ཡོངས་སུ་ཁྱབ་བཞིན་ཡོད་པ་རེད།

ད་ཆ་པེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་ཁག་གི་ཕྱིར་བསྐྱོད་ས་ཚིགས་ཁག་ཏུ་རླངས་འཁོར་བཀག་ཆོག་གི་མེད་པ་དང་། དུས་ངེས་མེད་དུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་ཚོ་འགྲོ་བསྐྱོད་བྱེད་ཆོག་ཆོག་བཟོས་ནས་འདུག་ཟེར་བ་དང་། དེ་ནི་རྒྱ་དམར་སྲིད་གཞུང་གིས་གསར་འགོད་པ་གྲགས་ཅན་རིགས་རྒྱ་ནག་ནས་ཕྱིར་ཐོན་རྒྱུར་བཀག་འགོག་བྱེད་ཆེད་ཡིན་ལུགས་བསྒྲགས་འདུག་ཟེར།  དོན་དངོས་ཐོག་ནས་བཤད་ན། པའོ་ཞི་ལེ་ཡིས་ཉེས་མེད་ཉེས་འཛུགས་ཀྱིས་ཁྲོང་ཆིན་ཞིང་ཆེན་གྱི་ཚོང་པ་ཆེན་པོ་མང་པོ་ཞིག་གི་རྒྱུ་ནོར་འཕྲོག་རྗེས་དང་། རང་གི་ལག་གཡས་པ་ལྟ་བུའི་ལས་རོགས་ཝང་ལི་ཇོན་ཁུ་སིམ་མེར་ཨ་རིའི་གཞུང་ཚབ་ཁང་དུ་འཛུལ་ནས་སྐྱབས་བཅོལ་ཞུས་པ་ནས་བཟུང་། པའོ་ཞི་ལེ་ཡི་གྲིབ་ནག་འོག་ཡོད་པའི་ཚོང་པ་ཆེན་པོ་མང་པོ་ཞིག་རྒྱ་ནག་ནས་ཕྱིར་འབྲོ་བཞིན་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོར་རེ་བ་རྒྱག་གིན་པའི་པའོ་ཞི་ལེ་དང་ཁོའི་ཁ་གཏད་དག་གི་དབར་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱུང་དང་འབྱུང་བཞིན་ཡོད་པ་རེད།

རྒྱ་ནག་གིས་དཔོན་རིགས་འཕོ་འགྱུར་གྱི་བརྒྱུད་རིམ་འདིའི་བར་དུ་འབྱུང་སྲིད་པའམ། ཡང་ན་བྱུང་དང་འབྱུང་བཞིན་པའི་རྙོག་དྲ་འདི་དག་མང་གཙོ་དོན་གཉེར་ཅན་དང་། ཧྥ་ལུང་ཀོང་། དེ་བཞིན་རྒྱ་དམར་སྲིད་གཞུང་ལ་འདོད་མོས་མེད་པའི་རྒྱ་རིགས་སྤྱི་དང་། ཁྱད་པར་དུ་ཡང་བོད་དང་ཤར་ཏུར་ཀི་སི་ཐན། སོག་པོ་བཅས་ནས་ངོ་རྒོལ་ཡོང་བར་དོགས་ནས། གྲངས་ཉུང་མི་རིགས་ཁག་གི་ས་གནས་སུ་དམག་མི་འབོར་ཆེན་འགྲེམ་འཇོག་གིས་ངོ་རྒོལ་ལ་གཉའ་གནོན་དང་། གྲངས་ཉུང་མི་རིགས་ཁག་གི་འཐབ་རྩོད་འདི་རྒྱ་མི་རིགས་ཀྱི་ཞེ་འཁོན་དུ་འགྱུར་ཐབས་ལ་བརྩོན་ནས་མི་མང་གི་བསམ་བློ་ཏང་ལ་འཁོར་ཐབས་བྱེད་ཀྱིན་པ་མ་ཟད། ཕྱོགས་གཞན་ཞིག་ནས་གྲངས་ཉུང་མི་རིགས་ཁག་ལ་ཡ་ང་སྙིང་རྗེ་མེད་པར་གཉའ་གནོན་བཏང་ནས་རྒྱ་མི་རིགས་ལ་ཡང་སྡོད་ཚུགས་དགོས་པའི་ཉེན་བརྡ་གཏོང་གིན་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐར་ལམ།
Next Post: བཀའ་ཁྲི་ངོ་མ་དེ་དེ་རིང་ཚེ་རིང་དོན་གྲུབ་རང་རེད།

Comments (17) on “པེ་ཅིང་སྲང་ལམ་གྱི་བོའུ་སྐད་ལ་ཉན་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-03-21 at 6:46 pm

    རྒྱ་ནག་དཔོན་རིགས་ཚོའི་སྐོར་ལ་གནས་ཚུལ་ཡག་ཉེས་མང་ཙམ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་ཡོང་ངེས་ལགས།

  2. ཟུར་གནས། says:
    2012-03-21 at 9:13 pm

    རྒྱ་ནག་དཔོན་རིགས་དབར་ལ་ནམ་ཡང་འཁྲུག་རྩོད་ཤོར་མི་སྲིད། རྒྱུ་མཚན་ནི་རྒྱ་དེ་དངུལ་དང་སྒེར་གྱི་ཐོབ་ཐང་བློས་གཏོང་བའི་སྙིང་སྟོབས་མེད་པ་དང་། ཚང་མ་གནས་སྐབས་ཀྱི་ཁེ་ཕན་ཁོ་ན་འཇུས་ནས་སྡོད་མཁན་ཤ་སྟག་ཡིན་སྟབས། རང་སྲོག་དང་། རང་གི་ཁེ་ཕན་ལྟ་ཅི། ལྟོ་དུས་གཅིག་ཀྱང་བློས་གཏོང་མི་ཐུབ་པས། འོག་ནས་གོང་ལ་ཁ་གཏད་འཇོག་པའི་སྙིང་སྟོབས་དེ་ཚོར་མེད།

    ངས་དཔེ་ཞིག་སྤྲོད་ཆོག། སྔོན་མ་ཨ་རིས་ཡུ་ཀོ་སི་ལ་པུ་ཟེར་བའི་རྒྱལ་ཁབ་དེའི་རྒྱ་ནག་གཞུང་ཚབ་ལ་གནམ་གྲུས་སྦོམ་ཞུས། དེ་ལ་ཅང་ཙེ་མིང་གིས་ཡ་ལན་སྤྲོད་མ་ནུས་པར་སྡོད་སྐབས། དམར་ཤོག་ངར་མ་ང་ཡིན་ཁོ་ཡིན་ཟེར་མཁན། འོ་དེའི་ནང་ལ་སྦོ་ཤི་ལང་ཁོང་ཚོ་ཡོད། ཁོང་ཚོས་གསར་འགྱུར་ནང་ལ་འཕྲལ་མ་ཉིད་དུ་རྒྱ་ནག་དམག་གིས་དེ་ལ་ཡ་ལན་སྤྲོད་དགོས་པའི་ལྟ་བ་བཏོན་པ་དང་། ཁོང་ཚོས་ཏང་གི་མགོ་པ་ཚོར་ཡི་གེ་བྲིས་ནས་ཡ་ལན་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱས། གལ་ཏེ་དེ་ལྟར་མ་བྱུང་ན། མགོ་པ་ཚོར་ཁ་གཏད་བཅོག་གི་ཡིན་པའི་རྣམ་འགྱུར་བཏོན་ནས། ཉིན་གཅིག་ལ་ཟིང་ཆ་ཡོང་གྲབས་བྱེད་སྐབས། ཅང་གིས། ཡི་གེ་དེའི་ནང་ལ་མིང་རྟགས་འགོད་མཁན་ཚོར། འགྲིགས་ཀྱི་རེད། ངོ་རྒོལ་བྱོས། རང་མོས་རེད། དང་པོ་ཏང་གི་འགན་འཁུར་དང་གོ་གནས་དེ་ཚོ་ཚུར་རྩིས་སྤྲོད་བྱེད། རྒྱུ་མཚན་ནི་ཁྱེད་ཚོའི་གོ་གནས་དེ་ངས་སྤྲད་པ་ཡིན་ཟེར།

    དེའི་ལན་ལ། དམར་ཤོག་ལོ་གཞོན་ངར་མ་ཚང་མས། གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་བཏང་ཡི་གེ་བཏང་ནས། ཅང་ལ་དགོངས་དག་ཞུས། སང་ཉིན་རང་ལ། ཁོང་ཚོས་ནོར་འདུག་ཟེར་ནས། ཚང་མ་ཞི་མི་ལྟ་བུར་འགྱུར་སོང་བ་རེད། ལྟོས་དང་ཁ་མདོག་འདི་རེད།

    སྔོན་མ་ཧུ་ཡོ་པང་དང་ཀྲའོ་ཙི་ཡང་གོ་གནས་ཕབ་པའི་རྗེས་ལ་ཐོག་མ་ཁོང་གཉིས་ཀྱི་རྒྱབ་ལ་ཡོད་པའི་རྒྱ་དཔོན་དང་དམག་དཔོན་དེ་ཚོས་གཅིག་བྱེད་རྒྱུ་ཡོད་མདོག་མདོག་བྱས་སོང་། རྗེས་མ་ཀྲའོ་ཙེ་ཡང་བཟང་བཙོན་ལ་བཅུག་རྗེས། ཁོང་ཚོའི་རྒྱབ་ཀྱི་མི་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་ཏེང་ལ་མགོ་བཏགས་ནས། ངོ་རྒོལ་བྱེད་མཁན་གཅིག་ཀྱང་བྱུང་མ་སོང་།

    རྗེས་སུ་རྒྱའི་སྲིད་དོན་མཁས་པ་ཚོས། རྒྱ་ནག་གི་ཆབ་སྲིད་ནང་ལ། ཤོག་ཁག་ཟེར་བ་དེ་མེད་ལ། རྒྱབ་རྩ་ཟེར་བ་འདི་རྩ་བ་ནས་ཡོང་ཐབས་མེད། ཚང་མ་རང་གི་ལྟོ་གོས་སྒྲུབ་མཁན་ཤ་སྟག་རེད། དེ་ཤེས་པ་དགོས་ཟེར་སྐབས། ངོ་མ་སྐད་ཆ་འདི་བདེན་པར་མཐོང་སོང་།

    ད་ལྟ་ཁ་རྒྱག་པ་ཤོད་མཁན་ཝན་ཅ་པའོ་ཟེར་བ་དེ་སྔོན་མ་ཀྲའོ་ཙེ་ཡང་གི་དྲུང་ཡིག་རེད། ཀྲའོ་དེ་རིང་བཟུང་བའི་ཉིན་མོར། ཁོས་ཆབ་སྲིད་ཅུས་ལ་མགོ་བོ་བཏགས་ནས། ཀྲའོ་ཙེ་ཡང་གི་སྲིད་བྱུས་ལ་སྔོན་མ་ནས་ནོར་འཁྲུལ་ཡོད་པ་དང་། ཁོ་དེ་དག་ཐེར་འདོན་བྱ་རྩིས་ཡོད་ལུགས་བཤད་ནས། རྗེས་མ་མགོ་ཁྲིད་ལ་སླེབས་པ་རེད། ལྟོས་དང་སྟག་ཕྲུག་ངར་མ་འདི་ཚོ་རེད།

  3. དཔྱིད་འགོའི་མེ་ཏོག says:
    2012-03-21 at 10:07 pm

    རྒྱ་ནག་དམར་ཤོག་པའི་འགོ་ཁྲོད་ཚོས་སྡུག་མྱོང་བཞིན་འདུག་འཛམ་གླིང་འདིར་རང་དབང་དང་དམངས་གཙོའི་ཕྱོགས་ལ་འགྲོ་དུས་རང་ལྟ་འཁྱོགས་འཛིན་ཅན་གྱི་དཔོན་ངན་དག་མིག་གིས་རྒྱང་ལ་གཟིགས།

  4. བསྟན་འཛིན་ says:
    2012-03-21 at 11:00 pm

    པེ་ཅིང་སྲང་ལམ་ལ་གནས་ཚུལ་གསར་བ་བྱུང་ཡོད་མེད་བཤད་དཀའ། དེང་སྐབས་ཤིན་ཅང་དང་བོད་པར་དོགས་ཟོན་གྱིས་ག་ས་གང་དུ་ཉེན་རྟོག་པས་གང་ཡོད་པ་མངོན་གསལ་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-03-22 at 2:34 am

    གང་ལྟར་ཡང་། རྒྱ་ཡི་དཔོན་རིགས་ནང་ནས་ཧུ་ཡོ་པང་དང་། དེང་གི་ཝིན་ཅའོ་པོ་གཉིས་ལ་ག་ཚོད་ཐུབ་ཐུབ་རྒྱབ་སྐྱོར་བྱས་ནས། རྒྱ་གཞུང་འཁྲེགས་འཛིན་པ་ལ་ངོ་རྒོལ་མཐར་ཕྱིན་བྱེད་དགོས་པའི་དུས་གཅིག་ཤར་ཟིན་པ་རེད་སྙམ་ལགས།

  6. ཨ་ར་དཀར་པོ says:
    2012-03-22 at 6:14 am

    ཞི་ལེ་དང་མཉམ་དུ་ལྐོག་ཟ་རུལ་སོང་བྱེད་མཁན་་ཝང་ལི་ཇོན་གྱིས་གསང་བའི་བརྙན་འཁོར་དང་ཡིག་ཆ་མང་པོ་ཞིག་ཨ་རི་ལ་སྤྲད་པའི་གནས་ཚུལ་འདུག ད་ཆ་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཛ་དྲག་ཆགས་ཡོད་ཚོད་འདུག འདི་ང་ཚོར་མཚོན་ན་འཕྲིན་བཟང་ཅེས་ཀྱང་རེད།

  7. ཨ་ར་དཀར་པོ says:
    2012-03-22 at 6:15 am

    ཞི་ལེ་དང་མཉམ་དུ་ལྐོག་ཟ་རུལ་སོང་བྱེད་མཁན་་ཝང་ལི་ཇོན་གྱིས་གསང་བའི་བརྙན་འཁོར་དང་ཡིག་ཆ་མང་པོ་ཞིག་ཨ་རི་ལ་སྤྲད་པའི་གནས་ཚུལ་འདུག ད་ཆ་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཛ་དྲག་ཆགས་ཡོད་ཚོད་འདུག འདི་ང་ཚོར་མཚོན་ན་འཕྲིན་བཟང་ཅེས་ཀྱང་རེད་འདོད།

  8. ཀླུ་དབང་། says:
    2012-03-22 at 9:04 am

    རྒྱ་དམར་ཁུག་རྟ་ཁ་རྡ་ཁུག་རྟ་ཤར་ཕྱོགས་ཁུག་རྟ་གསུམ་དོན་གཅིག

  9. ནག་ཐར་སྐྱིད། says:
    2012-03-22 at 9:28 am

    དངོས་ནས་གསར་འགྱུར་རེད།

  10. ཆབ་སྐྱེས་བཙན་པོ། says:
    2012-03-22 at 9:49 am

    འདི་ལྟ་བུའི་གསར་འགྱུར་མང་པོ་སྤེལ་ཐུབ་ན་དཔེ་མི་སྲིད་ཡག་པོ་འདུག ང་ཚོ་ལ་དགོས་ཡང་དེ་རེད། ནམ་རྒྱུན་ནས་རང་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་པའི་རྩོམ་ཡིག་རྐྱང་སྤེལ་ན་ཧ་ཅང་ཡག་པོ་མི་འདུག ཤར་ཕྱོགས་ཁུག་རྟའི་ཁ་ལ་རྡོ་ཡིས་རྒྱོབས།

  11. ཇ་མ་ says:
    2012-03-22 at 10:40 am

    རྒྱ་ནག་ཁྲོང་ཆིན་གྱི་ཉེན་རྟོག་དཔོན་ཆེན་བང་ལིས་ཅོན་ཁྲོང་ཆིན་གནས་སྡོད་ཨ་རིའ་གཞུང་ཚབ་ཁང་ལ་ཆབ་སྲིད་སྐྱབས་བཅོལ་དུ་ཡོང་ནས་ཨ་གཞུང་གིས་ངེས་ལེན་མ་བྱས་པ་རེད། དེ་ནི་ཞི་ཅིན་ཕེན་ཨ་རིར་ཡོང་ལ་ཉེས་བའི་སྐབས་ཡིན་པས་ཨ་རི་ཞི་ཅིན་ཕེན་ལ་སྐྲག་པ་རེད་ཟེར་ཡང་མི་ཆོག་པ་མེད། ཁྲོང་ཆིན་གྲོང་ཁྱེར་སྤྱི་ཁྱབ་(ཧྲི་ཀྲང་)རྒྱ་དཔོན་པོ་ཡེ་པོའི་བུ་པོ་ཞིས་ལེ་གོ་གནས་ཕབས་པ་ནས་པེ་ཅིན་དྲག་ཆས་ཉེན་རྟོག་དམག་གི་མགོ་དཔོན་(བོད་ལ་ཧ་ཅང་མི་དགའ་མཁན་)ཀྲིག་ཡོན་ཁང་གིས་ཅང་ལ་རྒྱབ་གཏད་ནས་ཧོས་ཅིན་ཐོ་དང་བིན་ཅ་པོ་སོགས་ལ་ཁ་གཏད་སྔོན་ལྐོག་གཉིས་ནས་གཅོད་ཀྱིན་ཡོད། འདི་གཙོ་ཆེ་བ་ཧོས་དང་ཅང་བར་དུ་བྱུང་བའི་ནད་རྙིང་གོ་གནས་འཕྲོག་རྩོད་ཀྱི་ཆེད་ཁོ་ན་རེད། ཉིན་ཁ་ཤས་ཀྱི་སྔོན་ནས་པེ་ཅིན་ལ་བོས་སྐད་མཚམས་མ་ཆད་པར་གྲགས་བྱུང་ཟེར་མཁན་པེ་ཅིན་པ་མང་པོ་འདུག

  12. བཀྲ་རྡོར།། says:
    2012-03-22 at 12:04 pm

    གཡོ་འགུལ་འདི་ནི་གཡོ་འགུལ་ངོ་མ་ཞིག་ཏུ་འགྱུར་སྲིད། གནས་ཚུལ་ཤེས་མཁན་ཚོས་འདིའི་སྐོར་ལ་མཆན་རེ་འདེབས་ཐུབ་ན་དགེ་མཚན་ཆེ་ཞིང་། དེ་ལས་རྒྱ་ཡིག་ཤེས་མཁན་ཚོ་རྒྱ་ཡིག་གི་དྲ་རྒྱ་ཁག་ཉུལ་ནས་གནས་ཚུལ་རེ་སྤྲོད་པར་སྐྱབས་འཇུག་ཞུ།

  13. སྐྱུ་རྩི་ནས། says:
    2012-03-22 at 5:14 pm

    སྡུག་ལུང་དེ་ལ་མེ་མདའི་གྲགས་ཆར་བར་མེད་དུ་བབས་པར་ཤོག་ད་ལྟ་བར་དུ་འུ་བོད་པ་ཚང་ལ་མེ་དམའ་ཕངས་པའི་ལས་འབྲས་འཁོར་བར་ཤོག ཀི་ཀི་སོ་ལྷ་རྒྱལ་ལོ།་བོད་ཁམས་སྐྱོང་བའི་རྒྱལ་ཆེའི་སྲུང་མ་རྣམས། །ཉམས་ཐག་བོད་འབང་སྐྱོང་བའི་དུས་ལ་འབབ།
    སྔོན་གྱི་ཞལ་བཞེས་དམ་བཅའ་ཇི་ལྟར་ཡང་། ད་ལྟ་དགུན་ཆང་གསེར་སྐྱེམ་ཕུལ་ལ་དེ། མ་གཡེང་མ་གཡེང་ཐུགས་དམ་སྙིང་པོར་དགོངས།་་

  14. མངར་སྐྱུར་ says:
    2012-03-22 at 6:35 pm

    རྒྱ་ནག་ནང་འགྱུར་ལྡོག་དང་གལ་ཆེའི་གསར་གནས་ཁག་བོད་སྒྱུར་བྱས་ནས་བཀོད་པ་མཐོང་ཡག་མི་འདུག དངོས་གནས་བྱས་ན་འདི་ཚོ་དུས་བབ་ཐོག་བཀོད་ན་གལ་ཆེན་དུ་མཐོང༌།

  15. བྱམས་པ་རྒྱལ་མཚན། says:
    2012-03-22 at 10:18 pm

    རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ལགས། རྩོམ་ཡིག་འདི་ལས་གནས་ཚུལ་གསལ་ཐག་ཆོད་པ་ཤེས་ཐུབ་ཀྱི་མི་འདུག དེར་བརྟེན་དྲ་གྲོགས་ཤེས་ཚད་དང་ལྡན་པ་ཞིག་གིས་གནས་ཚུལ་ཁུང་ལུང་དང་ལྡན་པའི་ཐོག་ནས་བོད་སྒྱུར་རམ། ཡང་ན་ཕྱོགས་བསྡུས་བྱས་ཏེ་དྲ་ཚིགས་འདིར་བཀོད་གལ་ཆེན་པོ་ཞིག་རེད།

  16. བསྟན་འཛིན་ says:
    2012-03-23 at 8:12 am

    ཀྲོས་ཡུང་ཁང་ལ་གནས་ཚུལ་ཞིག་ཡོད་པ་རེད་ཟེར་གྱིན་ཡོད་པར་རེད་དེ། དེ་རིང་གི་གསར་འགྱུར་མཉམ་སྒྲོག་ནང་དུ་ངོ་མདོག་བསྟན་བྱུང་བས། གནས་ཚུལ་ཛ་དྲག་པོ་བྱུང་ཡོད་ཚོད་མི་འདུག

  17. གཉིས་མེད་སེངྒེ says:
    2012-03-23 at 12:55 pm

    ད་ལན་པེ་ཅིན་ནས་བོའུ་སྐད་ཅིག་གྲགས་ཡོད་མེད་བཤད་ཚོད་མི་ཐིག་ཀྱང་། གོ་གནས་འཕྲོག་རྩོད་ཀྱི་མེ་ལྕེ་པེ་ཅིན་ནས་མཆེད་ཀྱིན་ཡོད་པས་སྔ་ཕྱི་མ་གཏོགས་འུ་ཚོས་དུ་བ་མཐོང་ངེས་རེད། ཡིན་ནའང་ཉི་མ་དེར་གྲ་སྒྲིག་ཅི་ཞིག་ཡོད་དགོས་པ་དེ་རང་ཕྱོགས་ཀྱི་འོས་འགན་ཡིན་པ་ལས། ཆོད་མེད་པའི་ནང་ཚགས་ནས་མཚང་འདྲི་རེས་བྱས་ནས་འདུག་རན་ཡིན་མིན་སོམས་དང་། སེམས་ཡོད་མཁན་གྱི་སྤུན་ཟླ་གང་མང་ཞིག་གིས་བདེན་དོན་ཁོ་ན་བསྣམས་བཞིན་འུ་ཚོའི་ཆེད་མེ་ལྕེའི་ཀློང་དུ་ཆས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme