Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པེ་ཅིང་ནས་མཆེད་པའི་མེ་སྟག

Posted on 2013-10-282013-10-29 By འདྲེ་རིག་ལྡན 14 Comments on པེ་ཅིང་ནས་མཆེད་པའི་མེ་སྟག

bbbསྤྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༢༨ སྟེ། རེས་གཟའ་ཟླ་བའི་པེ་ཅིང་གི་ཕྱི་དྲོའི་ཆུ་ཚོད་༡༢ གཡོལ་ཙམ་ལ། པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་མདུན་དུ་མེ་རླབས་དྲག་པོ་དགུང་དུ་འཕྱུར་བ་ཞིག་བྱུང་འདུག་པ་དང་། དུས་མཚམས་སུ་ཉེན་རྟོག་པ་དང་དམག་མིས་ཐང་ཆེན་ཡོངས་སུ་བསྐོར་ཡོད་འདུག

tsquare_fire2
གཟའ་ཟླ་བའི་ཕྱི་དྲོར་བྱུང་བའི་མེ་རླབས་འདི་དང་འབྲེལ་བའི་པར་རིས་མང་པོ་དྲ་ངོས་སུ་ཐོན་རིམ་བཞིན་དུ་རྒྱ་གཞུང་གིས་ནག་བསུབ་གཏོང་གྱིན་པ་དང་། པར་རིས་སྤེལ་མཁན་གྱི་ཝེ་པོ་ཟིན་བྲིས་པ་དག་གིས་དེ་ནི་རང་བསྲེག་ངོ་རྒོལ་ཡིན་པར་འགྲེལ་འདུག ཝེ་པོ་བཀོལ་མཁན་@Jing_oppa་ལགས་ཀྱིས་སྤེལ་བ་ལྟར་བ། མེ་འབར་བཞིན་པའི་རླངས་འཁོར་ནང་དུ་མི་ཞིག་བསྡད་འདུག་ཟེར།
tsquare_fire
ཝེ་པོ་བཀོལ་མཁན་གཞན་ཞིིག་གིས་ཐག་རིང་ནས་བླངས་པའི་པར་འདི་སྤེལ་ནས། དམག་མིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ལ་བསྐོར་སྲུང་ཇི་ཙམ་བྱས་ཡོད་པ་བསྟན་འདུག

སྤྱི་ལོ་༢༠༡༡ ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་དུ་རང་བསྲེག་དོན་རྐྱེན་ཞིག་བྱུང་བ་དེ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གང་དུ་ཡང་ཐོན་མེད།

ཕྱི་རོལ་གྱི་མི་རྣམས་ཀྱིས་ཐེངས་འདིའི་དོན་རྐྱེན་ངོ་མ་ཅི་ཡིན་ད་དུང་གསལ་བོ་ཞིག་ཤེས་མེད། ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ཁང་གིས་རྒྱ་ནག་གི་ཀྲུང་དབྱང་དབུས་བརྙན་འཕྲིན་ཁང་གིས་སྤེལ་བའི་གསར་འགྱུར་ལུང་འདྲེན་བྱས་པ་ལྟར་ན། དེ་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཞིག་ཡིན་པ་དང་། རླངས་འཁོར་ཞིག་ཅང་སུའུ་ཟམ་ཆེན་གི་ཟུར་ངོས་ཤིག་ཏུ་གདོང་གཏུགས་བརྒྱབ་རྗེས་མེར་ཟིན་ཡོད་ལུགས་བཤད་འདུག

གོང་གི་འབྱུང་ཁུངས་ལྟར་ན། དོན་རྐྱེན་འདིའི་ནང་དུ། རླངས་འཁོར་ཁ་ལོ་བ་དང་། རླངས་འཁོར་ནང་གི་མི་གཞན་པ་གཉིས་ཀ་གྲོངས་ཡོད་འདུག་པ་དང་། དེ་མིན་གྱི་རྒྱ་རིགས་ཕོ་ཞིག་དང་། ཧྥི་ལི་པིན་གྱི་བུད་མེད་གཅིག་བཅས་ཡུལ་སྐོར་སྤྲོ་འཆམ་པ་གཉིས་འདས་གྲོངས་སུ་སོང་ཡོད་འདུག  གཞན་མི་གྲངས་༣༠ ལྷག་ལ་རྨས་སྐྱོན་ཐེབས་ཡོད་པར་བཤད།

tsquare_fire3
༢༠༡༣ ལོའི་ཟླ་༡༠ ཚེས་༢༨ རེས་གཟའ་ཟླ་བའི་པེ་ཅིང་གི་ཕྱི་དྲོའི་ཆུ་ཚོད་༡༢ ནས་༢ པ་གཡས་གཡོན།

སྤྱི་ལོ་༢༠༠༩ ལོའི་ཟླ་གཉིས་པའི་ནང་དུ་ཡང་ས་འདི་གར་མི་གསུམ་གྱིས་རླངས་འཁོར་བསྐོར་ནས་མེར་བསྲེག་གཏོང་ཐབས་བྱས་ཡོད་པ་དང་། དེ་དག་ལས་མི་གཉིས་ནི་རྒྱ་ནག་གཞུང་ལ་གྱོད་གཏུགས་བྱེད་མཁན་རེད།

ཉེ་བའི་ཆར་རྒྱ་གཞུང་གིས་ཁྲུང་ཆིན་འགོ་གཙོ་པའོ་ཞི་ལེ་ཡི་གཏུགས་བཤེར་གྱོད་དོན་ཡོངས་རྫོགས་ལ་ངོས་ལེན་མེད་པར་བསྒྲགས་ནས། པའོ་ཞི་ལེ་ལ་ཁྲིམས་ཆད་གང་བཅད་པ་ཚང་མ་ལག་བསྟར་བྱེད་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཅིང་། པའོ་ཞི་ལེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཤོག་ཁག་ད་དུང་ཤུགས་ཆེན་པོ་ཡོད་པས། ཆབ་སྲིད་དབྱེ་ཞིབ་པ་ཚོས་ཐེངས་འདིའི་དོན་རྐྱེན་འདིའི་ནད་ཀྱི་རྩ་བ་ཧ་ཅང་ཛ་དྲག་ཡིན་སྲིད་པའི་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: གྲགས་རྩོམ་ཨེ་ཝན་ ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག་ཅེས་པ་དཔེ་སྐྲུན།
Next Post: ཚོད་ཚོད་ལ་ཁ་བ་ལྷ་མོ་*དྲན་པ།

Comments (14) on “པེ་ཅིང་ནས་མཆེད་པའི་མེ་སྟག”

  1. ཀློང་ཆུང་ says:
    2013-10-28 at 2:00 pm

    ད་རྟེན་འབྲེལ་ཡག་པོ་དེ་ཙམ་མ་རེད། ང་ཚོ་དབུ་མའི་ལམ་གྱི་རྗེས་བྲངས་ཚོས་ལམ་སེང་རྒོལ་རྡུང་གཏོང་དགོས།

  2. རང་ཤར་རིག་གྲོལ་རྩལ says:
    2013-10-28 at 2:11 pm

    འཛམ་གླིང་གསར་འགྱུར་སྡེ་ཚན་ནས་རླུང་འཁོར་གདོང་ཐུག་རྒྱབ་པ་རེད་ཟེར། འོན་ཀྱང་དོན་དངོས་གང་ཡིན་གསལ་ཁ་མི་འདུག གསར་འགྱུར་གསང་བ་བྱེད་རྒྱུ་རྒྱ་ནག་གི་གཤིས་ཀ་རེད།།

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-28 at 2:12 pm

    པེ་ཅིན་ནས་མཆེད་པའི་མེ་སྟག་རེད་མི་འདུག པེ་ཅིན་ནས་མཆེད་པའི་མེ་ལྕེ་རེད་བྱ། ངོ་དེབ་ན་པར་མང་བོ་འདུག ད་དུང་གནམ་ཐང་གི་གས་གཏོར་རེད་ཟེར་། པར་ཞེད་སྣང་ཚ་བོ་དེ་འདྲ་འདུག 
    བདེན་མིན་མི་ཤེས།
    ཀློང་ཆུང་ལགས། ཁྱོད་དགའ་བ་སྔ་དྲག་འདུག ཁྱོད་ཀྱིས་མདུང་ཁ་ནང་ལ་སྐོར་བ་མ་གཏོགས་ག་རེ་ཤེས་ཀྱི་ཡོད་དམ། 

  4. བསམ་ཤེས། says:
    2013-10-28 at 3:31 pm

    རླངས་འཁོར་གདོང་ཐུག་བརྒྱབ་པ་རེད་ཟེར་བ་ཙམ་གྱིས། གནས་ཚུལ་འདི་ཆབ་སྲིད་དང་འབྲེལ་བ་ཡོད་པ་གསལ་པོར་རྟོགས་སོང་། ཨ་རྒྱུ་མཚན་གང་ཡོད་ཨས།

    དང་པོ། པེ་ཅིང་གི་ཟ་ཁང་ནང་ལ་སྣུམ་རྔོས་རྒྱག་གྲབས་ཡོད་པའི་ཁྱི་དེ་ཚོས་ཀྱང་ཤེས་གསལ་རེད། གནམ་སྡེ་སྒོ་མོའི་ཉེ་སར་རླངས་འཁོར་ཕར་ཞོག རྐང་འཁོར་ཙམ་འགྲོ་ས་མེད། མི་ཕྱིན་ན་བསྔོག་བཤེར་དང་མནར་གཅོད་ཚད་མེད་མྱོང་དགོས། དེར་རྟེན། རླངས་འཁོར་གཅིག་མ་ཟད་གཉིས་ཐར་བ་དེ་འདྲས་ཇི་འདྲ་རེད རྩ་བ་ནས་མྱོང་མ་སྲིད་པའི་གནས་ཚུལ་ཞིག་རེད།

    གཉིས། གནམ་སྡེའི་སྒོར་མོའི་ཉེ་སར་རླངས་འཁོར་མགྱོགས་པོ་འདི་འདྲ་འགྲོ་ས་མེད་པར། མེ་ལྕེ་འབར་དགོས་པའི་གདོང་ཐུག་འདི་འདྲ་རྒྱག་ཐབས་བྲལ། ཨ་རིར་མགྱོགས་ལམ་སྟེང་ཉིན་རེ་རླངས་འཁོར་སྟོང་ཕྲག་རྡུང་ཁ་རྒྱག་རུང་མེ་འབར་བ་ཤིན་དུ་ནས་མྱུང་ཤས་རེད། ལྷག་པར་དུ་མགྱོགས་ཚད་དལ་བའི་རླངས་འཁོར་རྡུང་ཁ་བརྒྱབ་ན་མེ་འབར་བ་ནི་ཡོང་མི་སྲིད་པ་རེད།

    ད་འདོད་པ་འཁེངས་སོང་ངམ།

  5. པད་རྣམ། says:
    2013-10-28 at 7:40 pm

    པེ་ཅིན་གྱི་མེ་ལྕེའི་གསར་འགྱུར་ལ་ཁ་སྣོན་རེ་ཟུང་།
    ༡། མོ་ཊ་གདོང་ཐུག་དེ་འདྲ་མིན་པ་རྒྱ་ཡིག་གི་གསར་འགྱུར་ནང་ན་གསལ། མོ་ཊ་ཞིག་གནམ་བདེ་སྒོ་མོ་ཆེ་དང་དེའི་མདུན་གྱི་ཐང་ཆེན་གཉིས་ཀྱི་བར་ན་ཟམ་པ་དུ་མ་ཞིག་ཡོད་པ་རེད། མོ་ཊ་དེ་ལམ་ནང་ནས་མི་ཚོགས་ཀྱི་གཤགས་ནས་ཟམ་པའི་ལན་ཀན་ལ་བརྡབས་ཏེ་གས་ཏེ་མེ་འབར་འདུག ལམ་འགྲོ་རྣམས་ཀྱིས་འགད་སྒྲ་ཆེན་པོ་ཞིག་ཀྱང་ཐོས་པས་རླངས་འཁོར་དེའི་ནང་ལ་འགད་རྫས་ཡོད་པར་སྙམ་བཞིན་ཡོད།
    ༢། གནམ་བདེ་སྒོ་མོ་ཐང་ཆེན་གྱི་ལམ་འགྲོ་བ་རྣམས་ཀྱིས་པར་དུ་བརྒྱབ་པ་རྣམས་དྲ་རྒྱའི་ཐོག་ནས་གཞུང་གིས་བསུབ་བཞིན་ཡོད་པ་དང་། རྒྱ་གཞུང་གི་བརྙན་འཕྲིན་གསར་གྱི་སྐབས་སུ་ཡང་དེའི་སྐོར་ལ་ཡིག་ཐོག་གི་གསར་འགྱུར་མདོར་བསྡུས་ཤིག་མ་གཏོགས་པར་རིས་གཏོང་གི་མི་འདུག་ཟེར
    ༣། མོ་ཊའི་ཨང་རྟགས་དེ་ཞིན་ཅང་གི་ཨང་གྲངས་ཤིག་ཡིན་ཚུལ་ཡང་བརྗོད་ཀྱི་འདུག

  6. དགེ་འདུན་རྒྱ་མཚོ། says:
    2013-10-28 at 10:32 pm

    ངོ་མ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་རེད། རྒྱ་ནག་གི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་མི་སྲིད་པ་མིན། 
    དྲྭ་གྲོགས་ཚོས་ཟིན་ཐོར་འགོད་རོགས། ངས་ཀྱང་ཁ་སང་ནས་ཉིན་ཐོའི་སྟེང་དུ་བྲིས་ཟིན་པ་ཡིན། 

  7. གསལ་གྲོལ། says:
    2013-10-28 at 11:36 pm

    རླངས་འཁོར་འབར་གས་བྱུང་བ་འདི་ཤིན་ཅང་གི་མི་གཉིས་ཀྱིས་བཟོས་བ་ཡིན་ཚུལ་བརྗོད་ཀྱིན་འདུག

  8. ཁྱུང་དཀར says:
    2013-10-29 at 6:21 am

    དང་པོར་ཁོང་ཚང་གིས་གནས་ཚུལ་ཆུང་རུ་གཏོང་ཆེད་རླངས་འཁོར་རྡུང་ཐུག་བརྒྱབས་ནས་འབར་གས་བྱུང་བར་འགྲེལ་བཤད་རྒྱག་གི་རེད། རིམ་པས་གནས་ཚུལ་ཛ་དྲག་ཆགས་དུས་འདི་གཞན་གྱི་བཀོད་ཇུས་འོག་གཏོར་རྒོལ་བཏང་བར་ངེས་འཛིན་བྱེད་ཀྱི་ཡོད་པ་ཁོང་ཚང་གི་འགྲོ་སྟངས་རེད། མ་ཟད། རྒྱ་རིགས་མ་ཡིན་པའི་མི་རིགས་གཞན་ཞིག་གི་མགོར་བཙན་འགེད་བྱེད་ཀི་རེད།

  9. གནམ says:
    2013-10-29 at 7:16 am

    གནམ་བདེ་རོ་ཐང་ཆེན་མོ་ནས། ཉམ་ཆུང་ཚོའི་ཚེ་སྲོག་འདི་ལྟར་ཡང་ཡང་གཞུད་སོང་བ་དང་། གཞུད་བཞིན་པའི་བདེ་རྩ་ལ་བདེན་དོན་གྱིས་ཡར་ལང་བྱེད་པའི་དཔའ་བོ་ཚང་མར་གདུང་སེམས་ཡོད། དབའ་པོ་ཁོ་ཚོ་གཞུད་ཤུལ་ན། མི་མང་གི་རྒྱབ་ལང་དང་། བདེན་པའི་བདེ་རྩ་ལ་ཤི་འཐབ་རོ་འཐབ་བྱེད་པའི་དཔའ་བོ་སྔར་ལས་མང་བ། སྔོན་ལས་རྒྱས་བ། དམར་པོའི་གཞུང་ཁ་ཐང་ལ་སྒོར་བའི་ཀི་ཀི་བསྭོ་བསྭོ་དམངས་རྒྱལ་ལོ།

  10. རྒྱང་མིག says:
    2013-10-29 at 11:41 am

    གང་ལྟར། རྒྱ་ནག་གི་ཁྲག་ཐང་ཆེན་པོ་དེ་དང་། སྡིག་དཔོན་མའོ་ཡི་འདྲ་པར་གྱི་མདུན་ནས་དེ་འདྲའི་དོན་རྐྱེན་མུ་མཐུད་དུ་ཡོང་བར་སྨོན།

  11. lobsang199 says:
    2013-10-29 at 12:18 pm

    ཡ་ལ་འདི་སྤྲུལ་སྐུ་བསྟན་བདེ་ལེགས་ལྟ་བུ་བོད་མི་ཞིག་ལ་མ་རེག་པར་ཤོག།

  12. ཉི་མ་བཀྲ་ཤིས says:
    2013-10-30 at 12:00 am

    ང་དེ་རིང་འདི་ནང་ཡར་འཇུག་རོགས་གནང་

  13. རིག་པའི་བུ says:
    2013-10-31 at 1:39 pm

    དངོས་གནས་དཔའ་རྟགས་སྟོན་འདུག རླབས་ཆེན་རེད། དོན་དེ་སྒྲུབ་མཁན་བོད་པ་མིན་གསལ་པོ་རེད། བོད་པ་ལ་དགྲ་སྙིང་འཇོམས་པའི་བློ་ཁོག་གི་ཐབས་བྱུས་དེ་འདྲ་མེད། མེད་ནས་ཡུན་རིང་འགྱང་ཟིན་པས་སླར་གསོ་གློར་བུར་དུ་བྱེད་མི་ཐུབ།

  14. དྲན་དཀར་དཔལ་ཡོན་ says:
    2013-11-01 at 6:25 am

    མ་རིག་པའི་བུ་ཆོས་མེད་པ་ཡིན་མདོག་བྱས་ནས་འོང་པ་རེད། ད་ལྟ་ཁ་ཆེ་ཡིན་མདོག་འདྲ་བྱེད་ཀྱིན་འདུག་རྒྱ་ནག་གི་གཞུང་ཚབ་ཙམ་ཡང་མེད་སར་ནས་སྐྱེ་བཞག་པ་མིན་པར། གཞུང་ཚབ་ཀྱི་ཁྱི་ཁང་ནང་ན་ཉལ་བསྡད་པ་ཡིན་བགྱིད་རེད་ལོས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme