Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པདྨ་ཚེ་བརྟན་ཕྱིར་དྲན།

Posted on 2023-05-092023-05-10 By འཚོ་བྱེད་བུ No Comments on པདྨ་ཚེ་བརྟན་ཕྱིར་དྲན།

དོན་འགྲུབ་བཀྲ་ཤིས། འཚོ་བྱེད་བུས་འོས་སྦྱོར་བྱས།

ཁ་སང་ཉིན་གུང་ལས་བྲེལ་གྱི་བར་གསེང་ཞིག་ལ་ངའི་ཁ་པར་ནང་པདྨ་ཚེ་བརྟན་ལགས་ཀྱི་པར་དང་ཡི་གེ་འགའ་འབྱོར་སོང་། ཡང་ཁོང་ལ་གཟེངས་རྟགས་ཤིག་རག་པའམ། ཡང་ན་གློག་བརྙན་གསར་པ་ཞིག་འཁྲབ་པ་ཡིན་རྒྱུ་རེད་སྙམ་སྟེ་དོ་སྣང་བྱེད་ལོངས་མ་བྱུང་། ཕྱི་དྲོ་ནང་ལ་ཡོང་ནས་ངོ་དེབ་ཁ་ཕྱེ་དུས་པདྨ་ཚེ་བརྟན་གྱི་པར་རྐྱང་རྐྱང་གིས་ཁེངས་འདུག གཞི་ནས་ཁོང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཧ་གོ་སྟེ། ཡིད་མ་ཆེས་པ་ཞིག་དང་ཕངས་སེམས་བཟོད་མེད་ཅིག་སྐྱེས་སོང་། ཁ་སང་ནས་དེ་རིང་བར་དྲ་ཐོག་ནས་ཁོང་གི་སྐོར་ལ་བལྟས་ཏེ་ཁོང་གི་སྐོར་བཀླགས་པ་ཡིན། ད་ནི་ངས་ཀྱང་ཁོང་དང་འབྲེལ་བའི་དྲན་ཐོ་ཞིག་འབྲི་འདོད་བྱུང་སོང་།

༡། ༢༠༠༡ ལོའི་དབྱར་ཁར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་། དགེ་རྒན་བདུད་ལྷ་རྒྱལ་མཆོག་གིས་སྒྲིག་རྩོམ་དང་ཕྲན་བཤད་བྲིས་ཡོད་པའི་སློབ་དེབ་<<རྩོམ་རིག>>ཅེས་པ་སློབ་ཁྲིད་སྐབས། ཉིན་ཞིག་སློབ་དེབ་དེའི་ནང་གི་ <མག་མོག་གི་ནུབ་ཁའི་ཉི་མ།> ཞེས་པའི་བརྩམས་སྒྲུང་དེར་དབྱེ་ཞིབ་གནང་སྐབས། ངས་བརྩམས་སྒྲུང་འདི་ལ་འགྲེལ་བཤད་སྣ་ཚོགས་རྒྱག་གི་ཡོད་ཀྱང་། བསྟན་དོན་ངོ་མ་གང་ཡིན་རྩོམ་པ་པོ་ཁོ་རང་ལ་དྲིས་ན་བཤད་གི་རེད། རྩོམ་པ་པོ་དེ་རིང་ང་ཚོའི་འཛིན་གྲྭའི་ནང་ཡོད་པ་རེད་ཅེས་རྩེད་མོ་དང་སྦྲགས་ནས་རྒྱབ་ཕྱོགས་སུ་ལག་བརྡ་ཞིག་བྱས་སོང་། དེ་མ་ཐག་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱབ་ལོགས་སུ་ལྟ་བཞིན་འདུག་པས། ངས་ཀྱང་མཚར་སྣང་གིས་རྒྱབ་ཏུ་ལྟ་དུས་སྟོད་ཐུང་སྨུག་ནག་གྱོན་ཞིང་དབུ་སྐྲ་ཐུང་ཐུང་། མིག་ཤེལ་དཀར་པོ་གྱོན་མཁན་ཞིག་རྒྱབ་གྲལ་མཐའ་མའི་རྐུབ་སྟེགས་སྟེང་འཛུམ་ཙམ་བྱས་ཏེ་ཅུང་དོགས་མ་བདེ་བའི་ཚུལ་གྱིས་བསྡད་འདུག སྤྱིར་དེ་དུས་པདྨ་ཚེ་བརྟན་སྐད་གྲགས་ཆེན་པོ་དེ་འདྲ་མིན་ཡང་། དགེ་རྒན་གྱིས་འཁྲིད་བཞིན་པའི་བརྩམས་ཆོས་དེའི་རྩོམ་པ་པོ་དེ་རིང་དངོས་སུ་ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ཞིག་ཡིན་པ་དང་། རང་གིས་བྲིས་པའི་བརྩམས་སྒྲུང་ཞིག་དགེ་རྒན་གྱིས་ཕྱིར་རང་ཉིད་ལ་སློབ་ཁྲིད་གནང་བའི་འཆར་ཡན་དང་སྒྱུ་འཕྲུལ་ལྟ་བུའི་དངོས་བྱུང་གནས་ཚུལ་དེར་ཅུང་མཚར་སྣང་ཞིག་སྐྱེས་སོང་།

རྒན་བདུད་ལྷ་རྒྱལ་མཆོག་གིས་རྩོམ་རིག་སློབ་ཁྲིད་སྐབས། མཚམས་རེར་འཛིན་གྲྭའི་སློབ་མ་ལས་ཕྱི་ནས་ཡོང་བའི་ཟུར་ཉན་པ་མང་། དེ་དག་སྡེ་ཚན་འདྲ་མིན་ནས་ཡིན་སྟབས་ཕན་ཚུན་ངོ་ཡང་ཤེས་ཀྱི་མེད། ཉིན་དེ་ནས་བཟུང་ངས་པདྨ་པ་ཚེ་བརྟན་ངོ་ཤེས་སོང་། ནམ་རྒྱུན་བགྲོ་གླེང་དང་ཆེད་ཁྲིད་སོགས་སུ་ཐུག་གི་ཡོད་ལ་ཁ་བརྡའང་ཁྱུག་ཙམ་རེ་བྱེད་ཀྱི་ཡོད་མོད། གྲོགས་པོ་འདྲིས་པོ་དེ་འདྲ་མིན། ཁོང་གཤིས་ཀ་འཇམ་པོ་རོགས་པ་ཚོས་སྐད་ཆ་འདྲ་མིན་བཤད་སྐབས་ཁོང་གིས་འཛུམ་ཙམ་རེ་བསྟན་ཏེ་སྐད་ཆ་མང་པོ་མི་བཤད། དེ་དུས་ཁོང་ས་ཆ་ག་གེ་མོ་ཞིག་གི་དགེ་རྒན་ཡིན་རབས་དང་ཞོར་དུ་ཞིབ་འཇུག་འདོན་བཞིན་ཡོད་པ། བོད་ཡིག་ལས་ཀྱང་རྒྱ་ཡིག་ལ་མཁས་ཤིང་། ཁོང་ལ་སྐབས་དེར་སྐྱེས་དམན་དང་ཕྲུ་གུའང་ཡོད་རབས་སོགས་གོ་སོང་། དེ་དག་བདེན་པ་ཡིན་མིན་ངས་མི་ཤེས། 

རྒན་བདུད་ལྷ་རྒྱལ་མཆོག་གིས་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་དེར་དབྱེ་ཞིབ་གནང་སྐབས། སྤྱིར་བརྩམས་སྒྲུང་ལ་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོར་འབྲི་བ་དང་། མི་སྣ་དང་ཁོར་ཡུག་ཞིབ་འབྲི་བྱེད་པ། མི་སྣའི་གཤིས་ཀ་དང་སེམས་ཁམས་མཚོན་པར་བྱེད་པ་སོགས་ཅི་རིགས་ཡོད་ལ། སེམས་ཁམས་འབྲི་བ་ནི་དེང་རབས་ཅན་དང་ཅུང་དཀའ་མོ་ཞིག་ཀྱང་ཡིན་མོད། མག་མོག་གི་ནུབ་ཁའི་ཉི་མ་ཞེས་པའི་བརྩམས་སྒྲུང་འདིའི་ནང་རྩོམ་པ་པོས་ནུབ་ཁ་ནས་ཕྱི་ཉིན་ནམ་ལངས་བར་གྱི་བུ་མོ་ཞིག་གི་གནས་ཚུལ་དང་མོའི་དྲན་སྣང་མང་པོ་ཞིག་ཞིབ་འབྲི་བྱས་ཏེ། སྲོལ་རྒྱུན་གྱི་རང་དབང་བྲལ་བའི་ཉེན་སྒྲིག་དང་བྱམས་བརྩེ་མ་ཐོབ་པའི་མིའི་ནང་སེམས་ཀྱི་འཇིག་རྟེན་དམར་རྗེན་དུ་མཚོན་པར་བྱས་འདུག ཅེས་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་སུ་གདེང་འཇོག་གནང་བ་ད་ལྟ་གསལ་བོར་དྲན་གྱི་འདུག

༢། ལོ་དེའི་དགུན་ཁའི་རེས་གཟའ་སྤེན་པའི་ཉིན་རྒྱབ་ཅིག་ལ་ང་ཚོའི་ཉལ་ཁང་གཅིག་པ་ཞིག་གིས་པདྨ་ཚེ་བརྟན་གྱིས་ཁྱོད་སྐད་གཏོང་གི་འདུག་ཟེར། ང་ཕྱི་ལོགས་སུ་ཕྱིན་སྐབས་སྒོ་འགྲམ་དུ་པདྨ་ཚེ་བརྟན་དང་གཅོད་པ་ཀླུ་རྒྱལ་གཉིས་འདུག “ཕྱི་དྲོ་ཕྱི་ལོགས་ཀྱི་ཟ་ཁང་ནང་ཤོག་ཨ། ང་ཚོས་འདི་ལ་ལྟ་དགོས།” ཞེས་རྒྱབ་ཁུག་ནང་ནས་འོད་སྡེར་(CD)ཞིག་བླངས་ཏེ་བསྟན་སོང་། དེའི་སྟེང་གོས་ཆེན་སེར་པོ་གྱོན་པའི་ཕྲུ་གུ་ཞིག་འདུག་མོད་སུ་ཡིན་ཤེས་མ་སོང་། སློབ་གླིང་སྒོ་ཆེན་ཕྱི་ལོགས་ཀྱི་ཉེ་འགྲམ་དུ་བོད་པའི་ཟ་ཁང་ཆུང་ཆུང་ཞིག་ཡོད་པ་དེར་མཚམས་རེར་བོད་པའི་སློབ་ཕྲུག་དང་དགེ་རྒན་ཚོ་འཛོམ་གྱི་ཡོད། ཕྱི་དྲོ་ཟ་ཁང་དེར་ཕྱིན་སྐབས་དགེ་རྒན་དང་སློབ་མ་འགའ་ཡང་སླེབས་འདུག ང་ཚོ་འཛོམས་རྗེས་ཟ་ཁང་གི་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་སྟེ་གློག་བརྙན་སྟོན་མགོ་བརྩམས་སོང་། གློག་བརྙན་དེ་རྒྱལ་བ་ཀརྨ་པ་ཨོ་རྒྱུན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐོར་རེད། ཁོང་ཐོག་མ་བོད་ནང་སྐུ་འཁྲུངས་ཏེ་རྒྱ་ནག་པེ་ཅིན་དུ་ཕེབས་པ་དང་། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅིང་ཙེ་མཱིན་དང་རྐུབ་སྟེགས་ཕན་ཚུན་བཞུགས་ཡོད་པ། དེ་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་དྷ་རམ་ས་ལའི་གཙུག་ལག་ཁང་དུ་མཛད་སྒོ་ཚོགས་ཏེ་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ་སོགས་འདུག གློག་བརྙན་དེ་ཐེ་ཝན་ནས་བཟོས་པ་རེད་ཟེར། གློག་བརྙན་ལྟ་ཞོར་དུ་སྤྲོ་སྐྱིད་གཏོང་གི་ཡོད་པའི་ཁུལ་རེད། ཉི་དགའི་འབྲས་བུ་དང་མངར་ཆུ་སོགས་བཟའ་བཏུང་ཙག་ཙིག་ཀྱང་ཉོས་འདུག ཉིན་དེ་ནས་བཟུང་ང་ཚོས་ཟ་ཁང་དེའི་ནང་ནས་ལྐོག་ལྐོག་སུད་སུད་འོག་བོད་དོན་དང་འབྲེལ་བའི་གློག་བརྙན་དང་དཔེ་དེབ་གལ་གནད་ཅན་མང་པོ་ཞིག་ལ་ལྟ་ཀློག་བྱེད་པའི་གོ་སྐབས་བྱུང་སོང་།།

༣། ༢༠༠༢ ལོའི་ཕྱི་ཟླ་ ༣ པའི་ནང་ང་རྒྱ་གར་ལ་ཡོང་ཁར་གྲོགས་པོ་བླ་ནག་བློ་བཟང་ཆོས་དར་ལགས་ཀྱི་ནང་དུ་ཕྱིན་པ་ཡིན། ཁོང་སློབ་གླིང་ཕྱི་ལོགས་ན་སྒེར་གྱི་ཁང་པ་གླས་ཏེ་བསྡད་ཡོད། ཉིན་དེར་པདྨ་ཚེ་བརྟན་ཡང་ཁོའི་ནང་དུ་ཕེབས་འདུག ཁོ་ཕྱི་ཉིན་ཕ་ཡུལ་དུ་འགྲོ་རྒྱུ་ཡིན། མེ་འཁོར་འཛིན་བྱང་ཡང་ཉོས་ཡོད་ཟེར། དེ་དུས་ལྗང་བུའི་སྙན་དེབ་<<གཟི་མིག་དགུ་པ།>>ཟེར་བ་ཞིག་ཐོན་འདུག་ཅེས་སྙན་ངག་པའི་སྡེ་ན་གླེང་གི་འདུག་མོད་ནུབ་བྱང་ཚང་ལ་དེབ་དེ་འབྱོར་མི་འདུག ཉིན་དེར་པདྨ་ཚེ་བརྟན་གྱི་ལག་ཏུ་དེབ་གཅིག་རག་འདུག ཨ་ཁུ་བློ་ཆོས་ཀྱིས་དེབ་དེ་ང་ལ་སྤྲོད་རོགས། ཁྱོད་སང་ཉིན་ཕ་ཡུལ་ལ་འགྲོ་ཁར་ཟི་ལིང་ནས་རག་གི་རེད་ཟེར། ངས་དེབ་དེ་ང་ལ་སྤྲོད་རོགས། ང་རྒྱ་གར་ལ་འགྲོ་རྒྱུ་ཡིན། ཁྱེད་གཉིས་ལ་རྗེས་སུ་ཡང་བསྐྱར་རག་གི་རེད་ལབ་ཡིན། པདྨ་ཚེ་བརྟན་གྱིས་ཨ་ཁུ་ཁྱེད་གཉིས་འཇུ་རེས་བརྒྱབ་ནས་སུ་ལ་ཐོབ་ན་དེ་ལ་དེབ་འདི་སྟེར་རྒྱུ་ཡིན་ཞེས་ཀུ་རེ་རྩེ། དགོང་མོ་དེར་ང་ཚོས་ཅི་འཕྲོས་མོལ་འཕྲོས་བཤད་དེ་མཚན་ཆུ་ཚོད་དང་པོ་བར་བསྡད་པ་ཡིན། ཕྱི་ཉིན་ང་གཉིད་སད་དུས་པདྨ་ཚེ་བརྟན་ཕ་ཡུལ་དུ་ལོག་ཚར་འདུག་ལ་ཨ་ཁུ་བློ་ཆོས་ཀྱང་སློབ་ཁྲིད་དུ་ཕྱིན་ཚར་འདུག གཟི་མིག་དགུ་པའི་སྙན་དེབ་ངའི་བསྙེས་མགོའི་ཅོག་ཙེ་སྟེང་དུ་བཞག་འདུག དགོང་མོ་དེ་ནི་ང་པདྨ་ཚེ་བརྟན་ལ་ངོ་ཐུག་པ་མཐའ་མ་དེ་ཡིན།།  ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ།

བསམ་ཚུལ།

Post navigation

Previous Post: པད་ཚེའི་འཁུན་སྒྲ་ལ་གྱེས་ཕྱག་འབུལ་བ།
Next Post: སེམས་འཕངས་བའི་བྱེ་རླུང་འཚུབ་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme