Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པཎ་ཆེན་ལགས།

Posted on 2014-04-252014-04-25 By ཁ་བརྡ་ 3 Comments on པཎ་ཆེན་ལགས།

ས་འཛིན་དཀར་པོ།

unnamedགངས་ཅན་མུན་པ་སེལ་བའི་སྒྲོན་མེ་ཞིག།
ཀ་ཁའི་ཚེ་སྲོག་སྐྱབས་པའི་མགོན་པོ་ཞིག།
སྦྲ་ནག་བདེ་དོན་བརྩོན་པའི་དམ་པ་ཞིག།
བཀའ་དྲིན་ཅན་གྱི་བླ་མ་ཡང་ཡང་དྲན།།

ནང་བསྟན་མེ་རོ་གསོ་བའི་བཤེས་གཉེན་ཞིག།
ཡབ་མེས་སྲོལ་བཟང་སྐྱོང་བའི་ཡབ་ཆེན་ཞིག།
དུས་རབས་གསར་པའི་སྣེ་ཁྲིད་དཔའ་བོ་ཞིག།
པཎ་ཆེན་བླ་མའི་བཀའ་དྲིན་ཡང་ཡང་དྲན།།

ཡབ་མེས་རང་གཤིས་ལྡན་པའི་བཙན་པོ་ཞིག །
ཆོལ་གསུམ་བོད་ལ་བརྩེ་བའི་དེད་དཔོན་ཞིག །
དགྲ་བོའི་གདོང་གཏད་མི་ཞུམ་རྟུལ་ཕོད་ཅིག །
མཐོ་སྒང་གསེར་མདོག་ཉི་མ་ཡང་ཡང་དྲན།།

མགོ་ནག་བོད་པའི་གློ་སྙིང་ཁྱོད་ལ་གཏད།།
མ་འོངས་སོན་རྩའི་མདུན་ལམ་ཁྱོད་ལ་རེ།།
ཆོལ་གསུམ་ལས་ཀྱི་སྐལ་པ་མ་འཇིག་པར།།
པཎ་ཆེན་ཡིད་བཞིན་ནོར་བུ་ཡང་ཡང་དྲན།།

སྦྲ་ནག་མཁར་རྫོང་དོན་དུ་དཀའ་བ་དཔྱད།།
མགོ་ནག་བོད་པའི་ཆེད་དུ་བཙོན་ལ་བཅུག།
མ་འོངས་སོན་རྩའི་ཆེད་དུ་ཚེ་སྲོག་གཤེགས།།
གངས་རིའི་ཡབ་ཆེན་དམ་པ་ཡང་ཡང་དྲན།།

ནང་རིག་བསྟན་པ་ཀུན་གྱི་མངའ་བདག་མཆོག།
མཐོ་སྒང་སྲིད་པ་བསྐྲུན་པའི་རྒྱལ་མཆོག་ཉིད།།
གངས་རིའི་ཡང་རྩེ་གསེར་མདོག་ཉི་མ་ལགས།།
སླར་ཡང་སྐལ་བཟང་དྲོད་ལྡན་འཁོར་བར་ཤོག།

གངས་ཅན་གསེར་མདོག་ཉི་མའི་དྲིན་དེ་དྲན།།
གངས་ཅན་མུན་པ་སེལ་བའི་དྲིན་ཡང་འཁོར།།
གངས་རིའི་ཡབ་ཆེན་དམ་པའི་བཀའ་དྲིན་དེ།།
གངས་ཅན་མགོ་ནག་བོད་ཚོས་མ་བརྗེད་བྱོས།།

རྒྱལ་མཆོག་བཅུ་བའི་ཡང་སྤྲུལ་རིན་པོ་ཆེ།།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ལགས།།
ཁྱོད་ནི་ཉེས་མེད་མུན་ནག་བཙོན་ལ་བཅུག།
མགོ་ནག་བོད་པའི་ལས་སྐལ་མེད་དམ་ཅི།།

དེ་རིང་ཡང་སྤྲུལ་བྱོན་པའི་སྐལ་བཟང་ཉིན།།
བླ་མའི་གསེར་ཞལ་མཇལ་བའི་སྨོན་ལམ་ཞུ།།
པཎ་ཆེན་༧དགེ་འདུན་ཆོས་ཀྱི་ཉི་མ་ལགས།།
མགོ་ནག་བོད་པས་ཁྱོད་རང་ཡང་ཡང་དྲན།།

25-04-2014

སྙན་ངག

Post navigation

Previous Post: རྣམ་པ་གཉིས་ཀྱི་སུས་འཇོན་ན་དེ་པཎ་ཆེན་རིན་པོ་ཆེ་རེད།
Next Post: མི།

Comments (3) on “པཎ་ཆེན་ལགས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 2:37 am

    ༸པཎ་ཆེན་དགེ་འདུན་༸སྐུ་ཚེ་ཡུན་བརྟན་དགོས། །

    པཎ་ཆེན་དགེ་འདུན་འཁྲུངས་ས་བོད་དུ་འཁྲུངས། །
    དགུང་ལོ་ལྔ་དྲུག་ཙམ་ནས་བཙན་འཁྲིད་ཤོར། །
    དགུང་ལོ་བཅོ་བརྒྱད་བརྒལ་དུས་རང་ཐག་དགོས། །
    དགུང་ལོ་ཉེར་ལྔ་སོན་ཡང་བཙོན་ཐར་མེད། །

    ད་ལྟའི་རྒྱ་གཞུང་གདོང་བག་གསོན་རྗེན་སྟོན། །

  2. གནམ says:
    2014-04-25 at 2:46 am

    བདེན་པ་བདེན་ཐོག་གི་སེམས་ཚོར་གསོན་པོ་འདི་ཐེངས་གཉིས་ལ་བཀླགས་ཡིན། འབྲི་བ་བོ་ལ་ཐུགས་རྗེ་ཆེ།
    པཎ་ཆེན་ཆོས་ཀྱི་ཉི་མར་མ་མཇལ་བར།།
    མྱི་ལོ་ཉེར་ལྔ་གཉེར་མའི་ནང་དུ་དད།།
    སྐུ་ཐོག་གཉིས་ཀྱིས་མྱངས་དགོས་དགྱ་བཙོན་འདི།།
    བཅོས་ཐབས་སུ་ལ་མེད་པའི་སྙིང་ནད་ཡིན།

  3. ཨ་ཕྱི་ཆོས་སྒྲོན says:
    2014-04-26 at 8:12 am

    ལས་མ་དག་པའམ་ལས་ངན་པའི་བུ་ཕྲུག་ཆུང་ཆུང་འདི་བུ་ཕྲུག་གཞན་དག་དང་འདྲ་མཉམ་གྱི་རང་དབང་གི་མི་ཚེ་ཞིག་སྐྱེལ་མ་བཅུག་པར། ལོ་ན་མ་སོན་གོང་ནས་འཇིག་རྟེན་དབང་ཕྱུག་གིས་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མངོན་སུམ་སྒྲིབ་མེད་ཀྱི་སྤྱན་གྱིས་གཟིགས་གནང་ཏེ་སྐེ་ལ་ལྕགས་ལོང་ཞིག་བཏགས་ནས་དགྲ་བོ་རྒྱ་དམར་ཤན་པའི་ཁྱི་ཇག་གྱི་ལག་ལ་བཞག་སོང་། དགྲ་བོ་ཤན་པ་དམར་པོས་བུ་ཕྲུག་འདི་ལྐོག་གསོད་བྱས་པ་ཡིན་དང་། དུག་ཁབ་བརྒྱབ་ནས་མི་མིན་ཟོག་མིན་ཞིག་ཏུ་བསྒྱུར་བ་གང་ཡིན་ནི་སུ་ལའང་སྐྱུ་རུ་ར་སྐམ་པོ་ཁྱུར་མིད་དུ་བཏང་བ་ལྟར་ལྐོག་གྱུར་ཡིན་འདུག། གནས་སྟངས་འདི་འདྲ་ཞིག་ལ་བོར་བའི་མི་དེ་རྩད་གཅོད་བྱེད་དགོས་པ་ལས་སྐྱེས་སྐར་དང་འཁྲུངས་ཀྱི་དགའ་སྟོན་རྒྱས་སྤྲོས་ཀྱི་མཛད་སྒོ་ཟབ་མིན་དེ་གལ་གནད་ཆེ་བར་མི་འདོད། རྡ་ས་ནས་ལྡོག་ཕྱོགས་སྟེ་དགའ་སྤྲོ་ལྷང་ལྷང་གི་ངང་ནས་བུ་ཆུང་ལས་ངན་འདིའི་མུན་ནག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་ལོ་འཁོར་ཉེར་ལྔ་འདས་ཙམ་པ་ཡིན་དང་། མི་མངོན་པའི་དབྱིངས་ནས་འཇིག་རྟེན་ཕྱི་མར་ཆས་ཟིམ་པའི་དུར་བྱང་གི་སྒམ་ཆུང་ཡང་མ་མཐོང་ནས་ལོ་འཁོར་ཅི་ཙམ་སོང་མིན་ལ་སྲུང་རྩི་ཞུ་བའམ་དགའ་སྟོན་གྱ་ནོམས་པ་ཞིག་ཚོགས་གནང་མཛད་པ་གང་ཡིན་དང་། དགོས་ཆེད་དང་དམིགས་ཡུལ་གང་ཡིན་མིན་ནི་འཇིག་རྟེན་དབང་ཕྱུག་དང་གཙོ་བོས་ཇི་ལྟར་བཀའ་རྩལ་གྱི་ཧུར་བརྩོན་རྒྱུག་ཁྱི་ཚོའི་རང་སྣང་གི་སྤྱོད་ཡུལ་ཁོ་ནར་གསལ་བ་ལས་གཟུར་གནས་གཞན་སྣང་གི་བློ་ཡུལ་ལས་འདས་པ་འབའ་ཞིག་ལོས་ཡིན་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme