Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་ནས་ལོ་ངོ་༢༥ འཁོར་བ།

Posted on 2014-01-122014-01-12 By ཁ་བརྡ་ 16 Comments on པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་ནས་ལོ་ངོ་༢༥ འཁོར་བ།

གནས་ཚུལ་གཏོང་མཁན། ལྡོང་སྲས།

unnamedདེ་རིང་སྔ་དྲོར་བོད་རིགས་རྩོམ་པ་པོ་ཞིག་དང་རྒྱ་རིགས་རྩོམ་པ་པོ་ཞིག་བཅས་ཀྱིས་ཐེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་ཁུངས་ནང་ཐེ་ཝན་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག
འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བོད་རིགས་རྩོམ་པ་པོ་གནམ་ལོ་ཡག་དང་རྒྱ་རིགས་རྩོམ་པ་པོ་ཡོན་ཧོང་པེན་གཉིས་ཀྱིས་ཐེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཏེ། ད་ལྟའི་ཐེ་ཝན་གཞུང་ལ། རྒྱ་ནག་དམར་ཤོག་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་བཀྲོངས་པའི་ནག་ཉེས་བརྩད་ཞིབ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སེལ་བར་རྒྱབ་བསྐྱོར་ཡོང་བའི་ཞུ་བསྐུལ་ཞུས་ཡོད་འདུག

གསར་འགོད་ལྷན་ཚོགས་གཙོ་སྐྱོང་བ་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་འཐུས་ལིས་ཅོན་ཡེ་ལགས་ཀྱིས་བརྗོད་དོན། རྒྱ་ནག་དམར་ཤོག་གཞུང་གི་གཉའ་གནོན་ལ་ངོ་རྒོལ་དང་མ་དགའ་བ་མཚོན་ཆེད། ན་ནིང་བོད་ནང་དུ་མེ་བསྲེགས་ངོ་རྒོལ་གྲངས་འབོར་༡༢༩ བསླེབས་ཡོད་ལ། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་ཚ་རླབས་བརྡོལ་བ་ལྟ་བུའི་ངོ་རྒོལ་ལས་འགུལ་ཞིག་རེད། ཡིན་ནའང་། ཐེ་ཝན་མཱ་ཡོན་ཅིག་གཞུང་གིས་འདི་ལྟ་བུའི་ཛ་དྲག་གི་གནས་སྟངས་དེ་མ་མཐོང་མ་ཐོས་ཁུལ་བྱས་ཡོད་སྟབས། འདི་ནི་དམངས་གཙོའི་དར་ཆའི་འོག་གི་ནག་ཉེས་ཤིག་ཡིན། ཞེས་བརྗོད་ཡོད་འདུག

སྐབས་དེར་ཡོན་ཧོང་པེན་གྱིས། ད་ལོ་ནི་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་བཀྲོངས་ནས་ལོ་འཁོར་༢༥ དང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་བཀྲོངས་རྐྱེན་ནི་ཆབ་སྲིད་ལྐོག་གསོད་རེད། དེའི་ཁར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ནི་འཛམ་གླིང་སྟེང་གི་ཆེས་ཆུང་བའི་ཆབ་སྲིད་བཙོན་མ་རེད་ལ། དེང་སྐབས་གར་ཡོད་སུས་ཀྱང་ཤེས་ཀྱི་མེད། ད་དུང་བོད་ནང་མེ་བསྲེགས་ངོ་རྒོལ་མུ་མཐུད་ནས་ཡོང་གི་ཡོད་སྟབས། རྒྱ་དམར་གཞུང་གིས་བོད་ནང་ནག་ཉེས་གནམ་སར་མི་ཤོང་བ་བསགས་ཡོད། རྩ་ཁྲིམས་ནང་བོད་དང་སོག་པོ་སོགས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ཡིན་ཞེས་འཁོད་བཞིན་དུ་བོད་ནང་འབྱུང་བཞིན་པའི་ཛ་དྲག་གནས་སྟངས་ཐད་ཐེ་ཝན་མི་སེར་རྒྱལ་ཁབ་གཞུང་གིས་དོ་ཁུར་མི་བྱེད་པ་ནི་གཡོལ་ཐབས་མེད་པའི་དོན་དག་ཅིག་ཡིན། ཞེས་སོགས་བརྗོད་འདུག

གནམ་ལོ་ཡག་གིས་བརྗོད་དོན། བོད་མིར་ཐེབས་ཀྱིན་པའི་གཉའ་གནོན་ནི་ཆབ་སྲིད་ཐད་ནས་གཉའ་གནོན། དཔལ་འབྱོར་ཐད་ནས་འཕྲོག་བཅོམ། ཤེས་རིག་དང་ཆོས་ལུགས་གཞན་དབང་དུ་གྱུར་བ་བཅས་ནས་མཚོན་ཐུབ། དཔེར་ན། བོད་ནང་རང་སྐྱོང་ཡོད་ལབ་བཞིན་དུ་ཧ་ལམ་ལས་ཁུངས་ཆེ་ཕྲ་ཚང་མའི་མགོ་བ་རྒྱ་རིགས་ཡིན་ལ། བོད་མིར་དབང་ཚད་ཅི་ཡང་ལྷག་མེད། ད་ལྟ་ཞཱང་རིམ་པའི་མགོ་ཁྲིད་ཀྱང་མི་རིགས་སློབ་ཆེན་ཁག་གི་བོད་རིག་པའི་སྡེ་ཁག་ནང་རྒྱ་རིགས་སྐྱེད་སྲིང་བྱེད་ཀྱིན་ཡོད།

unnamed-1དཔྱད་གཞིའི་ཡིག་ཆ་ལྟར་ན། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་མགོར། མཚོ་སྔོན་བོད་ཁུལ་གྱི་གཏེར་ཁའི་མ་གནས་རྒྱ་སྒོར་ཁྲི་དུང་ཕྱུར་ཆིག་འབུམ་བདུན་ཁྲི་བརྒལ་ཡོད་ཅིང་། ༢༠༡༠ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་མ་གནས་ཀྱང་རྒྱ་སྒོར་ཁྲི་དུང་ཕྱུར་དྲུག་སྟོང་ལྷག་བརྒལ་ཡོད། ཡིན་ནའང་། བོད་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཨ་སྒོར་ ༤༠༠ ཡས་མས་ལས་མེད་ཅིང་། ཡོང་འབབ་དེ་དག་གི་བརྒྱ་ཆའི་༧༠ དབྱར་རྩ་དགུན་འབུ་ཡིན་སྟབས། གལ་སྲིད་དབྱར་རྩྭ་དགུན་འབུ་མེད་ཚེ། བོད་མི་ཕལ་ཆེ་བ་སྤྲང་བོར་གྱུར་ཡོད།

ཁོང་གིས་མུ་མཐུད་དུ། ཤེས་རིག་ཐད་ནས་བཤད་ན། སློབ་གསོའི་མ་ལག་ནང་རྒྱའི་སྐད་ཡིག་གིས་བོད་ཡིག་གི་ཚབ་བྱས་ཡོད་སྟབས། བོད་ཕྲུག་ཚོས་བོད་ཡིག་སྦྱོང་བར་ཚད་བཀག་ཆེན་པོ་ཐེབས་ཡོད། ཆོས་ལུགས་ཚོགས་སྡེ་ཁག་གི་འཛིན་སྐྱོང་འགན་དབང་ངམ། སྤྲུལ་སྐུ་ངོས་འཛིན་དང་དགོན་པར་དོ་དམ་ཚུད་པའི་དབང་ཆ་ཚང་མ་གུང་ཁྲན་ཏང་གིས་གཞུང་བཞེས་བཏང་ཡོད།
མདོར་ན། བོད་ནང་མེར་བསྲེགས་ཚུད་པའི་ངོ་རྒོལ་སྣ་མང་གི་འབྱུང་རྐྱེན་དངོས་ནི། ༼གང་དུ་གཉའ་གནོན་ཡོད་ན། དེ་གར་ངོ་རྒོལ་ཡོད༽ཅེས་པའི་བཤད་རྒྱུན་དེས་མཚོན་ཐུབ་ཀྱི་ཡོད། ཅེས་སོགས་བཀོད་འདུག

གནས་ཚུལ་ཁོ་སྤྲོད་པའི་ངོ་སྤྲོད་གནང་བ་ལྟར་ན། དེ་རིང་གི་གསར་འགོད་གསལ་བསྒྲགས་དེ་རྒྱལ་སྤྱིའི་གསར་ལམ་ཁག་༣༠ ལྷག་ལ་ཁྱབ་སྤེལ་ཕྱིན་ཡོད་འདུག

མཆན། གསར་གནས་འདི་བོད་ཀྱི་དུས་བབ་ལས་དྲངས། ཡིན་ནའང་། ཁ་བྱང་མཁོ་གཏོང་བས་གསར་དུ་བཅོས་པ་ཡིན་པས། གསར་ཁང་ལ་བཟོད་གསོལ་དང་གསར་གནས་འདི་ཀློག་མྱོང་མཁན་ལྷན་རྒྱས་ལ་བསྐྱར་ནན་ཞུས་པ་ཡིན།

གསར་འགྱུར།

Post navigation

Previous Post: རྗེས་དྲན་དབྱངས་གསལ་ཡིད་ཀྱི་མེ་ལོང་།
Next Post: རྒྱལ་ཐང་གི་ Shangrila ལ་མེ་ཤོར་འདུག

Comments (16) on “པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་ནས་ལོ་ངོ་༢༥ འཁོར་བ།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-01-12 at 12:51 am

    གཅིག་གཉིས་ལས་མ་འདུས་པ་གང་ཡིན་ནམ། འདི་ལ་པན་ཆེན་སང་གི་ལྷ་ལྕམ་དང་སྲས་མོའི་དགོངས་ཚུལ་གང་འདྲ་ཡོད་དམ།

  2. གནམ says:
    2014-01-12 at 12:59 am

    རང་བློ་ལ་འབབ་པའི་སྤྱི་དོན་ཞིག་ལས་བཞིན་ཡོད་པར་སྣང་བས། བཟང་གི་ཞུས་བ་ཡིན། དགྲ་བོ་རྒྱ་དམར་ཚང་གིས་བཅས་བཅས་ལས་ལས་བོ། བོད་པ་ཚང་མས་ཚོར། འཛམ་གླིང་ཀུན་པོས་གོ་ཐུབ་ན། ཉིན་ཞིག། བོད་འདིས་འཕག་མཆོང་ཞིག་རྒྱག་ཐུབ་པ་ཤར་དུས་ན། འཛམ་གླིང་མི་མང་གི་སྙིང་རྗེ་དང་རྡོག་རྩ་ང་ཚོ་ལ་སྟེར་བའི་དགེ་མཚན་འདུག་འདོད།
    དེ་རིང་གི་རྒྱ་ནག་ནི་ཡར་འཇོག་མི་ཐུབ་པའི་ལྕགས་གཏུན་ཞིག་ཡིན་ན་ཡང་།
    སང་ཉིན་གྱི་རྒྱ་ནག་ནི་བཞུ་མི་ཐུབ་པའི་ལྕགས་གཏུན་ཞིག་མིན་པ་གསལ་པོ་རེད། ཡར་འཇོག་མི་ཐུབ་ན་བཞུ་ཨེ་ལྟ་བ་ནི་བོད་གངས་ཅན་གྱི་ཐབས་ལམ་རེད། ཚང་མས་སོ་སོའི་ས་ནས། བོད་ཟེར་བ་འདི་པད་ཀོག་ལ་བཀོད་ཡོད་པ་ཤེས་བས་མ་ཚད་ཀློག་འདོན་བྱེད་དགོས་བ་རེད་འདུག་པས། ཚང་མ་ཐོན་ཤོག་ཨ། བོད་པ་ཚང་།

  3. ཤར་པ་ says:
    2014-01-12 at 5:15 am

    རྒྱ་རོས་ བོད་ཀྱི་བླ་མ་། བོད་ཀྱི་དཔའ་བོ། དགྲ་བོའི་འོག་ལ་ལོ་ཉི་ཤུ་ཙམ་བཙོན་ཁང་ལ་་བཞུགས་ཀྱང་ཞུམ་པ་མེད་པ་། རྒྱ་དང་གདོང་ཐུག་གིས་ཁ་གཏད་བྱེད་པོ་། པན་ཆེན་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་ཞིག་མེད་དོ།

  4. བསྟན་འཛིན། says:
    2014-01-12 at 8:02 am

    གནམ་ལོ་ཡག་ལགས་ནི་སྒལ་ཚིགས་ཅན་གྱི་མགོ་ནག་བོད་མིའི་ཕུགས་བསམ་ལ་དོ་འཁུར་མཛད་མཁན་གྱི་མི་བུ་ཞིག་རེད། སྐུ་ཉིད་ཀྱི་བསམ་དོན་འགྲུབ་པ་ཤོག།།

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-12 at 8:16 am

    ལྡོང་སྲས་ལགས་ཀྱི་བགྱི་བ་དག་ལ་ཡི་རང་ཞུ། རྒྱ་བོད་གུང་རྒོལ་ཚོགས་པའི་སྟོབས་ཤུགས་མུ་མཐུད་ཇེ་ཆེར་གཏོང་རྒྱུར་འབྲེལ་ཡོད་ཚང་མས་ནུས་པ་འདོན་རོགས།

  6. རྒྱང་མིག says:
    2014-01-12 at 8:57 am

    ཁོང་གཉིས་ཀྱི་རླབས་ཆེན་ལས་འགུལ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཤེས་བཞིན་བསམ་བཞིན་དུ་བོད་མིར་ཐེབས་དང་ཐེབས་ཀྱིན་པའི་དགྱ་གཞུང་གི་གཉའ་གནོན་ཚབས་ཆེན་དེ་དག་རྒྱལ་སྤྱིའི་གླེང་སྟེགས་ཆེ་ཤོས་སུ་འགྱུར་བར་གཞོགས་འདེགས་གནང་རོགས།
    དངོས་གནས་”བོད་མིར་ཐེབས་ཀྱིན་པའི་གཉའ་གནོན་ནི་ཆབ་སྲིད་ཐད་ནས་གཉའ་གནོན། དཔལ་འབྱོར་ཐད་ནས་འཕྲོག་བཅོམ། ཤེས་རིག་དང་ཆོས་ལུགས་གཞན་དབང་དུ་གྱུར་བ་བཅས་ནས་མཚོན་ཐུབ།”པཪ་བརྗོད་པ་དེ་ཆེས་ཧ་ཅང་གསལ་བོ་ཡིན།

  7. བསོད་ནམས། says:
    2014-01-12 at 9:12 am

    ལྷ་སྡེ་གནམ
    ལོ་ཡག་གིས་རླབས་ཆེན་གྱི་ལས་དོན་ཞིག་བསྒྲུབས་པ་འདི་རྗེས་སུ་ཡི་རངས་ཞུ།

  8. འཕྲིན་ལས་ལྷུན་གྲུབ་ says:
    2014-01-12 at 9:33 am

    གནམ་ལོ་ཡག་གི་བཟོ་ལྟ་བལྟས་ན་བཀྲོངས་རྐྱེན་རྩར་གཅོད་ཐུབ་མཁན་གྱི་མི་དེ་རེད་ཤག ཧཧཧཧཧ

  9. འཕྲིན་ལས་ལྷུན་གྲུབ་ says:
    2014-01-12 at 9:36 am

    པཎ་ཆེན་རིན་པོ་ཆེ་བཅུ་པ་དེ་ཚང་གི་སྐྱིད་པ་ལ། ཡོན་ཧོང་དང་གནམ་ལོ་ཡག་གིས་རྩད་ཅིག་ཆོད་ཀི་ཡོད་ན་གནམ་སའི་རྟིང་འོག་བརྗེ་དགོ་ཡི་ཡོད་ཀྱི་རེད། ཡིན་ནའང། བསྐོར་བསྐྱོད་བྱེད་སྤྱད་ལ་ཧྲ་ན་ཐང། ཁ་སྔོན་ཞིག་ལ་ཆེ་གཏམ་བཤད་ནི་རེད། དེ་རིང་ཡང་དེ་མཚུངས་རེད། ཡིན་ནའང། དོན་དག་ནང་དུ་དཀྲོངས་རྐྱེན་གྱི་ཟུར་ཙམ་ཡང་གསལ་ཁ་བཏོད་ནས་འབྲི་རྒྱུ་རེག་གི་མེད་པ་འདྲ། མ་གཞི་ནས་གནམ་ལོ་ཡག་འདིས་ཕ་ཡུལ་གཅིག་པའི་ཞེན་ཁོག་གིས་ཀླུ་མཁར་བྱམས་ཀྱི་རྒྱབ་ནས་ལངས་ཏེ་རྒྱལ་བ་ཡབ་སྲས་ལྟ་བུར་ཟུར་ཟ་བྱས་ན་དེར་འཇོན་ས་རེད།་ཧཧཧཧཧ

  10. ཀརྡོ་གཉེར་ཕྱག་པ་ says:
    2014-01-12 at 9:41 am

    ་་་་་་་་་་་ སྐབས་དེར་ཡོན་ཧོང་པེན་གྱིས། ད་ལོ་ནི་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་བཀྲོངས་ནས་ལོ་འཁོར་༢༥ དང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་བཀྲོངས་རྐྱེན་ནི་ཆབ་སྲིད་ལྐོག་གསོད་རེད། དེའི་ཁར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ནི་འཛམ་གླིང་སྟེང་གི་ཆེས་ཆུང་བའི་ཆབ་སྲིད་བཙོན་མ་རེད་ལ། དེང་སྐབས་གར་ཡོད་སུས་ཀྱང་ཤེས་ཀྱི་མེད། ་་་་་་་་་་་་་་

  11. འཕྲིན་ལས་ལྷུན་གྲུབ་ says:
    2014-01-12 at 9:53 am

    ”རྩ་ཁྲིམས་ནང་བོད་དང་སོག་པོ་སོགས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ཡིན་ཞེས་འཁོད་བཞིན་དུ་བོད་ནང་འབྱུང་བཞིན་པའི་ཛ་དྲག་གནས་སྟངས་ཐད་ཐེ་ཝན་མི་སེར་རྒྱལ་ཁབ་གཞུང་གིས་དོ་ཁུར་མི་བྱེད་པ་ནི་གཡོལ་ཐབས་མེད་པའི་དོན་དག་ཅིག་ཡིན།” ད་གཟིགས་དང་ཁྱི་བཤད་འདི་མོ་འདི་རྒྱག་གི་ཡོད་ས་རེད། སྡེ་བཙན་རྒྱལ་རིང་ལུགས་ཀྱི་བོད་མི་སྡེབས་གསོད་ཀྱི་ཁྲིམས་ངན་དེ་གཡོལ་ཐབས་མེད་པའི་རྒྱུ་རྐྱེན་དུ་བགྲང་གི་ཡོད་པ་འདྲ། འདི་མོ་ཆབ་སྲིད་ཐབས་ཆག འདི་མོ་སྐད་ཆ་འུ་ཐུག་གསུང་གི་མ་བསྡད་ན་ཡག་གི་རེད། འདི་མོ་འདི་གསུངས་ནས་ང་ཚོ་བོད་ལ་རོགས་རྒྱག་རྒྱུ་ལས། ཅི་ཡང་མི་སྨྲའི་བརྟུལ་ཞུགས་བཟུང་སྟེ་ཁུ་སིམ་མེར་བཞུགས་ན་དགའ་བསུ་ཞུ་པ་ཡིན། ”སློབ་དཔོན་”ཡོན་ཧོང་པན་ལགས།།

  12. ལྷ་སྡེ་གནམ་ལོ་ཡག says:
    2014-01-12 at 10:35 am

    ལྷན་རྒྱས་ཕེབས་ནས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། གཅིག་བྱས་ན་ངའི་ཚོགས་བསགས་སྟངས་དེ་འགྲིག་གི་མེད་པ་འདྲ། ཤི་བོ་བདག་མེད་དང་སྡུག་བསྔལ་མྱོང་མཁན་རྣམཟ་ལས་མཐོང་གི་མི་འདུག གལ་སྲིད་ལྷན་རྒྱས་ཕོག་ཐུག་ཡོད་ན་བཟོད་གསོལ་ཞུ།

  13. འཕྲིན་ལས་ལྷུན་གྲུབ་ says:
    2014-01-12 at 11:09 am

    ཚོགས་བསགས་སྟངས་འགྲིག་གི་མི་འདུག་ཅེས་ཞུ་རྒྱུ་མ་བྱུང། ཁྱེད་ཡོན་ཧོང་དང་གནམ་ལོ་གཉིས་ཀར་ལས་ཀ་ཞིག་དགོས་པ་རེད་ཝ། ཡིན་ནའང། ཁྱེད་རྣམ་པ་གཉིས་ལ་ཉི་མ་གཅིག་དཀྲོངས་པའི་དཀྲོངས་ལུགས་ཅིག་བསྟན་རྒྱུ་མེད་དུས་ཅི་ཞིག་བྱེད་རྩིས་ཡིན་ན་བསམས་པ་དེ་ཡིན། མ་གཞི་ནས་དཀྲོངས་ཚུལ་དཀྲོངས་ལུགས་ཀྱི་ཐད་འདིར་ད་བར་སྐད་ཆ་མ་བྱུང་བ་མ་རེད་ལ། སྐད་ཆ་ཙམ་མིན་པའི་ལས་ཀའང་མང་པོ་གནང་ཚར་བ་ཡིན་སྟབས། མིན། གཅིག་བྱས་ན་ཡོན་གནམ་གཉིས་ཀར་ཅིག་བསྟན་རྒྱུ་ཞིག་ཡོད་སྲིད་ཀི་རེད་ཝ། དགོངས་དག ཚོགས་བསགས་སྟངས་ལ་བར་ཆད་ཐེབས་ཡོད་ན།

    ཧཧཧཧ

    མ་གཞི་ནས་ལྡོང་སྲས་ལས་འདི་འདྲའི་སྐོར་རྒྱ་ཝང་ལུས་ཞོང་བཟའ་ཚོ་གཉིས་དྲག་ག་འདོད་ཀི་ཡ།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-01-12 at 3:40 pm

    པཎ་ཆེན་དུག་གིས་བཀྲོངས་པ་དང་། །
    བཀྲོང་མཁན་ཧུ་ཆིན་ཐ་འོ་གྲག །

  15. ཨོ་རྒྱན་ཉི་མ། says:
    2014-01-13 at 4:50 am

    ལམ་དབུ་མ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་གནད་བྱང་ཞིག་རེད།

  16. བསྟན་འཛིན་ཆོས་དབྱངས། says:
    2014-01-14 at 9:42 am

    ད་ལྟ་པར་དུ་བོད་མི་ཚོས་པན་ཆེན་རིན་པོ་ཆེ་རྒྱ་ནག་གིས་ཆབ་སྲིད་ལྐོག་གསོད་བྱས་པ་རེད་ཅེས་བོད་མི་སུ་ཕྱི་སྒྲགས་བྱེད་ཐུབ་མེད། ཅི་ཞིག་ལ་མ་ཐུབ་པ་རེད་དམ། སྐུ་ཞབས་གཉིས་ལ་བསྔགས་བརྗོད་དང་ཐགས་རྗེ་ཆེ་ཞུས་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme