Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པཎ་ཆེན་བླ་མ་དྲན་གླུ། གླུ་ཚིག

Posted on 2015-12-312015-12-31 By ཁ་བརྡ 5 Comments on པཎ་ཆེན་བླ་མ་དྲན་གླུ། གླུ་ཚིག

unnamed—–ཨེ་མ་ཧོ།

 
ཆོས་སྐུ་སྣང་བ་མཐའ་ཡས།།
ལོངས་སྐུ་ཐུགས་རྗེ་ཆེན་པོ།།
སྤྲུལ་སྐུ་པདྨ་འབྱུང་གནས།།
པཎ་ཆེན་བླ་མ་མཁྱེན་ནོ།།
རྒྱལ་བསྟན་འཛིན་པའི་དགེ་བཤེས།།
འགྲོ་ཁམས་འདྲེན་པའི་དེད་དཔོན།།
མཁྱེན་བརྩེ་ནུས་པའི་མངའ་བདག།།
པཎ་ཆེན་བླ་མ་མཁྱེན་ནོ།།
བོད་ཁམས་སྐྱོང་བའི་རྒྱལ་པོ།།
བཤད་སྒྲུབ་སྤེལ་བའི་སྤྲུལ་སྐུ།།
བསྟན་སྲིད་སྨན་པའི་སྔགས་འཆང་།།
པཎ་ཆེན་བླ་མ་མཁྱེན་ནོ།།
རང་ཡུལ་འཛིན་པའི་དཔའ་བོ།།
བདེན་པ་སྨྲ་པའི་དྲང་སྲོང་།།
ལུགས་གཉིས་སྐྱོང་བའི་མཁས་པ།།
པཎ་ཆེན་བླ་མ་དྲན་ནོ།།
ཉི་མ་ནུབ་རིར་བརྒལ་ཞིང་།།
ཟླ་བ་གཟའ་ཡིས་ཟིན་པའི།།
སྐར་ཚོགས་མཆི་མ་བཀུ་བའི།།
ཉིན་ཞག་དེ་རིང་དྲན་སོང་།།
པཎ་ཆེན་བླ་མ་འདས་ནས།།
རྒྱ་བླའི་འཕེལ་ཁ་རྒྱས་སོང་།།
བོད་བླའི་རླུང་རྟ་ཆག་སོང་།།
མུན་པའི་བསྐལ་བ་ཚེས་སོང་།།
བདེ་ཆེན་ཕེབས་པར་སྔ་སོང་།།
ཡང་སྲིད་མེད་པར་བདེན་སོང་།།
འོས་སྤྲུལ་པཎ་ཆེན་འདི་ཚོ།།
ཐུགས་རྗེས་གཟིགས་པ་གནང་རོགས།།
པཎ་ཆེན་སྙིང་ལ་སྒོམ་ཡོད།།
བླ་མ་ཡིད་ལ་དྲན་ཡོད།།
ཐུགས་དམ་བསྐང་གསོལ་ཞུས་ནས།།
བསྟན་འགྲོར་ཕན་བདེ་སྨོན་ནོ།།

ཞེས་པ་རབ་གནས་ཤིང་ལུག་རྒྱལ་ཟླའི་དགའ་བ་དང་པོ་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྗེ་དྲན་དུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གསོལ་བ་འདེབས་པར་དགེའོ།། །།

སྙན་ངག

Post navigation

Previous Post: ༄༅།།ཛམ་གླིང་སྙིང་ཁྲག་མ་གཅོད་ཆ་ཡི་ན།།
Next Post: རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱི་བཙན་འཛུལ།

Comments (5) on “པཎ་ཆེན་བླ་མ་དྲན་གླུ། གླུ་ཚིག”

  1. ཀརྨ་བློ་གསལ་ says:
    2015-12-31 at 9:06 am

    ཁ་སང་བོད་ནང་ནས་ཡུལ་བསྐོར་སྤྲོ་འཆམ་ལ་ཕེབས་པའི་ལས་བྱེད་རྐན་པ་ཞིག་ལ་ཐུག་སོང་། ངེད་གཉིས་ནས་ཆུ་ཚོད་ཁ་ཤས་རིང་ཁ་བརྡ་བྱེད་རྒྱུ་བྱུང་། ཁོང་གིས་བཙན་བྱོལ་ནང་གི་སློབ་གསོའི་གནས་སྟངས་ལ་སྐད་ཆ་མང་པོ་དྲིས་སོང་། མཇུག་མཐར་ཁོང་གིས་པན་ཆེན་རིན་པོ་ཆེ་ནས་ལོ་རབས་བརྒྱད་ཅུའི་ནང་བོད་ནང་སློབ་གསོ་དར་སྤེལ་བཏང་བའི་གྲུབ་འབྲས་དང་ཤུགས་རྐྱེན་ལ་དོ་ཟླ་ཡོང་ཐབས་མི་འདུག་ཟེར།

  2. ཨ་ཁུ་ནོར་བུ་ says:
    2015-12-31 at 10:18 am

    དཔར་དེ་ཡང་མཛུན་མ་བཟོས་པ་ཞིག་རེད། པན་ཆེན་གྱིས་བོད་ལ་སློབ་གྲཱ་གསར་པ་ག་ཚོད་སྐྲུན་ཡོད་དམ། དགོན་པ་གསར་པ་ག་ཚོད་སྐྲུན་ཡོད་དམ། པན་ཆེན་ལ་ལོ་རབས་བརྒྱད་ཅུའི་ནང་བོད་ནང་ཚོང་པ་རྒྱག་པ་ཟེར་བར་རྒྱུ་མཚན་མང་པོ་ཡོད། ལོ་རབས་གསུམ་བཅུ་ནས་དྲུག་བཅུའི་བར་གྱི་ལོ་རྒྱུད་དངོས་ནས་པན་ཆེན་ཚང་གིས་ཚོང་ག་རེ་རྒྱབ་པ་དེ་ལ་ཚོང་པ་ཟེར་བ་ཡིན།

  3. པདྨ says:
    2015-12-31 at 12:10 pm

    པཎ་ཆེན་དྲན་གླུ།
    གཞས་ཚིག སྨན་བླ་སྐྱབས།
    པཎ་ཆེན་ལགས་རིན་པོ་ཆེ།
    ན་ནིང་ཐང་དཀར་རྒོད་པོ་ཞིག
    སྤྲིན་གྱི་བང་རིམ་བརྟོལ་ནས་ནམ་འཕང་བསྟར།
    བདེ་མྱུར་གྱི་གཤོག་འགྱུར་རེ་རེར།
    ཕྲིན་ལས་ཀྱི་འགྱུར་ཁུགས་རེ་རེ།
    ད་ལོ་ནམ་མཁའི་ཐོག་མདའ་བཞིན།
    ཡུལ་ཕྱོགས་གང་ལ་བཞུད།
    པཎ་ཆེན་ལགས་རིན་པོ་ཆེ།
    ཁས་བླངས་བའི་དམ་བཅའ་སུ་ལ་འབུལ།
    ངོ་མཚར་བའི་རྨི་ལམ་སུ་ལ་ཞུ།
    མིག་ཆུའི་ཐིག་པ་རེ་རེ།
    བསམ་ཞིང་བསམ་ཞིང་སེམས་ལ་ལྷུང་།
    པཎ་ཆེན་ལགས་རིན་པོ་ཆེ།
    ན་ནིང་དཀར་གསལ་ཟླ་བ་ཞིག
    གངས་རིའི་དབུ་རྩེ་བརྒྱན་ནས་འཛུམ་ཆུང་གྲོལ།
    འོད་སྣང་གི་ཟེགས་མ་རེ་རེར།
    སྡེབ་གྲོལ་གྱི་སྙན་ངག་རེ་རེ།
    ད་ལོ་ནམ་མཁའི་སྐར་མདའ་བཞིན།
    ཡུལ་ཕྱོགས་གང་ལ་ཕེབས།
    པཎ་ཆེན་ལགས་རིན་པོ་ཆེ།
    དྲི་མེད་པའི་ཁ་བཏགས་སུ་ལ་འབུལ།
    སྙིང་ཁུང་གི་གླུ་དབྱངས་སུ་ལ་ལེན།
    མིག་ཆུའི་ཐིག་པ་རེ་རེ།
    བསམ་ཞིང་བསམ་ཞིང་སེམས་ལ་ལྷུང་།
    པཎ་ཆེན་ལགས་རིན་པོ་ཆེ།
    དྲི་མེད་པའི་ཁ་བཏགས་སུ་ལ་འབུལ།
    སྙིང་ཁུང་གི་གླུ་དབྱངས་སུ་ལ་ལེན།
    མིག་ཆུའི་ཐིག་པ་རེ་རེ།
    བསམ་ཞིང་བསམ་ཞིང་སེམས་ལ་ལྷུང་།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2016-01-01 at 6:17 pm

    པན་ཆེན་རིན་པོ་ཆེའི་ལྕམ་མོ་མཛེས་མ་སྐད་གྲགས་ཅན་ཡིན་སྐད་ཐོས། དེ་འདྲ་མཛེས་མ་ཨེ་ཡིན་ན། སྲས་མོ་རིག་འཛིན་དབང་མོར་རྣམ་པ་དེ་ཙམ་མི་འདུག་བསམ་བྱུང་། །

  5. པདྨ says:
    2016-01-02 at 3:37 am

    པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་དུས་མཆོད་མིན་པ།

    དེ་རིང་(བོད་ཟླ་བཅུ་ ༡༡ ཚེས་ ༢༡ ཉིན་དང་སྤྱི་ཟླ་ ༡༢ ཚེས་ ༣༡ ཉིན་)ནི་མི་མང་པོ་ཞིག་གིས་ཀུན་གཟིགས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཉེར་བདུན་འཁོར་བའི་དགོངས་རྫོགས་དུས་མཆོད་ཡིན་པར་སྨྲས་ཏེ་རྗེས་དྲན་ཞུ་བཞིན་ཡོད་མོད། ཡིན་ནའང་དེ་རིང་ནི་དགོངས་རྫོགས་དུས་མཆོད་མ་ཡིན་པར་དགོངས་རྫོགས་དུས་མཆོད་ཡང་དག་པ་དེ་ནི་༢༠༡༥ལོའི་བོད་ཟླ་༡༢ཚེས་༢༡ཉིན་དང་། སྤྱི་ལོ་ལྟར་ན་༢༠༡༦ལོའི་ཟླ་༡ཚེས་༣༠ཉིན་ཡིན་ནོ།།
    སྨོན་ལམ་ཚིག་མཛོད་ཆེན་མོར་གསལ་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐོར།
    པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེ་སྤྱི་ལོ༡༩༣༨ ལོའི་ཟླ་བ་དང་པོའི་ཚེས་ཉིན་མདོ་སྨད་བིས་མདོ་རུ་བིས་མདོ་དཔོན་ཚང་དུ་ཡབ་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ལོ༡༩༤༡ ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། སྤྱི་ལོ༡༩༤༩ ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང་། བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་གསོལ་གཟབ་རྒྱས་ཞུས། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོང་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་ཉམས་བཞེས་མཛད། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་མཛད། སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་མཛད་པ་དང་། སྤྱི་ལོ༡༩༥༤ ལོའི་ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། ཕྱི་ལོ་༡༩༥༦ ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་སྐབས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་གནང་། ལོ་དེའི་ཟླ་བ་བཅུ་གཅིག་པར། གདན་ཞུས་ལྟར་རྒྱ་གར་དུ་ཕེབས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། དུས་འགྱུར་གོད་ཆགས་སྐབས་ལོ་དགུའི་རིང་ལ་བཙོན་དུ་བཞུགས་དགོས་བྱུང་། སྤྱི་ལོ༡༩༧༨ ལོ་ནས་བཟུང་གོ་གནས་སླར་གསོ་བྱུང་བ་དང་། དེ་རྗེས་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ། ལྷ་ལྡན་སྨོན་ལམ་སླར་གསོ་གནང་བ་དང་། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་སོགས་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པར་ཕན་པའི་ཕྱག་ལས་རླབས་ཆེན་གནང་། ཁོང་གི་གསུང་རྩོམ་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ་དང། སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད་ཅེས་པ་སོགས་ཡོད། སྤྱི་ལོ༡༩༨༩ ལོའི་སྤྱི་ཟླ་དང་པོའི་ཚེས ༩ ཉིན་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས་སྐབས་གློ་བུར་དུ་ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme