Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་འཁྲུལ་དང་ནོར་འཁྲུལ།

Posted on 2012-10-172012-10-17 By ཁ་བརྡ་ 10 Comments on ནོར་འཁྲུལ་དང་ནོར་འཁྲུལ།

རས་པ།

དང་པོ།
“ཡི་གེ་གཡོན་ལག་གིས་བྲིས་ན་ནོར་འཁྲུལ་ཡིན
མི་ཤི་རྟ་འགྱེད་ཀྱི་དམག་འཁྲུག་བྱས་ན་ནོར་འཁྲུལ་ཡིན
རྒན་པར་ཚིག་ལོག་བྱས་ན་ནོར་འཁྲུལ་ཡིན།”

འོན་ཀྱང ཨ་རིའི་མགོ་གཙོ་ནག་ལྡང་དེ་གཡོན་ལག་ཅིག་ཡིན
ནག་ལྡང་དེས་ནོ་སྦེལ་གཟེངས་རྟགས་ལེན་སྐབས་གཡོན་ལག་གིས་ས་ཡིག་རྒྱབ་ཅིང
འཇིག་རྟེན་བདེ་ཐབས་སུ་དམག་འཁྲུག་རྒྱག་དགོས་ཟེར་ནས་ལེགས་སྦྱར་གནང

ད་ལོ་ཡང་ནག་ལྡང་དེས
སྤྱི་མཐུན་ཚོགས་པའི་སྤོ་ལགས་ཤིག་ལ་ཁ་ལོག་རྒྱག་ཅིང
ཚིག་གི་མདའ་མོར་ཡོ་གཟུར་མེད་པར་རྒན་འཁོག་དེས
དངོས་ཡོད་ཀྱི་སྐད་ཆ་བཤད་ཀྱི་མི་འདུག་ཟེར

དེ་ཡི་རྐྱེན་གྱིས་ནོར་འཁྲུལ་ནི་ནོར་འཁྲུལ་ཡིན་ནམ

གཉིས་པ།
“སྒྲིག་འཛུགས་ལ་བརྩི་བཀུར་མི་བྱེད་པ་ནོར་འཁྲུལ་ཡིན
ཁྲིམས་ལུགས་ལ་དང་ལེན་མི་བྱེད་པ་ནོར་འཁྲུལ་ཡིན”

འོན་ཀྱང རྒྱལ་པོ་ཁ་ཏྲ་ཧྥེ་ཡིས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་སྐྱག་པ་སྤྲད་ཅིང
སྒྲིག་ཡིག་སྲོལ་ཡིག་རྣམས་ལ་གཙང་ཤོག་ཆག་པ་གཅིག་གི་རིན་ཐང་ཡང་མེད་པར་བཤད
ད་དུང་ཡོད་དེ མི་སེར་གྱི་ཡིད་ལ་འཁོར་ཡང་ཁ་ནས་ཐོན་མི་ཆོག་པའི་ཁྲིམས་ལུགས་ཀྱི་ནོར་འཁྲུལ་ནི
ཆེ་དྲག་དབང་འཛིན་པའི་སྨྱུག་ཁ་གཅིག་གིས་བསྒྱུར་ཆོག་ཅིང
དང་ལེན་མེད་པའི་ཕྱག་གཡུགས་གཅིག་གིས་ཡིག་སྒམ་ནང་དུ་ཉར་ཚགས་བྱེད་པར་འགྱུར
དེ་ཡི་རྐྱེན་གྱིས་ནོར་འཁྲུལ་ནི་ནོར་འཁྲུལ་ཡིན་ནམ
དེ་ཡི་རྐྱེན་གྱིས་ཁ་ཆེན་དབང་ཆེན་ཞིག་མ་ཉན་པ་ནི་ནོར་འཁྲུལ་ཡིན་ནམ
དེ་ཡི་རྐྱེན་གྱིས་མི་ལ་འདྲ་མཉམ་དགོས་ཟེར་བ་འདི་ནོར་འཁྲུལ་ཡིན་ནམ
༢༠༡༢།༡༠།༡༢ ཕྱི་དྲོ།

སྣ་ཚོགས།

Post navigation

Previous Post: ཝཱ་ར་ཎ་སིར་བསྐྱོད་པའི་ཟིན་བྲིས།
Next Post: དམྱལ་ཁམས་ཀྱི་འཚོ་བ།

Comments (10) on “ནོར་འཁྲུལ་དང་ནོར་འཁྲུལ།”

  1. རིགས་ཞེན་དཀར་པོ། says:
    2012-10-17 at 1:56 pm

    “སྒྲིག་འཛུགས་ལ་བརྩི་བཀུར་མི་བྱེད་པ་ནོར་འཁྲུལ་ཡིན
    ཁྲིམས་ལུགས་ལ་དང་ལེན་མི་བྱེད་པ་ནོར་འཁྲུལ་ཡིན”

    ཞེས་རས་པ་ལགས་ཀྱིས་བྲིས་འདུག དེ་ལྟར་ན་བཙན་བྱོལ་སྤྱི་ཚོགས་འདིའི་ནང་གི་ནོར་འཁྲུལ་ཆེ་ཤོས་ཅན་གྱི་མི་ནི་དབུས་གཙང་སྤྱི་འཐུས་ཟླ་ཚེ་རེད་འདུག་བསམ་པའི་ཚོར་སྣང་ཞིག་ཝལ་གྱིས་ཤར་བྱུང་ངོ་།

  2. རྒད་པོ། says:
    2012-10-17 at 4:49 pm

    ནོར་འཁྲུལ་དང་ནོར་འཁྲུལ་ནི་སོ་སོའི་འདོད་པའི་དབང་གིས་ཟིན་པ་ལས། དྲང་བདེན་དང་ཡོངས་ཁྱབ་ཀྱི་ཁས་ལེན་ཐུབ་པའི་ནོར་འཁྲུལ་ག་ལ་ཡོད། དཔེར་ན། བོད་དང་རྒྱ་ཡོངས་སུ་ཐ་དད་དང་གཅིག་འོག་གཅིག་གིས་ཁྲལ་རྒྱུག་པའི་རྒྱལ་ཁབ་དེ་ན་མིན་བཞིན་དུ། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་རྒྱ་མིའི་འོག་ལ་རྩིས་སྤྲོད་བྱས། དེ་ལ་ཁ་གཏད་འཇལ་མཁན་ཚོར་ཁྲིམས་གཅོད་བཏང་སོང་། ནོར་འཁྲུལ་སུའི་རས།

    ཇི་སྲིད་བོད་པ་རྣམས་ཡང་ལངས་མ་ཐུབ་བར་ལ་བོད་འདི་ཡང་རྒྱ་མིའི་མངའ་ཁོངས་རེད། བོད་ས་དེ་ཡང་རྒྱ་མིའི་རེད། མཐའ་ན། བོད་པ་ཚོ་ཡང་རྒྱ་མིའི་རེད། 

    མའོ་ཙེ་ཏུང་གིས་མེ་མདའ་ཁ་ནས་སྲིད་དབང་འཕྲོག་ཟེར་བ་འདི་བདེན་པ་རེད། བོད་འཕྲོག་སོང་། ཉི་ཧོང་འཕྲོག་བཞིན་འདུག མ་འོངས་པ་ན་ཨ་རི་ཡང་འཕྲོག་སྲིད། 

    ཁྱོད་ལ་མེ་མདའ་ཡག་པོ་ཞིག་དང་དེ་བེད་སྤྱོད་གཏོང་བར་བློ་སྟོབས་ཤིག་ཡོད་ན། ནོར་འཁྲུལ་ཤོར་སྲིད་ཀྱི་མ་རེད། 

  3. གནམ says:
    2012-10-17 at 6:56 pm

    གཡོན་ལག་བྱེད་པའི་མིའི་ཀླད་པ་ནི་སྒྱུ་རྩལ་བའི་ཆ་ཡོངས་སུ་ཕྱུག་པའི་ཀླད་གཡས་བ་ཞིག་རེད་ཟེར་ནས་མི་བུ་དག་གིས་བཤད་ཚུལ་ཡོད་པ་རེད། དེ་འདྲ་ཡིན་པ་ཡོན་ན། དེ་ནོར་འཁྲུལ་རེད་ཟེར་ན་མྱིག་ར་མདོག་འགྱུར་ཞིག་གོན་ནས་མཚན་ལམ་ལ་བགྲོད་པ་མ་ཡིན་ནམ།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-17 at 8:18 pm

    མ་རིག་པའི་རྣམ་པར་རྟོག་པ་མཐའ་མེད་པ་ཡིན། ཞེས་བཅོམ་ལྡན་འདས་ཀྱིས་མ་གསུངས་སམ།

  5. བློ་བཟང་། says:
    2012-10-17 at 11:09 pm

    མི་གཞན་གྱི་མངོན་འདོད་དང་ལྷག་བསམ། སེམས་ཤུགས། ཡང་ན་བརྩེ་བ་སོགས་ལ་མི་ཞིག་གི་བསམ་ཚུལ་ཡིན་པའི་ཚད་གཞིའི་སྟེང་ནས་ངོས་འཛིན་མ་ཐུབ་པར། རང་ཉིད་ཁོ་ནའི་བསམ་ཕྱོགས་ཤུགས་ཆེན་གྱིས་གཞན་གྱི་འདོད་འདུན་དང་འདང་བརྩེ་ལ་ཚུལ་མཐུན་གྱི་ལན་མི་སློག་པ་ནི་ནོར་འཁྲུལ་ཡིན། ནོར་འཁྲུལ་ཐམས་ཅད་ཀྱི་མགོ་ཁུངས་ཀྱང་འདི་རེད།

    གལ་སྲིད་གཞན་གྱི་བསམ་ཕྱོགས་ཁས་ལན་མ་ཐུབ་ཚེ། རྦད་དེ་མི་དེ་དང་འབྲེལ་བ་གཅོད་རྒྱུ་མིན་པར། རྒྱུ་མཚན་བཤད་རེ་བྱས་ཏེ་གཅིག་གིས་གཅིག་ལ་རྣམ་རྟོག་མི་ཡོང་བ་དང། གུ་ཡངས་དང་བཟོད་སྲན་བསྟེན་རྒྱུ་རང་གཞན་གཉིས་ལ་བསྐྲུན་མ་ཐུབ་ན། ནོར་འཁྲུལ་གྱི་དོང་ནང་ཟགས་ཟིན་པར་ངོས་འཛིན་བྱས་ཆོག་པར་སེམས།

  6. འཇམ་གཅེས says:
    2012-10-18 at 10:36 am

    སླེབ་སོང་སླེབ་སོང་དྲ྄་འབུ་སླེབ་སོང་། དྲ་འབུ་རིགས་ཞེན་དཀར་པོ་སླེབ་སོང་། ད་དུང་མི་ངན་གསེར་འབྲུག་སྡེ་ལྔ་དང་། མངའ་རིག་འཕྲིན་ལས་ལ་སོགས་པ་མགྱོགས་པོར་བསླེབ་རན་སོང་། ཡོད་རེད་ ཡོད་རེད་ལྟད་མོ་ཡོད་རེད། མི་ངན་དེ་དག་གིས་བྱ་སྤྱོད་ལ་ལྟད་མོ་ཡོད་རེད ། དཀྲུགས་རེད་དཀྲུགས་རེད་ཕུ་དཀྲུགས་འདའ་དཀྲུགས་བཟོ་རེད ། འཁྲབ་རེད་འཁྲབ་རེད་ལ་འཁྲབ་ལུང་འཁྲབ་བཟོ་རེད །གཟིགས་དང་གཟིགས་དང་ཟླ་བ་ཚེ་རིང་བྲིས་འདུག །ཨ་ཀ་ས་མ་ར་ཙ་ཤྰ་ད་ར་ས་མ་ར་ཡ་ཕཊ་ཕཊ་ཕཊ་་་བྷྱོ་ཟློག་མ་ར་ཡ་ཕཊ། མཆེན་འདེབས་མཁན་འཇམ་གཅེས་ཡིན་པ་ལས་ཨ་རི་དགེ་མཐོང་མིན་པར་མཁྱེན་དགོས། དགོངས་སེལ་ཞུ་ཁ་བྱང་ནོར་འདུག །

  7. འཇམ་གཅེས says:
    2012-10-18 at 10:39 am

    མཆན་འདེབས་མཁན་འཇམ་གཅེས་ཡིན་པ་ལས་ཨ་རིག་དགེ་མཐོང་མིན་པར་མཁྱེན་དགོས། དགོངས་སེལ་ཞུ། ཁ་བྱང་ནོར་བར། སླེབ་སོང་སླེབ་སོང་དྲ྄་འབུ་སླེབ་སོང་། དྲ་འབུ་རིགས་ཞེན་དཀར་པོ་སླེབ་སོང་། ད་དུང་མི་ངན་གསེར་འབྲུག་སྡེ་ལྔ་དང་། མངའ་རིག་འཕྲིན་ལས་ལ་སོགས་པ་མགྱོགས་པོར་བསླེབ་རན་སོང་། ཡོད་རེད་ ཡོད་རེད་ལྟད་མོ་ཡོད་རེད། མི་ངན་དེ་དག་གིས་བྱ་སྤྱོད་ལ་ལྟད་མོ་ཡོད་རེད ། དཀྲུགས་རེད་དཀྲུགས་རེད་ཕུ་དཀྲུགས་འདའ་དཀྲུགས་བཟོ་རེད ། འཁྲབ་རེད་འཁྲབ་རེད་ལ་འཁྲབ་ལུང་འཁྲབ་བཟོ་རེད །གཟིགས་དང་གཟིགས་དང་ཟླ་བ་ཚེ་རིང་བྲིས་འདུག །ཨ་ཀ་ས་མ་ར་ཙ་ཤྰ་ད་ར་ས་མ་ར་ཡ་ཕཊ་ཕཊ་ཕཊ་་་བྷྱོ་ཟློག་མ་ར་ཡ་ཕཊ།

  8. ཨ་རིག་དགེ་མཐོང་གིས། says:
    2012-10-18 at 1:41 pm

    གོང་དུ་འཇམ་གཅེས་ཀྱིས་འགྲེལ་བཤད་གནང་བ་ལྟར་མཆན་བུ་དེ་འདོགས་མཁན་ཕྲན་མིན་པ་མཁྱེན་པར་མཛོད།

  9. རིགས་ཞེན་དཀར་པོ། says:
    2012-10-18 at 2:07 pm

    གཏད་ཡོད་གཏད་ཡོད་མི་ངན་ཟླ་ཚེར་གཏད་ཡོད། །ཕོག་སོང་ཕོག་སོང་ཟླ་ཚེའི་ཁྱི་ལ་ཕོག་སོང་། །ཟུག་གི་ཟུག་གི་ཁྱི་རྒན་འཇམ་

    གཅེས་ཟུག་གི །ངུས་སོང་ངུས་སོང་རྒྱུག་ཁྱི་འཇམ་གཅེས་ངུས་སོང་། །ཤོར་སོང་ཤོར་སོང་ཁྱི་ཡི་སྐྱག་པ་ཤོར་སོང་། །བརྫད་སོང་

    བརྫད་སོང་གཙང་མའི་འཁོར་ཡུགས་བརྫད་སོང་། །དཀྲུགས་སོང་དཀྲུགས་སོང་རྗེ་འབངས་བར་ལ་དཀྲུགས་སོང་། །སྐྱེ་ཡོང་སྐྱེ་

    ཡོང་རྡོ་རྗེ་དམྱལ་བར་སྐྱེ་ཡོང་། །

  10. གྲ་ཕྱི་བུ། says:
    2012-10-19 at 3:52 am

    ནོར་འཁྲུལ་ནི་མང་མང་གི་འདོད་པ་དང་མི་མཐུན་པ་ཞིག་བྱས་ཚེ་ནོར་འཁྲུལ་དུ་གླེང་བ་དང་། དྲག་པོའི་སྒྲིག་འཛུགས་ཀྱི་འོག་གཉའ་གནོན་མྱོང་བཞིན་པའི་མི་བུ་ཞིག་གིས་རང་གི་བདེན་དོན་གླེང་ཚེ་ནོར་འཁྲུལ་ཡིན་པ་དང་། དགེ་རྒན་བཙན་པོའི་ཞེ་འདོད་དང་འགལ་བའི་སློབ་མའི་བྱ་སྤྱོད་ནོར་འཁྲུལ་ཡིན་པ་དང་། ཕ་མ་གླེན་པའི་འདོད་པ་དང་མི་བསྟུན་ཚེ་བུ་ཕྲུག་གི་ནོར་འཁྲུལ་ཡིན་པ་སོགས། མདོར་ན་ང་ཞེ་ལ་བཞག་པའི་ལྟ་བ་དང་འགལ་ཚེ་ཕ་རོལ་པོ་ནོར་འཁྲུལ་དུ་འཇོག་པས། དོན་དམ་པའི་ནོར་འཁྲུལ་གྱི་མཚན་གཞི་ཞིག་ཡོད་དམ། དཔེར་ན་གོང་དུ་དྲྭ་གྲོགས་འགས་རང་ངོ་འགེབས་ཕྱིར་གཞན་ལ་གང་དྲན་དྲན་གྱི་ཚིག་རྨ་འདེབས་རེས་བྱེད་པ་ཡང་ལྷ་ཆོས་མི་ཆོས་དང་མི་མཐུན་པའི་ནོར་འཁྲུལ་མིན་ནམ། སུ་ཞིག་འགྲིག་པར་འཇོག་གམ། མདོར་ན་འཇིག་རྟེན་འདིར་སྐྱེས་པ་ཁོ་ན་ནོར་འཁྲུལ་ཡིན་ཕྱིར། ཁྱོད་ཀྱིས་ནོར་འཁྲུལ་མ་ཡིན་པ་ཞིག་གཞན་ལ་ནོར་འཁྲུལ་ཡིན་སྲིད་ན། ངས་ནི་ནོར་འཁྲུལ་ཟེར་བར་ངོས་འཛིན་གསལ་པོ་ཞིག་བྱུང་མ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme