Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་བུ་གླིང་གར་མར་མེའི་ཁྲོམ་སྐོར་བྱས་པ།

Posted on 2011-10-282011-10-28 By ཁ་བརྡ་ 6 Comments on ནོར་བུ་གླིང་གར་མར་མེའི་ཁྲོམ་སྐོར་བྱས་པ།

img_1083
མཁོ་སྤྲོད་པ་སྤྱན་ཆབ།

སྤྱི་ཟླ༡༠ཚེས་༢༧ཉིན་ནོར་བུ་གླིང་གར་གནས་བསྡོད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཚེ་རིང་ལགས་གཙོས་རྒན་བློ་གྲོས་རྒྱ་མཚོ་མགོན་པོ་གསུམ་གྱིས་མ་སྐུལ་དང་བླང་གིས་ཚེས་༢༥ཉིན་རང་ལུས་མེར་མཆོད་བཏང་བའི་ཁམས་དཀར་མཛེས་དགོན་ཆེན་གྱི་གྲྭ་ཟླ་བ་ཚེ་རིང་ལགས་གཙོ་བྱས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་དང་གདུང་སེམས་མཉམ་སྐྱེད་དུ་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར་བཀོད་སྒྲིག་བྱས་འདུག

ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་ནོར་བུ་གླིང་གའི་གཙུག་ལག་ཁང་ནས་དབུ་འཛུགས་གནངས་ཏེ་དཔལ་སྟོད་རྒྱུད་གྲྭ་ཚང་བར་དུ་མར་མེའི་ཁྲོམ་སྐོར་བྱས་པ་དང་།དེར་མཉམ་ཞུགས་གནང་མཁན་བོད་མི་དམངས་སྤྱི་འཐུས་ཀྱི་ངོ་ཚབ་མི་སྣ་དང་། གཞོན་ནུ་ཚོགས་པའི་ངོ་ཚབ།བུད་མེད་ཆོགས་པའི་ངོ་ཚབ། གཙོ་ཆེར་ནོར་བུ་གླིང་ག་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་མི་གང་མང་དང་།འཆི་མེད་དགའ་ཚལ་གླིང་དང་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་གྲྭ་བཙུན་དང་བཙུན་མ་གང་མང་།ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡོངས་དང་ཉེ་འཁོར་གྱི་མི་དམངས་གང་མང་བཅས་ཁྱོན་མི་གྲངས་སུམ་བརྒྱ་སོན་པ་ཞིག་གིས་མགྲིན་གཅིག་དབྱངས་གཅིག་གིས་བྱང་ཆུབ་སེམས་མཆོག་མ་སྐྱོར་ནས་འདུ་རར་འཛོམས།

ཚོགས་ཐོག་ཏུ་བཀོད་སྒྲིག་པ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ལས་འགུལ་འདིའི་བྱུང་བ་དང་དགོས་པ་དམིགས་ཡུལ་གྱི་གཏམ་བཤད་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་མདོ་དབུས་ཁམས་གསུམ་ཀྱི་ཚབ་མཚོན་མི་སྣ་གསུམ་༼རྨོག་རུ་བསྟན་པ།ལ་ཐང་འཇམ་བཟོད། ཀརྨ་ཡེ་ཤེས།༽གྱི་ཚབ་ཏུ་ཀརྨ་ཡེ་ཤེས་ལགས་ཀྱིས་གཏམ་བཤད་དང་། ཀིརྟིའི་སྒྲོལ་དཀར་ལྷ་མོས་གཏམ་བཤད། དབུས་གཞོན་ནུའི་རིག་གཞུང་འགན་འཛིན་འཇིགས་མེད་ལགས་དང་བཅས་པས་གཏམ་བཤད་གཅིག་ལས་གཅིག་བརྗིད་གནངས་རྗེས་མཐར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་ལགས་ཀྱིས་གཏམ་བཤད་ཐུང་ངུ་བྱས་རྗེས་མི་མང་ཡོངས་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་ཚད་མེད་ཡོན་ཏན་མའི་བསྔོ་སྨོན་གྱིས་འཇུག་སྒྲིལ་བ་ལགས་སོ།།

གསར་འགྱུར།

Post navigation

Previous Post: སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ།
Next Post: བསམ་ཚུལ་ཡིན་དཱ།

Comments (6) on “ནོར་བུ་གླིང་གར་མར་མེའི་ཁྲོམ་སྐོར་བྱས་པ།”

  1. སྤྱན་ཆབ། says:
    2011-10-28 at 1:21 pm

    ཁར་ནུབ་ང་རང་ཡང་དངོས་སུ་སོང་བ་ཡིན་མོད་རང་ངོས་ནས་དེ་འདྲའི་མི་མང་པོ་ཞིག་མི་འདུག་བསམ་སོང་མོད་རྗེས་སུ་གྲོགས་པོ་ཚོས་གསུང་བར་གཞིག་ན་མི་གྲངས་ཆིག་སྟོང་མ་ཟིན་ཙམ་ཞིག་ཡོད་རབས་ཞེས་གསུང་བས་ན་དྲ་བདག་ལགས་ཀྱིས་དེ་ལྟར་བསྒྱུར་བཅོས་གཏོང་རོགས་ཞུ།

  2. ལྷ་མོ་སྐྱབས། says:
    2011-10-28 at 1:31 pm

    ཡི་རངས་བསྔགས་བརྗོད་ཞུ།
    “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །
    མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།།
    འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།།
    བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།”
    བྱང་ཆུབ་སེམས་མཆོག་དང་ལྷན་དུ་ཡིད་བཞིན་ནོར་བུའི་ལྗགས་རྩོམ་འདི་ཉིད་ཀྱང་ཧ་ཅང་གལ་ཆེ་སྙམ། དེ་སྔར་ང་ཚོས་མཐུན་ཚོགས་ཀྱིས་མར་མེ་ཁྲོམ་སྐོར་ཅིག་གནང་དུས་འདི་ཉིད་དབྱངས་སུ་གྱེར་བ་ཡིན། ཡིན་ན་ཡང་དར་སྤེལ་གཏོང་མཁན་བྱུང་མ་སོང།
    རྗེས་མ་ནས་མར་མེ་ཁྲོམ་སྐོར་དང་འཕྲེད་དར་སོགས་སུ་ཚིགས་བཅད་འདི་ཉིད་གང་མང་དར་སྤེལ་ཐུབ་རྒྱུ་ཧ་ཅང་གལ་ཆེ་བས་དེ་དོན་འབྲེལ་ཡོད་ལས་འགུལ་སྤེལ་མཁན་ཡོངས་ནས་ཐུགས་སྣང་ཡོང་བ་ཞུ།

  3. རྒྱུད་གྲྭ་བསྟན་འཛིན་ནས says:
    2011-10-28 at 5:09 pm

    སྤྱི་ཟླ་༡༠་ཚེས་༢༧་ཉིན་ནོར་བུ་གླིང་གར་གནས་བསྡོད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་མར་མེའི་ཁྲོམ་སྐོར་བཀོད་སྒྲིག་དེར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གྲྭ་མང་གསུམ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད་བཏུང་ཆུ་ཝུ་སིབ་ཁུ་ནག་རེ་མི་མང་ལ་སྦྱིན་བདག་བྱས་ཡོད།

  4. རང་མགོ says:
    2011-10-28 at 10:50 pm

    ཟིན་བྲིས་པ་ཤིག་གིས་ཡ་མངའ་བའི་མེ་བསྲེག་གཏོང་མཁན་ཞིག་གི་ཀློག་བརྙན་ཐུང་ཐུང་ཞིག་འདིར་བཞག་
    འདུག་པ་འདིས་ངེད་ཅག་ཚང་མི་སྐྱེད་བཟོས་སོང་། ངས་འདིར་བཤད་དགོས་དོན་༧གོང་ས་མཆོག་གི་སྤྱན་ལམ་དུ་འདི་འདྲ་མ་བསྟན་ན་བཟང་། པན་ཆེན་སྐུ་གོང་མ་ཡངཁོང་གི་སྐྭ་འཁོར་རྩིས་ཅན་འགའ་རླངས་འཁོར་ནས་བསད་པ་ཐོས་འབྲེལ།
    ང་མེད་ན་ཡང་བོད་དོན་ཡོད། ཁྱོད་ཀྱང་མེད་ནའང་བོད་དོན་འགྲིག་འགྲོ་རྒྱུ་རེད།
    འོན་ཀྱང་༧གོང་ས་མཆོག་་་་་་་་ཕྱི་ནང་ཀུན་ལ་མཁོ་བའི་དུས་རེད།

  5. རྨུ་ཐག་གི་བུ་རྒྱུད། says:
    2011-10-30 at 2:22 am

    རྩོམ་པ་པོ་ལགས། ༼སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་གྲྭ་བཙུན་དང་བཙུན་མ་གང་མང་།༽ ཟེར་སྲོལ་ལ་བལྟས་ན་སྒྲོལ་མ་གླིང་ལ་གྲྭ་བའང་ཡོད་པ་འདྲ། དེ་འདྲ་རེད་དམ།

  6. རྨུ་ཐག་གི་བུ་རྒྱུད། says:
    2011-10-31 at 2:07 am

    ཧེ་ཧེ་ཧེ། ད་ཡིན་ན་འབྲི་རྩལ་ཆེ་བ་ལ་དཔེ་རེད། འཆི་མེད་དགའ་ཚལ་གླིང་གི་གྲྭ་བཙུན་རྣམས་སྒྲོལ་མ་གླིང་གི་སྣེ་མོར་སྦྱར། སྒྲོལ་མ་གླིང་གི་བཙུན་མ་རྣམས་ཕར་ཙམ་དེད། ཧ་ཧ་ཧ། ཨ་ཅང་སྐུ་རྩེད་ཡིན། ༼འཆི་མེད་དགའ་ཚལ་གླིང་གི་གྲྭ་བ་དང་སྒྲོལ་མ་གླིང་གི་བཙུན་མ་༽ཞེས་བྲིས་ན་བདེ་བ་མི་འདུག་གམ། བསམ་འཆར་ཡིན་དཱ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme