Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་གླིང་། བོད་ཁྱིམ། སྨན་རྩིས་ཁང་སོགས་ཀྱི་རྩིས་ཁྲའི་གནས་སྟངས་ཞན་ཤོས་རེད།

Posted on 2015-03-252015-03-25 By ཁ་བརྡ 9 Comments on ནོར་གླིང་། བོད་ཁྱིམ། སྨན་རྩིས་ཁང་སོགས་ཀྱི་རྩིས་ཁྲའི་གནས་སྟངས་ཞན་ཤོས་རེད།

image༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་བསྒྲགས་པ་ལྟར་ན། སྔོན་ཆད་དང་བསྡུར་ན་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་རྩིས་ཁྲའི་གནས་སྟངས་ཇེ་བཟང་དུ་སོང་ཡོད་ཀྱང་། རང་དབང་ཅན་གྱི་སྡེ་ཚན་ཁག་ཅིག་གི་གནས་སྟངས་ད་དུང་ཤིན་ཏུ་ཞན་པོ་ཡིན་པའི་མཐོང་ཚོར་བྱུང་ཡོད་འདུག

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བརྒྱད་པ་སྟེ། དེ་རིང་སྔ་དྲོར་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་ཁག་གྲུབ་རྗེས། སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༦ པའི་སྙན་ཐོ་ཤོག་ངོས་ ༡༨༦ ཅན་ཞིག་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་།

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྙན་ཐོ་སྒྲོགས་སྦྱང་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་སྡེ་ཚན་ ༡༢༢ ཙམ་གྱི་རྩིས་ཁྲར་ཞིབ་འཇུག་བྱས་ཏེ་སྐྱོན་གནད་ ༢༡༠༨ ཙམ་ཤེས་རྟོགས་བྱུང་ཡོད་འདུག

སྙན་ཐོའི་ནང་ད་རེབ་ཞིབ་འཇུག་སྐབས་ཀྱི་སྤྱི་ཡོངས་མཐོང་ཚུལ་བཀོད་ཡོད་པའི་ནང་། འགའ་ཤས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་པ་གང་འཚམ་ཡོད་ཅིང་། ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་ཁྲོད་ནས་རྩིས་ཁྲའི་གནས་སྟངས་སྐྱོ་ཤོས་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆགས་ཡོད་པ་དང་། དེ་ནས་ངྷ་སྟེང་བོད་ཁྱིམ་དང་། སྨན་རྩིས་ཁང་སོགས་ཆགས་ཡོད་འདུག

ངྷ་སྟེང་བོད་ཁྱིམ་གྱི་རྩིས་ཁྲར་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་། “ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་རྩིས་ཁྲའི་གནས་སྟངས་ཞན་པོ་འདུག་པ་དང་། ལྷག་པར་དུ་བོད་ཁྱིམ་ལག་ཤེས་བཟོ་གྲྭའི་གནས་སྟངས་ཤིན་ཏུ་སྐྱོ་བོ་འདུག བོད་ཁྱིམ་ཁྱབ་ཁོངས་བྷེང་ལོར་གྲོང་ཁྱེར་ནང་དེབ་སྐྱེལ་ཡོད་པའི་བོད་ཁྱིམ་མཉམ་འབྲེལ་(TCV Credit Co-operative Society)མགོ་འཛུགས་བྱས་པ་ནས་བཟུང་ད་བར་རྩིས་ཞིབ་གནང་བ་བྱུང་མི་འདུག བྷེང་ལོར་ཉེ་འདབས་སུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་(Dalai lama Institute of Higher Education)གི་རྩིས་ཁྲར་ ༢༠༡༠ ནས་ ༢༠༡༣ བར་རྩིས་ཞིབ་ཟིན་འདུག་ཀྱང་། འདི་ག་ཚོགས་ཆུང་ལ་ཡིག་ཆ་འབྱོར་རིགས་མ་བྱུང་། གོང་གསལ་སྡེ་ཚན་གཉིས་ཐོག་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་ལས་སློབ་བདེ་དོན་མ་དངུལ་དང་། ལས་བྱེད་གསོག་དངུལ་གྱི་མ་དངུལ། ཕྲུ་གུའི་དངུལ་རྔན་སྡེ་ཚན་(རྩིས་ལོ་ ༢༠༡༡ དང་ ༢༠༡༢ ལོའི་རྩིས་ཁྲར་ཞིབ་འཇུག་ཟིན།) ཡང་བསྣན་ཏེ་རྩིས་ལོ་ ༢༠༡༤ ཟླ་ ༣ ཚེས་༣༡ བར་རྩིས་ཞིབ་འཕྲལ་མར་གནང་དགོས་པ་དང་། དེ་དག་ཟིན་རྗེས་གོང་གསལ་སྡེ་ཚན་གསུམ་གྱི་གནས་སྟངས་ཐོག་ཞིབ་འཇུག་སླད་གྲོས་ཚོགས་ནས་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་བཞག་དགོས་པའི་རྒྱབ་གཉེར་ཞུ།” ཞེས་སོགས་བཀོད་འདུག

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་ཡན་ལག་ཆོས་ནོར་མགྲོན་ཁང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ ལོའི་བར་གྱི་རྩིས་ཁྲར་ཞིབ་འཇུག་བྱས་པའི་ནང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་ཀར་འགལ་བའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་མ་ཟད། འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་མ་ཞུས་པར་ལས་དོན་བྱས་དང་དངུལ་འབོར་ཆེན་ཕར་གཏོང་ཚུར་ལེན་བྱས་པ། རྩིས་གསུབ་བཏང་བ་སོགས་ཀྱི་གནད་དོན་མང་པོ་ཡོད་འདུག་ལ། བོད་མིའི་སྒྲིག་འཛུགས་ལྷན་ཁང་བདུན་ལ་སྣུམ་འཁོར་ ༡༢ ལས་མེད་ཀྱང་ནོར་གླིང་དུ་སྣུམ་འཁོར་ ༡༡ ཙམ་ཡོད་པ་ནི་རྒྱས་སྤྲོས་ཀྱི་རྣམ་པ་ཡིན་པ་དང་། བཀའ་འཁྲོལ་མེད་པར་ཟླ་ཕོགས་ཚད་ལས་བརྒལ་བ་སྤར་བ། ཨ་སྒོར་ ༦༧༢༨༤ ཡི་འབབ་ཧིན་སྒོར་ ༢༨༢༥༩༣༣ ཙམ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་རྒྱབ་གཉེར་གཞིར་བཟུང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྩིས་བསུབ་བཀའ་འཁྲོལ་གནང་འདུག་ཀྱང་། ཉིན་དེ་ནི་བཀའ་ཁྲི་གསར་པས་དམ་འབུལ་ཞུས་པའི་ཉིན་མོར་འཁེལ་འདུག་སྟབས་རྩིས་བསུབ་བཀའ་འཁྲོལ་གནང་བ་འགྲིག་མིན་སོགས་འཁོད་འདུག

དེ་བཞིན་སྙན་ཐོའི་ནང་། “འགན་འཛིན་སྒྲོལ་མ་སྐྱབས་དང་བསོད་ནམས་ཆོས་འཛོམས་ཡེ་ཤེས་གཉིས་ནས་སྒེར་ཟས་གཞུང་གྲོན་དུ་བཏང་བ་དོ་བདག་སོ་སོས་འཕྲལ་དུ་སྒྲུབ་མཇལ་དགོས་རྒྱུ།” ཞེས་དང་། “ལས་བྱེད་སྒྲོལ་མ་སྐྱབས་ནས་སྒོར་ ༨༧༣༥༤༢ དང་། ཀིམ་ཡེ་ཤེས་ནས་སྒོར་ ༡༠༤༧༤༡༩ སྒེར་སྤྱོད་ཆེད་སྔ་འདོན་འཁྱེར་འདུག་པ་ནས་རྗེས་སུ་རྩིས་ཞིབ་བྱས་འཕྲོས་ད་ལྟ་སྒྲོལ་མ་སྐྱབས་ནས་ཡོང་བསྡད་སྒོར་ ༥༨༦༧༤།༦༧ དང་། ཀེམ་ཡེ་ཤེས་ནས་ཡོང་བསྡད་སྒོར་ ༢༩༠༥༣ བྱས་འདུག”། “བསོད་ནམས་ཆོས་འཛོམས་ཡེ་ཤེས་ཀྱི་ཟླ་རེའི་ཁང་གླ་སྒོར་ ༢༥༠༠༠ གཞུང་གྲོན་དུ་བཏང་བའི་ཐད། དོ་བདག་གི་ཁང་གླ་བསྡོམས་སྒོར་ ༣༡༢༥༠༠ བཏང་བ་དེ་དག་བསོད་ནམས་ཆོས་འཛོམས་ཡེ་ཤེས་ནས་ཕྱིར་སློག་དགོས་རྒྱུ་དང་། དེ་ལྟར་མ་ཐུབ་ཚེ་དབང་ལྡན་འགན་འཛིན་ནས་སྒྲུབ་འཇལ་དགོས་རྒྱུ།”ཞེས་སོགས་འཁོད་འདུག

དྷ་སྟེང་བོད་ཁྱིམ་ཡིག་ཚང་གི་ ༢༠༡༡ ནས་ ༢༠༡༢ ལོའི་བར་གྱི་རྩིས་ཁྲའི་ནང་སྒྲིག་གཞི་དང་འགལ་བ་དག་ནི། “བོད་ཁྱིམ་གྱི་སྒྲིག་གཞིའི་དགོངས་དོན་ལྟར་ལས་བྱེད་ཀྱི་ཕྲུ་གུ་ལོ་དྲུག་སོན་མཚམས་བོད་ཁྱིམ་སློབ་གྲྭ་གང་རུང་ཞིག་ནང་སློབ་འཇུག་དགོས་པ་ལས། སློབ་དོད་ཞུས་ཏེ་སློབ་གྲྭ་གཞན་དུ་བཏང་བ་སྒྲིག་འགལ་ལ་སོང་། སློབ་དོད་གནང་ཟིན་པ་དེ་དག་རྩིས་སྙན་ནང་ཐོ་གཞུང་བཏོན་འདུག་པ་ཁག་ནས་ཕྱིར་བསྡུ་དགོས་པ་མ་ཟད། སླད་མར་དེ་རིགས་མི་ཡོང་བ་དགོས་རྒྱུ།” ཞེས་བཀོད་འདུག དེ་བཞིན་བྷེང་ལོར་བོད་ཕྲུག་སྡོད་ཤག་དང་སློབ་ཡོན་སྡེ་ཚན་གྱི་ ༢༠༡༠ ནས་ ༢༠༡༣ ལོའི་བར་གྱི་རྩིས་ཁྲའི་ནང་། “ ཆོག་མཆན་མཚན་རྟགས་མེད་པར་འགྲོ་སོང་བཏང་བ་སྒོར་ ༡༠༡༧༠༠༦༣།༠༥ བྱས་འདུག་པ་ནི། འཛིན་སྐྱོང་དང་སྟངས་འཛིན་ཚགས་ཚུད་ཡེ་ནས་མེད་པའི་མངོན་རྟགས་གསལ་བོར་སོང་། བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཐོག་གནས་སྟངས་སྙན་གསེང་གིས་ཐག་གཅོད་གནང་དགོས།” ཞེས་བཀོད་འདུག

“ རྩིས་ཟུར་ནོར་བུ་ཚེ་རིང་ནས་སྒོར་ ༧༤༧༥༨༢།༠༠ སློབ་ཡོན་འཕར་ཐོལ་ཕྱིར་སྤྲོད་དང་སྒེར་བཟོས་བྱས་པའི་ཐད། འདི་ནི་ཤིན་ཏུ་ཚབས་ཆེའི་གནད་དོན་ཞིག་ལ་སོང་། བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཐོག་སྙན་གསེང་བཀའ་འཁྲོལ་གྱིས་མ་འོངས་གནང་ཕྱོགས་ཀྱི་ལམ་སྟོན་ཞུ་དགོས་པ་དང་། སློབ་ཡོན་འཕར་ཐོལ་འབྱུང་རྐྱེན་ཐད་རྩིས་ཞིབ་པས་བཏོན་པའི་ལམ་སྟོན་ཁག་ལག་བསྟར་གྱིས་མ་འོངས་དཀའ་རྙོག་འདི་རིགས་མི་ཡོང་བ་དམ་དོན་དགོས་རྒྱུ། དེ་ནས་སློབ་མར་སློབ་ཡོན་འཕར་ཐལ་སྤྲད་པ་བསྡོམས་སྒོར་ ༤༥༦༥༦༩།༠༠ ནས་སློབ་མ་ཁག་ཅིག་གིས་ཕྱིར་སློག་བྱུང་བ་སྒོར་ ༡༠༠༥༩༤།༠༠ འཐེན་འཕྲོས་ལྷག་བསྡད་སྒོར་ ༣༥༥༩༧༥།༠༠ དེ་དག་འབྲེལ་ཡོད་སློབ་མ་ཚོའི་ས་ནས་ཕྱིར་བཞེས་དགོས་པ་དང་། དེ་མིན་སློབ་ཡོན་སྒེར་བཟས་བྱས་པ་ཁྱོན་བསྡོམས་སྒོར་ ༢༩༡༠༡༣།༠༠ ནས་ད་བར་དོ་བདག་རྩིས་ཟུར་ནོར་བུ་ཚེ་རིང་གི་གསོག་དངུལ་ནས་གཅོག་འཐེན་དང་ཕྱིར་སློག་བྱུང་བ་བཅས་སྒོར་ ༤༦༡༢༣།༠༠ འཐེན་འཕྲོས་སྒོར་ ༢༤༤༨༩༠།༠༠ དེ་དག་འདི་མུར་ནར་འགྱངས་སུ་མ་བཞག་པར་གང་མགྱོགས་བསྡུ་བཞེས་ཀྱིས་རྩིས་གཙང་བཟོ་དགོས།”ཞེས་སོགས་འཁོད་འདུག

མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དྲུག་པ་དེ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་མངགས་ལྟར་བཙུགས་ཏེ། ཚོགས་ཆུང་གི་ཚོགས་མིར་ཐོག་མར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་བློ་བཟང་ཡེ་ཤེས་བཅས་བསྐོ་འཛུགས་གནང་ཡོད་ཀྱང་། རྗེས་སུ་སྤྱི་འཐུས་འཇམ་དབྱངས་བཟོད་པའི་དགོངས་པ་ཞུས་ཤུལ་དུ་སྤྱི་འཐུས་ཀརྨ་ཡེ་ཤེས་བསྐོས་ཏེ། ༢༠༡༤ ཟླ་ ༧ ཚེས་ ༡༡ ཉིན་ནས་ཞིབ་འཇུག་མགོ་འཛུགས་གནང་ཡོད་ཅིང་། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་བསྐོ་བཞག་གིས་འདས་པའི་ལོ་གཅིག་ལ་ཉེ་བའི་རིང་ཞིབ་འཇུག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: མོན་གྷོ་རུ་རྒྱ་གར་བའི་བཙན་གཡེམ།
Next Post: ༧དཔལ་རྒྱལ་དབང་ཀརྨ་པར་མཁས་དབང་གི་ཕྱག་ཁྱེར་ཕུལ་བ།

Comments (9) on “ནོར་གླིང་། བོད་ཁྱིམ། སྨན་རྩིས་ཁང་སོགས་ཀྱི་རྩིས་ཁྲའི་གནས་སྟངས་ཞན་ཤོས་རེད།”

  1. མངོན་སུམ་སྨྲ་བ། says:
    2015-03-25 at 12:20 am

    ལོ་ཤས་གོང་དུ་ནོར་གླིང་གི་འགན་འཛིན་སྒྲོལ་མ་སྐྱབས་ལ་ལྐོག་ཟ་དང་འབྲེལ་བའི་གླེང་རྙོག་འགའ་དྲ་རྒྱའི་ངོས་སུ་སླེབས་སོང་མོད་། དེ་དག་དཀྲོགས་གཏམ་རེད་བསམ་ནས་གཡུགས་བཞག་པ་ཡིན། དེ་རིང་ཞབས་འདྲེན་ཞུས་འདུག སྨན་རྩིས་ཁང་ལ་དངུལ་གྱི་གླེང་རྙོག་སྔོན་མ་ནས་བྱུང་ཡོད་པ་དེ་རེད་། བོད་ཁྱིམ་ཡང་ལ་དེ་ལྟར་ཡིན་ས་རེད་།

  2. བུ་རིག་པ་ཅན། says:
    2015-03-25 at 12:36 am

    སྔོན་མ་སྒྲོལ་མ་སྐྱབས་ཀྱིས་ཧིན་སྒོར་འབུམ་ ༡༠༠ ནས་ ༣༠༠ བར་གྱི་རྩིས་འཕྲོད་ཡོད་པ་མ་རེད་ཅེས་པའི་དཀྲོག་གཏམ་ཞིག་སྤྱི་ཚོགས་ནང་ཁྱབ་ཡོད་པ་རེད། ད་རེས་སྒྲོལ་མ་སྐྱབས་ཀྱིས་སྒོར་ ༥༨༦༧༤ ཙམ་རྩིས་ལྷག་ཡོད་པ་ཙམ་ལས་ལྐོག་ཟ་བྱས་མེད་པ་གསལ་བོ་ཆགས་སོང་བས་བོད་ཀྱི་དུས་བབ་གསར་འགོད་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་ཆད་འགན་འཛིན་སྒྲོལ་མ་སྐྱབས་ནོར་གླིང་ནས་འཐོན་སྐབས་མི་ཁག་ཅིག་གིས་ཆེད་དུ་སྤྱི་ཚོགས་ནང་དཀྲོགས་གཏམ་མང་པོ་བཟོས་ཡོད་པ་རེད།

  3. ཀརྨ་བློ་གསལ་ says:
    2015-03-25 at 5:39 am

    ཁྲི་ཟུར་ཟམ་གདོང་གྲ་རྐྱང་ཞིག་གིས་རྩིས་སུབ་གཏོང་དགོས་བྱུང་བ་འདི་ནི་འགྲོ་གྲོན་རྒྱ་ཆེན་པོ་ཞིག་ལྐོག་ཏུ་གཏོང་བཞིན་པ་མཚོན་ཡོད་པས། རིན་པོ་ཆེ་ཇི་ལྟ་བུ་ཞིག་ཡིན་ནའང་རྩིས་ཆད་ལ་འཕྲད་སྐབས་མཇལ་དགོས་པར་མ་ཟད། བཙན་བྱོལ་བོད་མིར་གསལ་བཤད་གནང་དགོས་ཀྱི་ཡོད་པ་མ་རེད་དམ། གཞན་དག་ལ་ཅི་ཁག ཁྲི་ཟུར་མཆོག་ཀྱང་རྩིས་ལ་འཕྲད་སྐབས་ཞུམ་འདུག་ག

  4. ཅོ་རི་ཉི་མ། says:
    2015-03-25 at 7:38 am

    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདི་ཕྱོགས་གང་ས་ནས་རུལ་སུངས་ཀྱི་དྲི་ངན་ཐུལ་ལེ་ཆགས་བསྡད་ཡོད་པར་བཙན་བྱོལ་བོད་མི་ཡོངས་ཀྱི་མཁྱེན་གསལ་རེད། དཔོན་ངན་ལྐོག་ཟ་རུལ་སུངས་མང་བའི་སྤྱི་ཚོགས་ནང་དུ་མི་དམངས་ལ་བདེ་སྐྱིད་ཡོང་ཐབས་མེད། མི་དམངས་ལ་དཔལ་འབྱོར་གྱི་ཁེ་ཕན་རེག་མི་སྲིད།

    བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་དཔོན་ངན་ལྐོག་ཟ་རུལ་སུངས་མང་བ་དང་། དྲང་བདེན་དང་རྒྱུ་འབྲས་སྲུང་མཁན་གྱི་དཔོན་པོ་ཉུང་བ་ཆགས་བསྡད་ཡོད། ལྐོག་ས་རུལ་སུངས་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད། དེ་དག་ནི་ལྐོག་ཟ་རུལ་སུངས་པ་དངོས་དང་རུལ་སུངས་ཚོའི་རྐུབ་གཡོག་རྒྱུགས་ནས་མི་ཚེ་བསྐྱེལ་མཁན་རྣམས་ཡིན།

    ལྐོག་ཟ་རུལ་སུངས་ཅན་གྱི་སྲིད་གཞུང་ནི་མི་དམངས་ལ་ཕན་ཐོགས་པའི་སྲིད་གཞུང་ཞིག་མིན། དཔོན་ངན་ལྐོག་ཟ་རུལ་སུངས་ཚོས་འབངས་མི་སེར་གྱི་ཁྲག་འཇིབ་སའི་སྒེར་སྤྱོད་ཁང་ཞིག་ཡིན། བོད་མི་དམངས་ཀྱིས་ངེས་པ་ཏུ་ལྐོག་ཟ་རུལ་སུངས་ཀྱི་དཔོན་ངན་རྣམས་ལ་འཐབ་རྩོད་བྱ་དགོས། རུལ་སུངས་འདི་དག་བོད་མི་དམངས་ཀྱི་དགྲ་བོ་ངོ་མ་ཡིན།

  5. བློ་བཟོད། says:
    2015-03-25 at 1:01 pm

    སྨན་རྩིས་ཁང་གི་འགན་འཛིན་གསར་པས་མང་གཙོའི་དབང་ཆ་གཅིག་བསྡུས་ཀྱིས་ཚོགས་པ་རང་བདག་ཅན་དུ་བསྒྱུར་ཡོད། ཁོས་རང་གི་ཚོགས་པ་བཙུགས་ནས་དམིགས་བསལ་འགན་འཛིན་ཟེར་བ་སོགས་ཀྱི་རང་མི་བསྡུ་རུབ་ཀྱིས་ཚོགས་པའི་སྒྲིགས་གཞི་ལས་རང་འདོད་ཀྱི་སྒྲིགས་གཞི་གལ་ཆེ་བར་བཟུང་ནས་ཡོད་བཞིན་པར་རྩིས་ཀྱི་རྙོག་ཁྲ་ཡོད་པ་གདོན་མི་ཟ།

  6. འབྲོང་བུ་སོག་ཚ། says:
    2015-03-25 at 4:14 pm

    ད་རྒྱ་ནག་ནས་ཞི་ཅིང་ཕིང་གདན་འདྲེན་ཞུས་ནས་རྩིས་ཞིབ་ངེས་པར་བྱེད་ན་མི་ལེགས་སམ། མི་འདི་ཚོའི་མི་སྔོན་ལ་གདོང་པ་ག་འདྲ་བསྟན་རྩིས་ཡོད་ན། ཟམ་གདོང་རིན་པོ་ཆེ་ཡང་སྤམ་ཚུགས་བཟུང་ནས་བཞུགས་པ་ལས་གསལ་བཤད་ངེས་པར་གནང་ན་ལེགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 1:52 am

    ་་་་་་་་་ སྔོན་ཆད་དང་བསྡུར་ན་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་རྩིས་ཁྲའི་གནས་སྟངས་ཇེ་བཟང་དུ་སོང་ཡོད་ཀྱང་། རང་དབང་ཅན་གྱི་སྡེ་ཚན་ཁག་ཅིག་གི་གནས་སྟངས་ད་དུང་ཤིན་ཏུ་ཞན་པོ་ཡིན་པའི་མཐོང་ཚོར་བྱུང་ཡོད་འདུག ་་་་་་་་་་

  8. གངས་ལྡོམ། says:
    2015-03-26 at 6:48 am

    བོད་པས་རྒྱ་ནག་གི་རུལ་སུངས་སྐོར་ལ་སྐྱོན་བརྗོད་བྱེད་པའི་སྔོན་ལ་་་་་དང་པོ་བཙན་བྱོལ་ནང་གི་རུལ་སུངས་རྣམས་གཙང་མ་བཟོ་དགོས།

  9. བསོད་ནམས། says:
    2015-03-26 at 7:20 am

    བཙན་བྱོལ་ནང་རྒྱལ་བ་ཡིད་བཞིན་ནོར་བུ་དབུ་བསྐོར་གཏོང་མཁན་གྱི་ཚོགས་པ་འདི་དག་ནང་གི་ལྐོག་ཟ་རུལ་སུངས་ཅན་ཚོར་ལས་འབྲས་ཀྱི་གཏོང་གི་མ་རེད་ལ། སྤྱི་འཐུས་ཚོས་འགན་འཁུར་སྒོ་ནས་གསལ་འདོན་འདིའདྲ་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme