Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཆེད་སྨོན་ལམ་མཆོད་འབུལ།

Posted on 2012-10-202012-10-20 By ཁ་བརྡ་ 7 Comments on ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཆེད་སྨོན་ལམ་མཆོད་འབུལ།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢།༠༠ ཡས་མས་སུ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དགོན་པའི་ཉེ་འགྲམ་གྱི་གཞུང་ལམ་སྟེང་། རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སོགས་སྐད་འབོད་ཞུས་ཏེ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་ཡོད་པར། དམ་པ་ཁོང་གི་དགེ་རྩར་དམིགས་པའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད།  ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ནོར་གླིང་དང་འདབས་འབྲེལ་དུ་གནས་སྡོད་མི་མང་བཅས་འཆི་མེད་དགའ་ཚལ་གླིང་དགོན་པར་འདུ་འཛོམས་ཀྱིས་སྨོན་ལམ་མཆོད་འབུལ་འཚོགས་ཏེ། སྨོན་ལམ་གསུང་འདོན་དང་། མཇུག་ཏུ་ཚོགས་པའི་ངོས་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་རིགས་ཕྱོགས་བསྡོམས་ཀྱིས་མང་ཚོགས་ལ་ངོ་སྤྲོད་གྲུབ་མཚམས། སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། དེ་ནས་བོད་ཀྱི་རྒྱལ་གླུ་བཏང་སྟེ་མཆོད་འབུལ་སྨོན་ལམ་མཇུག་སྒྲིན་ཞུས་ཡོད་པའི་གསར་གནས་སུ།

ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།

གསར་འགྱུར།

Post navigation

Previous Post: ཁ་བྱང་མེད་པའི་སྙན་ངག
Next Post: མེ་ལྕེ་དེའི་ཀློང་ན་ངའི་་་་་་་་་་་་ཕུ་ནུ་མིང་སྲིང་།

Comments (7) on “ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཆེད་སྨོན་ལམ་མཆོད་འབུལ།”

  1. དྲ་གཉིད་ says:
    2012-10-20 at 3:07 pm

    ཐུགས་རྗེ་ཆེ་ང་ཚོར་བྱེད་ཐབས་དེ་ལྟ་བུ་ལས་མི་འདུག་དངོས་གནས་བོད་མའི་ལས་དབང་།།

  2. དྲ་གཉིད་ says:
    2012-10-20 at 3:32 pm

    བོད་མིའི་ལས་དབང་ལ་བཅོས་རོགས།།

  3. མགོན་པོ། says:
    2012-10-21 at 4:17 am

    འཆི་མེད་དགའ་ཚལ་གླིང་ཟེར་བ་ཅི་ཞིག་རེད་དམ།

  4. གངས་ཕྲུག says:
    2012-10-21 at 8:56 am

    འཆི་མེད་དགའ་ཚལ་གླིང་ཟེར་བ་དེ་ནོར་གླིང་ཉེ་འཁོར་དུ་ཡོད་པའི་ཁམས་སྤྲུལ་རིན་པོ་ཆེའི་དགོན་པ་རེད་དོ

  5. བོད་ཀྱི་བུ། says:
    2012-10-21 at 1:09 pm

    རྒྱལ་གཅེས་དཔའ་བོར་རྗེས་དྲན་བྱས་པ་འདི་དགའ་བསུ་ཞུ། དུས་འདིར་ངས་བོད་མི་ཚོར་ཞུ་རྒྱུ་ཞིག་ལ་ཨེ་ཤ་ཡའི་ཨ་མདོ་སྐད་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ཟེར་བ་དེའི་གསར་འགྱུར་མང་བོ་ཞིག་ཁོས་བོད་ནང་ནས་རག་ཚུལ་རྫུན་བཟོས་བྱས་ཏེ་སྒོར་མོ་རང་གི་ཆེད་དུ་ས་གནས་མི་མང་ལས་བརྒལ་ནས་ལམ་སེང་ཡིན་མིན་གནས་ཚུལ་མང་བོ་ཞིག་སྤེལ་གི་འདུག དེ་ལ་དོགས་ཟོན་དང་གཟབ་གཟབ་བྱེད་དགོས།

  6. སྦྲ་དཔལ་ལྡན། says:
    2012-10-22 at 8:51 am

    ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་ཐུགས་རྗེ་ཆེ། འོན་ཀྱང་། ཁ་བརྡ་ཚང་དང་ཕ་ཡུལ་སོགས་ཀྱིས་དཔའ་བོ་དོན་འགྲུབ་ལབ་འདུག་ལ་ སྐུ་ཉིད་ཚོས་ལྷ་མོ་སྐྱབས་ཞེས་བཀོད་འདུག་པས་ཁ་གསལ་ཞིག་བཟོ་རོགས་ཞུ།

  7. གངས་ཕྲུག says:
    2012-10-22 at 12:22 pm

    སྦྲ་དཔལ་ལྡན་ལགས།
    སྤྱི་ཚེས་༢༠་ཉིན་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཀྱིས་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པ་ཡོད་པ་དང་
    དེ་རིང་སྤྱི་ཚེས་༢༢ཉིན་རྒྱལ་གཅེས་དཔའ་བོ་དོན་འགྲུབ་ལགས་ཀྱིས་རང་ལུས་བསྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་་་་་་་་་་་་གསལ་བཤད་ཙམ་ཡིན།བོད་ཕྱི་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་བ་རེད་།་བྱས་ཙམ་སྐུ་ཞབས་ཁྱོད་རང་གིས་དེ་རིང་སྤྱི་
    ཚེས་ག་ཚོད་ཡིན་མིན་མ་ཤེས་ན་གསལ་འགྱུར་ལ་ཡག་པོ་གཟིགས་ནས་མཆན་འབྲི་བར་དགའ་བསུ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme