Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནེའུ་ཡོག་དང་ནེའུ་ཇར་སེའི་ས་གནས་བོད་ཀྱི་གཞོན་ལྷན་སྐོར།

Posted on 2015-12-272015-12-27 By ཁ་བརྡ 10 Comments on ནེའུ་ཡོག་དང་ནེའུ་ཇར་སེའི་ས་གནས་བོད་ཀྱི་གཞོན་ལྷན་སྐོར།

གློག་བརྙན་།

Post navigation

Previous Post: སོག་པོ་སྟག་ཁྲིད།
Next Post: ༼སྨོན་ལམ་ཚིག་མཛོད་ཆེན་མོ༽སྒྲིག་མཁན་ཚོར་གསོལ་བ་འདེབས་པ།

Comments (10) on “ནེའུ་ཡོག་དང་ནེའུ་ཇར་སེའི་ས་གནས་བོད་ཀྱི་གཞོན་ལྷན་སྐོར།”

  1. ཁྱུང་སེ། says:
    2015-12-27 at 10:07 pm

    བཤད་མ་བཤད་མི་འདུག གཞོན་ལྷན་ཚོགས་མི་མིན་པའི་དབུ་ལྷན་ཚོགས་མི་ཁྱུ་ཅིག་བསྐོངས་ནས་གཞོན་ལྷན་གྱི་ཐག་ཆོད་བྱེད་པ་ནི་ངོ་མ་ཁྲིམས་འགལ་ཛབ་ཆེན་རེད།། ཨ་རིའི་ཁྲིམས་ཁང་ལ་གཏུག་དགོས་པ་རེད།། གཞོན་ལྷན་སྲ་བརྟན་ཞིག་དགོས་ན་ཀླུ་མཁར་བྱམས་ལ་སོགས་རང་བཙན་ལྟ་གྲུབ་པའི་མི་སྣར་བརྒྱབ་སྐྱོར་བྱེད་དགོས་པ་རེད་དེ་མིན་གཞོན་ལྷན་དེ་ཁ་ཙམ་དང་མིང་ཙམ་རང་རེད།། ད་ལན་ཀླུ་མཁར་བྱམས་ལ་བརྒྱབ་སྐྱོར་མ་བྱས་པ་དེ་ངོ་གཞོན་ལྷན་འདི་ལ་ཡིད་ཐང་ཆད་སོང།། གོ་སྐབས་བཟང་པོ་དེ་ཤོར་སོང་བ་རེད།།

  2. ཤར་ཕྱོགས་ཁུག་རྟ། says:
    2015-12-28 at 1:05 am

    ༄།། མང་གཙོ་ཕྱག་བསྟར་གནང་སྟངས་དེ་འདྲ་རེད།

    མི་མང་གི་མངོན་འདོད་གཞིར་བཟུང་ཁྲིམས་སྒྲིག་གིས་དབང་བསྒྱུར་བའི་ལམ་ལུགས་ལ་མང་གཙོ་ཟེར་ཞིང་། ཁྲིམས་སྒྲིག་དེས་མི་མང་ལ་ཚུར་དབང་བསྒྱུར་དགོས་པ་ནང་བཞིན། ཡུལ་དུས་གནས་བབ་དང་གནས་ཚུལ་དམིགས་བསལ་ཅན་གྱི་འོག་ཁྲིམས་སྒྲིག་དེར་མི་མང་གིས་དུས་ནས་དུས་སུ་བསྐྱར་ཞིབ་བསྐྱར་བཅོས་གནང་དགོས་པ་སྨྲས་མེད་མ་ཟད། ཡོངས་སུ་རྩིས་མེད། ཡོངས་སུ་བརྗེ་བསྒྱུར་སོགས་སྣ་ཚོགས་ཤིག་ཡོང་ཆོག་པ་ནི། མི་མང་མང་གཙོའི་ལམ་ལུགས་ཀྱི་ཁྱད་ཡོན་གོང་ན་མེད་པ་དེ་ཡིན་པས།

    ནེའུ་ཡོག་དང་ནེའུ་ཇེ་སིར་ཁ་སང་སྐོང་འཚོགས་གནང་བའི་མི་མང་གི་ཚོགས་འདུ་དེ་ནི་ཡང་དག་པའི་མང་གཙོའི་རིང་ལུགས་དོན་དམ་པར་ཕྱག་བསྟར་གནང་བའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་མི་གནང་ཐབས་མེད་ཡིན་ལ། ངོས་འཛིན་གནང་འདོད་མེད་པར་བསྙད་པ་དག་ལ་རྒྱུ་མཚན་ཡང་དག་མེད་པའང་ཞུ་ག་ལ་དགོས།

    ས་གནས་གཞོན་ནུའི་རྒྱུན་ལས་མི་ ༡༡ གི་ཤ་ཉེ་སྤུན་མཆེད་མི་གྲངས ༣༦༠ སླེབས་ཏེ་འོས་ཤོག་བླུགས་འདུག་ཅེས་ལབ་ན་བོད་མི་ས་ཡ་དྲུག་ཡིད་ཆེས་ཡོང་རྒྱུ་དཀའ་ནའང་། ད་ལམ་གསར་གནས་ཁག་ཏུ་གནས་ཚུལ་ཁུངས་ལྡན་ཐོན་གསལ་ལྟར་ན་ཁྱོན་འོས་ཤོག་འཕེན་མཁན་ ༣༦༠ བྱུང་ཡོད་པ་ལས་ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་གནས་དགོས་པར་རྒྱབ་སྐྱོར་གནང་མཁན་ ༣༤༢ དང་། ས་གནས་མི་དགོས་པར་འོས་ ༡༦ ། འོས་ཤོག་ངོས་སྟོང་པར་བཞག་ཡོད་ ༢ རྩིས་མེད་ཕྱིན་བཅས་བྱུང་ཡོད་སྟབས། ནེའུ་ཡོག་དང་ནེའུ་ཇིར་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་རྒྱུན་ལས་རྣམ་པ་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

    ནེའུ་ཡོག་དང་ནེའུ་ཇི་སིའི་སྐབས་འདིའི་ས་གནས་རྒྱུན་ལས་མི་གྲངས་བཅུ་གཅིག་གིས་བོད་སྤྱི་བའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་དམ་ཚིག་ལ་རྩིས་མེད་གཏོང་མཁན་རེ་ཟུང་ཡོད་པ་དང་། བྱེ་བྲག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གཏོར་བཤིག་གཏོང་མཁན་གྱི་མི་སྣ་བློ་མ་སད་པ་རེ་འགའ་ཡོད་པ་བཅས་ངོས་འཛིན་ཐེར་འདོན་དང་འབྲེལ། དེ་དག་གིས་བྱས་ཉེས་ལ་ཐ་ཚིག་ནན་པོ་བསྒྲགས་ཏེ། མི་རབས་རྒན་པ་ཚོའི་བྱས་རྗེས་དང་། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཛུགས་དགོས་པའི་དམིགས་ཡུལ་གོང་ན་མེད་པ་རྣམ་དཔྱོད་ལྡན་པས་གསལ་བསྒྲགས་གནང་བ་ནི་དངོས་དོན་རང་དུའང་རླབས་ཆེན་སྤྱི་ཕན་གྱི་བྱས་རྗེས་ཤིག་ཆགས་ཡོད་པ་ཧ་ཅང་གསལ་བོ་རེད་འདུག་པས། འདི་ནས་ཀྱང་བསྟོད་བསྔགས་དང་ཡི་རངས་ཞུ་བཞིན་ཡོད།

    ཁོ་བོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རབས་དང་། དམིགས་ཡུལ་དོན་ཚན་བཞི། གྲོས་ཆོད་རིམ་པ་ཁག་ལ་མྱང་ཞིབ་བྱས་པ་ལྟར་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་དོན་དམིགས་ཡུལ་༼༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞིའི་འོག་ཤར་བསྐྱོད་ཀྱིས་དབུ་འོག་དཔུང་འདེགས་བྱ་རྒྱུ་ཉག་ཅིག་༽གཙོ་བོར་བཟུང་ཡོད་པ་གསལ་བོ་རེད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་བའི་སྐད་ཆ་དེ་སྐབས་དེའི་གཞུང་གི་ལངས་ཕྱོགས་དང་བསྟུན་ཏེ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་ཙམ་ལས། དམིགས་བསལ་དུས་དང་གནས་སྐབས་གང་དུའང་རང་བཙན་འདོར་གྱི་མིན་ཞེས་པའི་དོན་མིན་པའང་བློ་གསལ་རྒན་གཞོན་སེར་སྐྱ་ཕོ་མོ་ཚོས་ངེས་པར་དུ་མཁྱེན་རྟོགས་གསལ་བོ་གནང་དགོས་པ་རེད། དེ་ལྟར་མིན་པར་བསྙད་པ་རེ་ཟུང་ཡོང་ངེས་ཀྱང་དེ་དག་ལ་རིག་པས་མི་གནོད་ཅིང་། རྒྱུ་མཚན་ལྡན་པའི་གསལ་བཤད་ཞུ་རྒྱུ་མེད་པ་གསལ་བོ་ཡིན་པའང་འདིར་ཞོར་དུ་གསལ་བོ་ཞུ་འདོད་བྱུང་།

    ༧གོང་ས་ལྔ་བ་ཆེན་པོས། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇིག་པ་མ་ལུས་པ།། ཞེས་གསུང་བ་ལྟར། དུས་འདིར་བོད་བསྟན་སྲིད་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་བསམ་སྦྱོར་ངན་པའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་རེ་འགའ་ཡོད་པ་ཀུན་གསལ་ལྟར། གཟུགས་མེད་དམ་སྲི་དོལ་རྒྱལ་དང་དེ་ཁ་ཁྱེར་ཚོས་རྒྱལ་ཕུང་དམངས་གསོད་ཀྱི་ལས་ཅི་བྱས་མཐོང་གསལ་འདི་བཞིན་དང་། དེ་ལས་ཚབས་ཆེ་བ་ཞིག་ནི། བསམ་སྦྱོར་ངན་པའི་ནག་ཕྱོགས་གཟུགས་ཅན་པ་རེ་ཟུང་གིས་རང་བཙན་ཁ་ཁྱེར་གྱིས། མུན་ནག་ནང་གཏོར་བཤིག་གཏོང་ཅི་ཐུབ་ཀྱི་ལྐོག་གྲོས་འཆར་གཞི་ལྡན་པ་བྱས་ཏེ། མི་མང་བག་མི་ཕེབས་པ་བཟོས་དང་བཟོ་འཆར་རྣམས་དུས་ལྟར་ངོས་འཛིན་མཐིལ་བརྟོལ་གྱིས་དགྲ་གཉེན་མགོན་གསུམ་ནོར་མེད་གནང་དགོས་པ་ང་ལྟ་བུས་ཞུ་ག་ལ་དགོས་ལ། དེ་ལྟར་གནང་ན་ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཅེས་པའི་བོད་ཀྱི་ཡབ་མེས་ཚོའི་སྤྱི་སྡོམ་དེ་ང་ཚོས་མྱངས་མི་དགོས་པའང་གསལ་བོ་རེད།

    ང་ཚོ་བོད་མི་ཚོ་གཞན་ཡུལ་ལུང་པར་ལྟོ་རྒྱབ་ཀྱི་གནད་དོན་ཕར་ཞོག ཆབ་སྲིད་དང་མང་གཙོའི་རང་དབང་ཚད་མཐོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་དག་མཐར་གཏུགས་ན། བོད་མི་ས་ཡ་དྲུག་གི་གཅེས་པའི་སྲོག་དང་དཔྲལ་བའི་མིག བོད་མི་རིགས་ཀྱི་སྲོག་ཤིང་༧གོང་ས་མཆོག་གི་བཀའ་྄དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པའང་ཚང་མས་གནད་འགག་གི་སྐབས་འདི་འདྲར། དེ་བས་ཀྱང་ཡིད་ལ་དྲན་དགོས་པ། དམ་སྲི་དོལ་རྒྱལ་དང་མཚན་སྨོད་ཞུ་མཁན་རེ་གཉིས་བཅས་ནག་ཕྱོགས་གཟུགས་ཅན་གཟུགས་མེད་རེ་འགའ་ཡིན་ན་མ་གཏོགས་ཞུ་མི་དགོས་པའང་ཞོར་དུ་ནན་བརྗོད་ཞུ་འདོད་བྱུང་། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
    ༢༠༡༥། ༡༢། ༢༧། ཉིན།།

  3. ཚེ་རིང་ says:
    2015-12-28 at 2:16 am

    ཧ་ཅང་ཡག་པོ་གནང་འདུག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་འོན་ཀྱང་ཆུ་བཞི་སྒང་དྲུག་གི་མི་འཐུས་ཡིན་ཟེར་མཁན་རྣམས་ལ་ཟབ་ཟབ་གནང་རོག་གནང།

  4. ལྷ་སྲས་དར་མ། says:
    2015-12-28 at 4:45 am

    རྒྱ་འདྲེ་ཟེར་བའི་དམ་སྲི་གཟུགས་ཅན་ཤར་ཁུག་ཁྱེད་རང་དང་གཟུགས་མེད་དོལ་རྒྱལ་གཉིས་བསྡུར་ན་སྲང་གང་གང་རེད། བཀའ་ལུང་དེ་ཡང་དེ་མཚུངས་སུ་གོ་། ཉག་རེ་ཉོག་རེ་མང་པོ་བྲིས་ན་གང་ཡང་མི་ཡོང་། གོ་བ་གྱིས།

  5. ལྷ།བྱ་འཕུར་མ། says:
    2015-12-28 at 4:48 am

    ཕྱིར་འབུད་ཟིན་པའི་ས་གཞོན་ཚོགས་གཙོས་བར་སྐབས་སྒོ་བརྒྱབ་ཟིན་པའི་གཞོན་ལྷན་གྱི་མིང་དང་ལས་རྟགས་སོགས་བེད་སྤྱོད་བཏང་བ་ཁྲིམས་འགལ་ཡིན་པ་ད་རུང་དམངས་གཙོ་རེད་ཟེར་གྱི་ཡོད་དམ། གཞོན་ནུའི་མིང་མ་འཁྱེར་བའི་ཐོག་ནས་ཚོགས་འདུ་འཚོགས་པ་དང་ཚོགས་པ་གསར་འཛུགས་བྱེད་ན་འདྲ་དེ་ནི་དམངས་གཙོའི་ཁེ་དབང་རེད།

    དབུས་གཞོན་ལྷན་གྱི་ཆོག་མཆན་མེད་པའི་གཞོན་ལྷན་གྱི་མིང་དང་ལས་རྟགས་བེད་སྤྱོད་བཏང་སྟེ། མི་མང་ལ་ཚོགས་འདུ་སྐོང་བ་ངོ་རྒོལ་ཡོད།

    ལྷག་བསམ་དང་འཇོན་པོ་ཡོད་ན་སོ་སོའི་ལངས་ཕྱོགས་དང་མཐུན་པའི་ཚོགས་པ་གསར་འཛུགས་བྱེད་པར་དགའ་བསུ་ཡོད།

  6. པདྨ says:
    2015-12-28 at 5:12 am

    ནེའུ་ཡོག་གི་ཚོགས་པ་ཡག་པོ་འདུག གཞོན་ནུ་དབུ་མའི་ཚོགས་པ་བཤད་ན་ཡག་ས་རེད། ད་ཐེངས་དབུས་གཞུང་ནས་ནོར་བ་ཤོར་སོང་བ་གསལ་བོ་ཆགས་སོང་། དབུས་ཚོགས་མི་རྣམས་དགོངས་པ་ཞུ་དགོས་པར་རེད་དྲན། གང་ལྟར་བདེན་པར་རྒྱལ་བར་གྱུར་ཅིག།

  7. རྒྱལ་མཚན། says:
    2015-12-28 at 9:28 am

    ནེའུ་ཡོག་དང་ནེའུ་ཇ་སེས་ཁུལ་བོད་མི་གནས་བསྡོད་གྲངས་འབོར༡༥༠༠༠ལས་ལྷག་ཡོད་རེད་དེས་ནང་ནས་་་་བུ་མེད་ཚོགས་པའི་རྨོ་འགའ་ཞིག་འཁྲུམ་འགའ་གི་ཐག་ཆོད་ལ་་་་ནེའུ་ཡོག་གི་མི་མང་གི་ཐག་ཆོད་ངོས་འཛིན་མ་གནང་རོགས་་་་ཚོགས་འདུས་གི་ཚོགས་མི་རྒྱ་ཆ་༩༥བུ་མེད་ཚོགས་པའི་རྨོ་འགའ་ཞིག་གཟིག་གནང་དང་་་་ཧཧཧཧཧ

  8. རྒྱལ་མཚན། says:
    2015-12-28 at 9:30 am

    ནེའུ་ཡོག་དང་ནེའུ་ཇེ་སེའུ་ཁུལ་བོད་མི་གནས་བསྡོད་གྲངས་འབོར་༡༥༠༠༠ལྷག་ཡོད་རེད་དེས་ནང་ནས་བུ་མེད་ཚོགས་པའི་རྨོ་འགའ་ཞིག་གི་ས་གནས་གཞོན་ནུ་ལ་རྒྱབ་བཅོལ་གནང་བ་དེ་་་་ནེའུཡོག་གི་མི་མང་གི་ཐག་ཆོད་ལ་ངོ་འཛིན་མ་གནང་རོགས་་་ས་གནས་བུ་མེད་འགའ་ཞིག་གི་ཐག་ཆོད་ལ་ངོས་འཛིན་གནང་ན་ཕལ་ཆེ་ཆོག་་་

  9. རིག་གྲོལ། says:
    2015-12-28 at 1:47 pm

    དབུས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ལྔ་ཨ་རི་ནས་བོར་བརླག་ཏུ་འགྲོ་ཉེན་འདུག་པས་་་ཞབས་རིམ་དེ་གལ་མི་ཆེའམ། ཧེ་ཧེ་་་

  10. བསྟན་རྣམ། says:
    2015-12-30 at 4:21 am

    དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་མྱུར་བ་མྱུར་དུ་དགོངས་པ་ཞུ་དགོས། གལ་ཏེ་མུ་མཐུད་དུ་གླེང་རྙོག་བཟོས་ཚེ་གཞོན་ནུ་ལྷན་ཚོགས་ཀྱི་མ་འོངས་པའི་མདུན་ལམ་ལ་གནོད་པ་ཡོང་རྒྱུ་ཡིན་པ་མ་ཟད། རྡ་རམ་ས་ལ་དང་ལྷོ་གཞིས་ཁག་གི་མི་མང་གིས་ངོ་རྒོལ་བྱས་ཏེ་ཚོགས་པར་མཇུག་འབྲས་ངན་པ་ཐོན་ཚེ་དེའི་འགན་ད་ལྟའི་རྒྱུན་ལས་རྣམས་ཀྱིས་ཁུར་དགོས་རེད་སྙམ། དེ་མིན་དབུས་རྒྱུན་ལས་རྣམས་ཀྱིས་དབུས་ཀྱི་ཚོགས་མི་ལྔ་ཨ་རིར་འགྲོ་དགོས་པའི་རྒྱུ་མཚན་གསལ་ཐག་ཆོད་ཅིག་དང་། མགྲོན་ཤོག་གཏོང་མཁན་དང་འགྲོ་སོང་གཏོང་མཁན་སུ་ཡིན་མི་མང་ལ་ལན་གསལ་པོ་ཞིག་དགོས་ཀྱི་ཡོད། གཞོན་ནུ་ལྷན་ཚོགས་ལ་ཡོད་པའི་རྒྱུ་དངོས་རྣམས་མི་མང་གིས་ཞལ་འདེབས་སོགས་སྤྲད་པ་ལས་བྱུང་བ་ཡིན་པས་དེའི་བདག་པོ་མི་མང་ཡིན་པ་ལས་དབུས་རྒྱུན་ལས་ཚོར་དབང་བ་ཞིག་མ་རེད། ཞིབ་ཏུ་བསམ་བློ་བཏང་ན་མ་གཏོགས་རྙོག་གླེང་ཆེ་རུ་སོང་ཚེ་ཚོགས་པ་གནས་མིན་ལའང་ཉེན་ཁ་ཆེན་པོ་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme