Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་པའི་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མཁན་གྱི་བུད་མེད་རྩོམ་པ་པོ་འགའ།

Posted on 2020-10-05 By ཁ་བརྡ 1 Comment on ནུབ་ཕྱོགས་པའི་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མཁན་གྱི་བུད་མེད་རྩོམ་པ་པོ་འགའ།

གངས་དཀར་སེམས་ཀྱིས་སྒྲིག་སྒྱུར་བྱས།

མཱ་རི་ཞེ་ལི་ Mary Shelley ནི་མཚན་ཉིད་རིག་པའི་མཁས་དབང་དང་བུད་མེད་རིང་ལུགས་པ་མཱ་རི་ཨཱོ་སི་ཐོང་ Mary Wollstonecraft གི་བུ་མོ་རེད། གཅིག་བྱས་ན་འཇིག་རྟེན་འདིར་མི་རྣམས་ཀྱིས་མོའི་སྐོར་ཤེས་ཆེ་བ་ནི་མོའི་གྷོ་ཐི་ཁི་ Gothic ལུགས་ཀྱི་བརྩམས་སྒྲུང་ཧྥུའུ་རན་ཁཱིན་སི་ཐིན། (Frankenstein)ཞེས་པ་དེ་ཡིན་སྲིད། འོན་ཀྱང་མཱ་རི་ཞེ་ལིའི་ལེགས་སྐྱེས་དེ་ཙམ་གྱི་མི་ཚད། མོས་ད་དུང་དུས་རབས་ ༡༨ པའི་ཨཱིན་གྷི་ལན་ཊི་ England སྲོལ་རྒྱུན་འཆར་ཡན་རིང་ལུགས་པའི་ས་མཚམས་བརྒལ་ཐུབ་སྟེ་གྷོ་ཐི་ཁིའི་ལུགས་ཀྱི་བརྩམས་སྒྲུང་འཕེལ་རྒྱས་ལ་བསྐུལ་འདེགས་བཏང་ཡོད་པ་རེད། མོས་རྩོམ་འབྲིའི་ལམ་ནས་མུན་སེལ་ལས་འགུལ་ Enlightenment གྱི་ལྟ་བར་དགག་པ་རྒྱག་པ་དང་། ད་དུང་མི་རྣམས་ལ་སྲོལ་རྒྱུན་གྱི་ཕོ་མོའི་འབྲེལ་བ་ཐད་ལ་དོགས་སློང་བྱས་ཡོད་པ་རེད། དེང་བར་བུད་མེད་རིང་ལུགས་པའི་རྩོམ་རིག་གི་དགག་རྩོམ་དང་རྩོམ་རིག་ཞིབ་འཇུག་ཚང་མ་ད་དུང་ཡང་མོའི་བརྩམས་ཆོས་ཀྱི་ནང་དོན་དག་བསྐོར་ནས་འཕེལ་རྒྱས་འགྲོ་བཞིན་ཡོད།

ཨཱེ་མི་ལི་ཊི་གྷི་སོན་ Emily Dickinson ནི་ཨ་རིའི་ཆེས་རླབས་ཆེན་དང་མི་རྣམས་ཀྱིས་དགའ་བསུ་ཐོབ་པའི་སྙན་ངག་པ་གྲལ་ཞིག་རེད། མོས་བརྩམས་པའི་སྙན་ངག་ཕྱོགས་བསྒྲིགས།(The Complete Poems) ཅེས་པ་ཞིག་ཡོད། མོའི་མི་ཚེའི་ནང་ཕལ་ཆེར་སྙན་ངག་བསྡོམས་ ༢༠༠༠ བྲིས་ཡོད་པ་རེད། མོ་རང་རྒྱུན་དུ་ནས་ཁེར་རྐྱང་ཁུ་སིམ་མེར་གཞན་ལ་ཡིབ་སྡོད་པའི་འཚོ་བ་བསྐྱེལ་གྱི་ཡོད་པར་བརྟེན། མོའི་སྙན་རྩོམ་མང་ཆེར་མོ་རང་འདས་གྲོངས་སོང་རྗེས་གཞི་ནས་འགྲེམས་སྤེལ་ཐུབ་པ་བྱུང་། སྙན་ངག་དེ་དག་སྤྱི་ཚོགས་སུ་སྤེལ་བ་ཙམ་གྱིས་མོའི་རྩོམ་འབྲིའི་བློ་རྒྱ་ཆེན་པོ་དང་ཡ་མཚན་དངོས་བྱུང་ལྟ་བུའི་ལུགས་ཀྱིས་རྩོམ་རིག་སྡེ་ཚོགས་ནས་བསྟོད་བསྔགས་ཐོབ་པར་བྱས། མོས་མོ་དང་དུས་རབས་གཅིག་མཚུངས་ཀྱི་སྙན་ངག་པ་དང་ཁྱོན་ནས་མི་འདྲ་བའི་ལུགས་ཀྱིས་སྤྱི་ཁྱབ་ཀྱི་བརྗོད་གཞིར་འཚོལ་སྙེགས་བྱས། དཔེར་ན་ཚེ་སྲོག་དང་བརྩེ་དུང་། ཕམ་ཁ་ལྟ་བུར་འཚོལ་སྙེགས་བྱས། དེ་རྗེས་སྙན་ངག་པའི་མི་རབས་རིམ་བརྒྱུད་ཀྱིས་མོའི་སྙན་ངག་ནས་སོ་སོར་བསྐུལ་སློང་རེ་རག་ཐབས་བྱེད་སྲོལ་ཡོད་པ་རེད།

མཱ་རི་ཝོ་སི་ཐོམ་ཁིར་ཧྥུ་ཐི་ Mary Wollstonecraft ནི་སྤྱི་བཏང་མི་རྣམས་ཀྱིས་བུད་མེད་རིང་ལུགས་པ་གསར་གཏོད་ཀྱི་ཡུམ་ཆེན་ལ་ངོས་འཛིན་དང་། ཡང་ན་བུད་མེད་རིང་ལུགས་ཀྱི་ལས་འགུལ་གསར་གཏོད་ཀྱི་མི་སྣ་ཐོག་མ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མོས་བརྩམས་ཆོས་བུད་མེད་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ།(A Vindication of the Rights of Woman) ཅེས་པའི་ནང་བུད་མེད་བཅིང་འགྲོལ་དང་བུད་མེད་ཀྱི་ཤེས་བྱ་སློབ་གསོའི་ཐོབ་དབང་ཐོག་ལ་ཧ་ཅང་ནུས་ལྡན་གྱི་རྟོགས་ཞིབ་བྱས་ཡོད་པ་རེད། དེང་སྐབས་སུ་མི་རྣམས་ནས་མོ་ལ་དེང་རབས་ཀྱི་བུད་མེད་དཔའ་བོ་ཟེར་བའི་མཚན་སྙན་བཏགས་ཡོད་པ་དང་། མོས་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་ཐད་ལེགས་སྐྱེས་ཧ་ཅང་ཆེན་པོ་བཞག་ཡོད་པ་རེད།

བྷོ་རང་ཐི་བུ་མོ་སྤུན་གསུམ། The three Bronte sistersབྷོ་རང་ཐི་བུ་མོ་སྤུན་གསུམ་གྱི་ཚབ་མཚོན་བརྩམས་ཆོས་ནི། སྡུག་གི་རྩེ་མོ།(Wuthering Heights དང་། ཅཱན་ཨེ།Jane Eyre བུད་མེད་སྐུ་མགྲོན།(The Tenant of Wildfell Hall) གསུམ་ཡོད་པ་རེད།

བུ་མོ་སྤུན་གསུམ་ནང་རེ་རེ་བཞིན་གྱིས་རྩོམ་རིག་གི་ས་མཚམས་སུ་གལ་ཆེན་གྱི་གོ་གནས་རེ་འཛིན་ཡོད་ཅིང་། ཨཱེ་མི་ལིའི་ Emily མི་ཚེ་ཐུང་ཐུང་དེའི་ནང་མོས་སྤྲོ་ཁང་གི་ངུ་སྒྲ་ཅེས་པ་བརྩམས་ཆོས་གཅིག་ཁོ་ན་ལས་མེད་པ་རེད། འོན་ཀྱང་མོས་དེར་སྤྱི་ཚོགས་སུ་གོ་རིམ་སྣ་ཚོགས་ཀྱི་ཟང་ཟིང་ལང་ལོང་དང་བུད་མེད་རྣམས་ཀྱི་གཡོ་འགུལ་མེད་པའི་ལས་དབང་ཉམས་དམན་པའི་གནས་སྟངས་ལ་འགྲེལ་བརྗོད་བྱས་པ་དེས་ཨིན་ཇིའི་རྩོམ་རིག་སྤྱི་ཡོངས་ཀྱི་བཀོད་པ་དེར་བཅོས་བསྒྱུར་བཏང་ཐུབ་ཡོད་པ་རེད། མོའི་གཅེན་མོ་ཆཱ་རོ་ཐི་ Charlotte ནི་གཅིག་བྱས་ན་ཀྱཱན་ཨེ་ Jane Eyre ཞེས་པའི་བརྩམས་སྒྲུང་དེ་བྲིས་པའི་རྐྱེན་གྱིས་མི་རྣམས་ཀྱིས་ཤེས་རྟོགས་བྱུང་བ་ཡིན་སྲིད། བརྩམས་སྒྲུང་དེས་མངོན་གསལ་དོད་པའི་སྒོ་ནས་གཉའ་གནོན་མྱོང་བཞིན་པའི་བུད་མེད་ནས་རྒྱུན་གཏན་འཚོ་བ་ནང་གི་འཐབ་རྩོད་སྐོར་འགྲེལ་བརྗོད་བྱས་ཡོད། བུ་མོ་སྤུན་གསུམ་ནང་གི་ཆུང་ཤོས་ཨཱན་ནི་ Annie ཡི་རྩོམ་ལུགས་ནི་ཧ་ཅང་བློ་རྒྱ་ཆེན་པོ་ཡིན། མོས་བརྩམས་ཆོས་ནང་དུས་རབས་ ༡༩ སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་འབྲི་བཀོད་བྱས་ཤིང་། མོའི་རྩོམ་གྱིས་སྐབས་དེའི་སྤྱི་ཚོགས་དང་ཁྲིམས་ཀྱི་སྒྲོམ་གཞིར་ཤུགས་རྐྱེན་ཐེབས་ཡོད་པ་རེད།

ཅཱན་ཨོ་སི་ཐིང་ Jane Austin གི་གྲགས་ཅན་གྱི་བརྩམས་ཆོས་ཁེངས་དྲེགས་དང་ལོག་ལྟ།(Pride and Prejudice)ཞེས་པ་དེ་ཡིན།
དུས་རབས་འདིར། ང་ཚོ་མང་ཆེར་གྱིས་ཉུང་མཐའ་ཡང་ཅཱན་ཨོ་སི་ཐིང་གི་བརྩམས་སྒྲུང་རེ་བཀླགས་མྱོང་ཡོད། བུད་མེད་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་ཅཱན་ཨོ་སི་ཐིང་གི་བརྩམས་སྒྲུང་གིས་མོ་རང་འཚོ་བ་བསྐྱེལ་སའི་དུས་རབས་དེའི་བུད་མེད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོ་གནས་ལ་རྟོགས་དཔྱོད་བྱས་ཡོད། མོ་ནི་འཇིགས་ཞུམ་བྲལ་ཞིང་བརྩེ་ཚོར་དང་ལྡན་པའི་སྒོ་ནས་སོ་སོའི་ལྟ་བ་གསལ་སྟོན་བྱེད་མཁན་ཞིག་ཡིན་ལ། ད་དུང་ཁྱད་མཚར་བའི་ཟུར་ཟའི་རྩོམ་ལུགས་ཀྱི་ཐད་ལ་སྐད་གྲགས་ཆེན་པོ་ཡིན། མོས་རྩོམ་འབྲི་བྱེད་པའི་དུས་སྐབས་དེར་སྤྱི་ཚོགས་ནས་བུད་མེད་རྩོམ་པ་པོ་ལ་ཁ་གཉེར་སྣ་གཉེར་ཚུལ་གྱིས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད། འོན་ཀྱང་མོས་གནས་སྟངས་དེ་འདྲའི་འོག་ཏུ་ད་དུང་ཡང་རྩོམ་ཡོན་གྱིས་ཁྱིམ་ཚང་སྐྱོང་ཐབས་བྱས་ཡོད་པ་རེད། མོས་དེང་དུས་ཀྱི་རྩོམ་པ་མོ་ཚོར་མདུན་ལམ་སྐྲུན་ཟིན་ཡོད་པ་མ་ཟད། མོའི་བརྩམས་སྒྲུང་ཀློག་མཁན་ད་དུང་ཡང་ཧ་ཅང་མང་པོ་རེད། མོའི་མགོ་པར་གྱིས་ཏཱ་ཨར་ཝུན་ Charles Darwin གྱི་མགོ་པར་ཚབ་བྱས་ཏེ་ཨིན་གྷི་ལན་ཊིའི་ England དངུལ་ཁང་གིས་སྤེལ་བའི་སྒོར་མོ་ཨིན་བྷང་ Pound ཤོག་སྒོར་ ༡༠ ཅན་ཐོག་པར་ཡོད་པ་རེད།

ཟཱེ་མོང་ཊི་བྷོ་ཝོལ་ Simone de Beauvoir གྱི་བརྩམས་ཆོས་ནི་རྟགས་མཚན་མ་ཨང་གཉིས་པ།(The Second Sex) ཞེས་པ་དེ་རེད། ཟཱེ་མོང་ཊི་བྷོ་ཝོལ་ནི་དུས་རབས་ ༢༠ པའི་ནང་དངོས་དོན་རིང་ལུགས་པའི་མཚན་ཉིད་མཁས་དབང་གི་གྲལ་གཙོ་བོ་ཞིག་ཡིན། དེས་མི་སེམས་སྒུལ་ཤུགས་ཆེ་བའི་གསར་བརྗེའི་རང་བཞིན་གྱི་བརྩམས་ཆོས་རྟགས་མཚན་མ་ཨང་གཉིས་པ། ཞེས་པའི་ནང་སྤྱི་ཚོགས་ཀྱི་གང་སར་ལོ་རྒྱུས་འགྱུར་ལྡོག་གི་འཕེལ་རིམ་ནང་བུད་མེད་ལ་དམིགས་པའི་ཕོ་མོའི་དབར་གྱི་མཐོང་ཆུང་གི་སྲོལ་རྒྱུན་ལམ་ལུགས་རྣམས་འབྲི་བཀོད་བྱས་ཡོད་པ་རེད། བརྩམས་ཆོས་འདི་ནི་བུད་མེད་དབང་ཤུགས་རིང་ལུགས་པར་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཆག་ཡོད་པ་དང་། དེ་ནི་དུས་རབས་ ༢༠ ཡི་མཚན་ཉིད་ཀྱི་གལ་ཆེ་བའི་ཆ་ཤས་གྲལ་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད། དེང་བར་ཁོང་མོས་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་དེ་འགྱུར་ལྡོག་གཏོང་ཐབས་ལ་ད་དུང་ཡང་རླབས་ཆེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་། དེའང་རྩོམ་རིག་སྡེངས་ཆའི་ཐོག་ནས་ཞིབ་འཇུག་གི་ཁ་ཕྱོགས་གཅིག་ཏུ་གྱུར་ཡོད་པ་རེད།

ཝཱེ་ཀི་ཉི་ཡ་ཝོ་ཧྥུའུ་ Virginia Woolf ཡི་བརྩམས་ཆོས་ནི་སྒེར་གྱི་ཁང་མིག་གཅིག (A Room of One’s Own) ཅེས་པ་དེ་ཡིན། ཝཱེ་ཀི་ཉི་ཡ་ཝོ་ཧྥུའུ་ནི་དེང་རབས་རིང་ལུགས་ཀྱི་ལས་འགུལ་པའི་རྨང་གཞི་བཙུགས་མཁན་གྲལ་ཞིག་རེད། མོ་ནི་རྩོམ་རིག་ལ་ཁྱད་དུ་འཕགས་པ་ཞིག་ཡིན། མོའི་བརྩམས་ཆོས་ཀྱིས་རྩོམ་རིག་གི་ཁོར་ཡུག་ཡོངས་སུ་ཧ་ཅང་རླབས་ཆེན་གྱི་ཤུགས་རྐྱེན་བཞག་ཡོད། མོས་ཚོད་ལྟའི་རང་བཞིན་གྱི་ལྷུག་རྩོམ་དང་ནུས་ཤུགས་ལྡན་པའི་རྩོམ་ཐུང་ཞོར་བྲིས་ཀྱིས་སྐད་གྲགས་ཁྱབ་ཅིང་། རྩོམ་འབྲིའི་བརྗོད་གཞི་གཙོ་བོ་སྤྱི་ཚོགས་དང་ཆབ་སྲིད་དོན་རྐྱེན། ད་དུང་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་བཅས་ཚུད་ཡོད་པ་རེད། ཝཱེ་ཀི་ཉི་ཡ་ཝོ་ཧྥུའུ་ཡི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཆེ་གྲལ་གཅིག་ནི་བརྩམས་ཆོས་དེ་དག་བརྒྱུད་ཁོང་མོས་བུད་མེད་རྣམས་སྤྱི་ཁྱབ་ཀྱི་ཁོར་ཡུག་གཅིག་ཏུ་འཁྲིད་བཞིན་ཡོད། རྙིང་ལུགས་ཀྱི་ཕོ་མོའི་རྟགས་མཚན་མ་ལ་དོགས་སློང་གི་སྒོ་ནས་མོས་བུད་མེད་རང་དབང་གི་གོ་གནས་ཆེད་དུ་གསལ་བརྗོད་བྱེད་ཀྱི་ཡོད། དེང་མོའི་བརྩམས་ཆོས་དེ་དག་གིས་ད་དུང་ཡང་ཀློག་པ་པོ་དང་རྩོམ་པ་པོ་རྣམས། དེ་བཞིན་མཁས་པ་རྣམས་ལ་ཤུགས་རྐྱེན་སྟེར་བཞིན་ཡོད་པ་རེད།

མཱ་རི་ཨན་ཅི་ལོ་ Maya Angelo ཡི་བརྩམས་ཆོས། ངས་ལྕགས་ཁྲ་ནང་གི་བྱིའུ་ཡིས་གླུ་གཞས་ལེན་དོན་ཅི་ཡིན་ཤེས།(I Know Why The Caged Bird Sings) ཅེས་པ་དེ་རེད། མཱ་རི་ཨན་ཅི་ལོ་ནི་ལོ་རྒྱུས་ཐོག་ཨ་རི་བ་མིན་པའི་རྩོམ་པ་པོ་ཧ་ཅང་གྲགས་ཅན་ཞིག་རེད་ཅེས་བཤད་ཆོག མོས་སྲོལ་རྒྱུན་མིན་པའི་སྒྲོམ་གཞི་ཡིས་རང་རྣམ་ལུགས་ཀྱི་བརྩམས་ཆོས་བདུན་གསར་རྩོམ་བྱས། རྩོམ་ལུགས་དེས་རྗེས་རབས་ཀྱི་རྩོམ་རིག་ལམ་ལུགས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཞག་ཡོད་པ་རེད། འོན་ཀྱང་མོས་ཀྱང་བརྩམས་ཆོས་བདུན་དེར་བརྟེན་ནས་རྩོམ་རིག་གི་རྣམ་པ་དེར་བཅོས་བསྒྱུར་བཏང་ཡོད་པ་རེད། མོས་ཀློག་པ་པོ་ཚོ་རིགས་རུས་ཀྱི་ས་མཚམས་ནས་བརྒལ་ཐབས་ལ་རོགས་འདེགས་བྱས་པ་དེ་ནི་དེང་རབས་རྩོམ་རིག་ཐོག་ཧ་ཅང་རླབས་ཆེན་གྱི་སྐད་སྒྲའི་གྲལ་ཞིག་ཡིན། མོས་གུ་ཡངས་ཀྱི་སྒོ་ནས་ཐད་ཀར་རྩོམ་འབྲི་བྱེད་པའི་རྩོམ་རིག་གི་ལམ་ལུགས་དེས་བུད་མེད་རྩོམ་པ་པོ་ཡོངས་ལ་སྔར་བའི་ཡངས་ཤིང་རྒྱ་ཆེ་བའི་ས་ཤིག་བསྐྲུན་ཡོད་པ་རེད།

ཐཱོ་ཉི་མོ་རིས་ཟིན་ Toni Morrison གྱི་ཚབ་མཚོན་བརྩམས་ཆོས་ནི་གཅེས་ཕྲུག་(Beloved)ཅེས་པ་དེ་ཡིན། ནཱོ་བྷེལ་ Nobelརྩོམ་རིག་བྱ་དགའ་དང་ཧྥོ་ལི་ཙི་ Pulitzer Prize བྱ་དགའ་གཉིས་ཀ་ཐོབ་མྱོང་མཁན་མོ་ནི་རྩོམ་པ་པོ་ཞིག་ཡིན་པ་མ་ཚད། ད་དུང་སློབ་དཔོན་ཆེན་པོ་ཞིག་ཀྱང་རེད། མོའི་བརྩམས་ཆོས་མིག་སྔོན་མོ་ (The Bluest Eye)དང་། སཱོ་ལོ་མོན་གྱི་གླུ་གཞས། (Song of Solomon) གཅེས་ཕྲུག (Be loved) བཅས་ནི་མི་ཚང་མས་ཤེས་རྟོགས་ཡོད་པའི་བརྩམས་ཆོས་ཤ་སྟག་རེད། མོས་དེང་རབས་རིག་གནས་ཐོག་གསར་བརྗེའི་རང་བཞིན་ལྡན་པའི་ཤུགས་རྐྱེན་བཞག་ཡོད། མོའི་བརྩམས་སྒྲུང་ནང་སྲ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་ནག་ཚོའི་ཉམས་མྱོང་འགྲེལ་བརྗོད་བྱས་ཡོད་པ་དང་། ལོ་རྒྱུས་སམ་སྒྲུང་དེ་དག་གིས་མི་རྣམས་ལ་གཡོ་འགུལ་རང་བཞིན་ཅན་གྱི་ཤུགས་རྐྱེན་སྤྲད་ཐུབ་པ་བྱུང་བ་མ་ཟད། དེས་མི་དཀར་པོ་ཚོའི་སྒེར་གཅོད་ཀྱི་དབང་ཤུགས་ལ་འཐབ་རྩོད་ཀྱང་བྱས་ཡོད་པ་རེད།

ཅཱེ་ཁི་རོ་ལིང་ JK Rowling གི་ཚབ་མཚོན་བརྩམས་ཆོས་ནི་ཧཱ་རི་པཱོ་ཐེ་སེ་རི་སཱི་(Harry Potter Series)ཟེར་བ་དེ་རེད། དེ་ནི་མི་རྣམས་ཀྱིས་ཧ་ཅང་དགའ་བསུ་ཐོབ་པའི་ཧཱ་རི་པཱོ་ཐེའི་འཆར་ཡན་གྱི་ལེའུ་ལྡན་པ་ཞིག་ཡིན་ལ། མོ་ནི་བརྩམས་ཆོས་དེའི་རྩོམ་པ་པོ་རེད། ཅཱེ་ཁི་རོ་ལིང་ནི་ལོ་རྒྱུས་ཐོག་ཀློག་པ་པོ་མང་ཤོས་ཡོད་པའི་རྩོམ་པ་པོའི་གྲལ་ཞིག་རེད། མོས་རྩོམ་ནང་ཡ་མཚན་དངོས་བྱུང་གི་འཆར་ཡན་གྱི་བསམ་བློ་སྦྲེལ་ཏེ་འཚར་ལོང་བྱུང་བ་དང་། ཉེན་མཆོང་ཕོད་པ། འཆར་ཡན་བཅས་ཀྱི་ཕྱོགས་ཚུད་ཡོད། ཧཱ་རི་པཱོ་ཐེའེ་ནི་ལོ་རྒྱུས་ཐོག་ཆེས་འགྲེམས་ཆེ་བའི་དཔེ་དེབ་ཅིག་ཆག་ཡོད་པ་མ་ཟད། དེས་དུས་རབས་གསར་པའི་གཞོན་སྐྱེས་རྣམས་ལ་ཀློག་སྤྲོ་བའི་བསྐུལ་བཅག་ཀྱང་ཆེན་པོ་སྟེར་བཞིན་པ་ཡིན།

འགྱུར་རྩོམ།

Post navigation

Previous Post: བཙན་བྱོལ་བོད་མིའི་མང་གཙོ་དང་འོས་བསྡུ།
Next Post: ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉེས་ཆད་བཀོད་ཁྱབ་དང་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་སྐོར་ལ་དཔྱད་པའི་གཏམ།

Comments (1) on “ནུབ་ཕྱོགས་པའི་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མཁན་གྱི་བུད་མེད་རྩོམ་པ་པོ་འགའ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-08 at 3:53 am

    བོད་ཀྱི་བུད་མེད་རྩོམ་པ་པོ་ལ། འོད་ཟེར་མ་གཏོགས་གཞན་སུ་ཡོད་རེད་དམ། ཡོད་ན་མཚན་འགའ་ཤས་དང་། དེ་དག་གི་བྱས་རྗེས་འདྲ་གསུང་རོགས་གནོངས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme