Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)

Posted on 2019-02-112019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 1 Comment on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

བཞི།

ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ། བོད་ནང་ལ་མཚོན་ན་གཞས་མ་ཟླ་སྒྲོན་ལགས་ཀྱིས་ཟླ་སྒྲོན་སྙན་དབྱངས་ཞེས་པའི་འཁོར་ཐག་ཅིག་འགྲེམས་སྤེལ་བྱས་ཡོད། ཟླ་སྒྲོན་ལགས་ནི་ཁོང་ཚོ་དང་མི་འདྲ་བར་གླུ་གཞས་སྒྱུ་རྩལ་ཕྱོགས་ལ་ཆེད་སྦྱོང་བྱས་ཏེ་འཚར་ལོངས་བྱུང་བའི་གཞས་མ་ཞིག་ཡིན་པ་དང་། ལྷན་སྐྱེས་ཀྱི་སྐད་ངག་ཧ་ཅང་སྙན་མོ་ཞིག་ཡོད་པས། མོས་བླངས་པའི་གླུ་གཞས་དེ་ཚོ་རང་རྐྱ་འཕེར་བ་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མོ་ལ་དགའ་མོས་ཆེས་ཆེར་བྱས། ཟླ་སྒྲོན་གྱི་གླུ་གཞས་ལ་དགའ་བསུ་བྱེད་བཞིན་པའི་དུས་དེར། བཙན་བྱོལ་དུའང་རང་བཙན་གཞོན་ཞུ་ཞེས་པའི་རོལ་ཚོགས་ཤིག་དབུ་བརྙེས་ཤིང་། ཁོང་ཚོས་དེང་རབས་ཀྱི་རོལ་ཆ་བེད་སྤྱོད་ཀྱིས་གླུ་གཞས་གསར་པ་སྣ་ཚོགས་ཤིག་བཏང་། མང་ཚོགས་ཀྱིས་གླུ་གཞས་དེ་ལའང་དགའ་མོས་ཆེན་པོ་བྱས་ཡོད།

དེའི་རྗེས་སུ་དགུ་བཅུ་གོ་གྲངས་ནང་། བོད་ཕྱི་ནང་གཉིས་སུ་གཞས་པ་དང་གཞས་མ་མང་པོ་ཞིག་བྱུང་། ཧ་ལམ་ཆུ་ཀླུང་ལྟར་བརྡོལ། ཁོང་ཚོའི་སྐད་ངག་ནི་གཅིག་ལས་གཅིག་སྙན་ཞིང་། ང་ཚོས་མགྲིན་པའི་སྦུགས་ནས་འབྱིན་མི་ནུས་པའི་ཚད་མཐོ་བའི་གླུ་གཞས་དེ་འདྲ་བླངས་ཡོད། གཞས་པ་དང་གཞས་མ་དེ་ཚོ་ནི་ལོ་ན་གཞོན་ཞིང་། སྐྱེས་འབྲས་ཧ་ཅང་ལེགས་པོ་ཡོད། ལྷག་པར་དུ་བོད་ཀྱི་གཞས་མ་དག་གི་སྐྱེས་འབྲས་ནི་ཡིད་དབང་འཕྲོག་པ་ཡོད་པས། བོད་མི་རིགས་འདི་ལ་སྤོབས་པ་སྐྱེ་དགོས་པ་ཞིག་ཡོད། བོད་མི་རིགས་འདིའི་མ་རྩ་ཡག་པོ་ཡོད་པ་རེད། གཞན་ཡང་། གཞས་ཚིག་དེ་དག་ནི་མཛེས་ལྡན་ལྷ་མོ་དང་ཡིད་འཕྲོག་ལྷ་མོ་ཙམ་གྱི་བརྗོད་གཞི་ཁོ་ན་ཙམ་མ་ཡིན་པར། མི་རིགས་ཀྱི་མཐུན་སྒྲིལ་དང་ལ་རྒྱ། ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་སོགས། མདོར་ན་གཞས་ཚིག་དེ་དག་ནི་བརྗིད་ཁོག་ལྡན་པ་ཤ་སྟག་ཡོད་སྟབས། དེ་དག་ནི་ཤིན་ཏུ་ལེགས་པོ་རེད་སྙམ།

དེང་སང་བོད་ཀྱི་དེང་དུས་ཀྱི་གླུ་གཞས་པོབ་ཀྱི་ཚད་གཞི་དེ་མི་རིགས་གཞན་གྱི་དེང་རབས་ཀྱི་གླུ་གཞས་དང་། བོད་ཀྱི་སྒྱུ་རྩལ་པ་རྣམས་མི་རིགས་གཞན་གྱི་སྒྱུ་རྩལ་པ་དག་དང་ལྷན་དུ་དཔུང་པ་མཉམ་གཤིབ་བྱེད་ཆོག་པའི་ཚད་གཞིར་སླེབས་ཡོད་མེད་སྐོར་བཤད་ན། ཚད་གཞི་ལ་སླེབས་ཡོད་དེ། དཔེར་ན། ཉེ་ཆར་གཞིས་ཀ་རྩེ་ནས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད། ཁོང་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་འགྲན་བསྡུར་ཞིག་ལ་ཞུགས་ཤིང་། རྒྱ་ནག་ནི་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། མི་ཐེར་འབུམ་གཅིག་དང་ཚེག་བཞི་གནས་སའི་རྒྱལ་ཁབ་དེའི་ནང་གི་དེ་ཕོའི་ནང་གི་གཟིགས་བཟང་ཚང་མ་འཛོམས་ཏེ་འགྲན་རྩོད་དེའི་ནང་མཉམ་ཞུགས་གནང་ཞིང་། མཉམ་ཞུགས་གནང་མཁན་སྟོང་ཕྲག་ཁ་ཤས་ཡོད་པའི་སྐད་ཆ་འདུག ཡིན་ན་ཡང་། མཐར་མར་བཀྲ་ཤིས་ཕུན་ཚོགས་ཟེར་བའི་བོད་རིགས་ཤིག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་ནི་བསམ་བློ་བཏང་ཚེ་མི་སྲིད་པ་ཞིག་ཡིན་མོད། མངོན་སུམ་དུ་བྱུང་བ་རེད། ཁོང་གི་གླུ་གཞས་བརྩམས་ཆོས་དེ་དག་ལ་བལྟས་ན། དཔེར་ན་གཞས་གདངས་ནི་སྲོལ་རྒྱུན་དང་དེང་རབས་གཉིས་འདྲེས་ཡིན་ཞིང་། དེ་ལ་དུས་རབས་ཉེར་གཅིག་པའི་གསར་བཏོད་ཀྱི་རྣམ་པའང་ཡོད། གང་ལྟར་གསར་ཉམས་ཆེ་བའི་གླུ་གཞས་བླངས་པ་ལ་བརྟེན་ནས་ཨང་དང་པོ་ཐོབ། མི་འབོར་མང་པོའི་རྒྱ་ནག་རྒྱལ་ཁབ་ལྟ་བུ་ཞིག་ནས་ཨང་དང་པོ་ཐོབ་དུས་ང་རྒྱལ་དང་། སྤོབས་པ་སྐྱེ་འོས་པ་ཞིག་ཡིན་རུང་། ཁོང་གིས་བཅར་འདྲི་དང་ལེན་གནང་སྐབས། ཁོང་ལ་ཁེངས་དྲེགས་དང་རློམ་སེམས་དེ་འདྲ་རྩ་ནས་མེད་པར། བོད་ཀྱི་ཡ་རབས་སྤྱོད་བཟང་དེ་འདྲ་ངོམས་ཆེད་ལོས་ཡིན། ཁོང་གིས་དྲིས་ལན་དེ་དག་བག་ཕེབས་དང་ཡ་རབས་ཀྱི་སྒོ་ནས་གསུངས། དེང་སང་ང་ཡིན་ཟེར་མཁན་བཅོ་བརྒྱད་དེ་འདྲ་བཤད་མཁན་མང་མོད། ཁོང་གིས་དེ་འདྲ་རྩ་ནས་གནང་མ་སོང་། ཡིན་ནའང་ཁོང་གིས་དེ་འདྲ་ཞིག་བཤད་ནའང་འོས་བབ་ཡོད་པ་རེད།

སྐབས་དེར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་གཉོམ་ཆུང་དང་ཡ་རབས་སྤྱོད་བཟང་གི་བྱེད་སྟབས་དེ་དག་མཐོང་སྐབས། མིན། སྒྱུ་རྩལ་ནི་སྒྱུ་རྩལ་རེད་དེ། མི་ས་ཡ་མང་པོའི་སེམས་ནང་ལ་བོད་མི་ཟེར་བ་ནི་ཡ་རབས་སྤྱོད་བཟང་རེད་སྙམ་པའི་ཚོར་བ་དེ་སྤྲད་ཡོད་པར་ཐེ་ཚོམ་མེད། མི་ཟེར་བ་ནི་འདི་འདྲ་རེད། རྒྱུད་ན་ཡོན་ཏན་ཡོད་པའི་མི་དེ་ཚོས་རང་ཉིད་ཞེ་དྲག་ཡར་ལ་མགྱོགས་མི་སྲིད། ཁོང་གིས་དེ་ལྟར་མ་གནང་བར་བབ་ཆགས་པོ་གནང་བ་རེད། མདོར་བསྡུས་ན། བཀྲ་ཤིས་ཕུན་ཚོགས་ལགས་ལ་རྒྱ་ནག་རྒྱལ་ཡོངས་ནས་བྱ་དགའ་ཨང་དང་པོ་ཐོབ་པ་དེས་བོད་ཀྱི་གླུ་གཞས་ཀྱི་ཚད་དེ་ཡང་གནས་གང་ཞིག་ལ་སླེབས་པ་ཐག་བཅད་ཅིང་། གསལ་པོ་ཆགས་པ་རེད། ཡང་གཅིག་བཤད་ན། སྤྱིར་བཏང་དེང་སང་རྒྱ་ནག་ནི་ཡར་རྒྱས་ཀྱི་འཕེལ་རླབས་ཆེ་ཞིང་། སྒྱུ་རྩལ་དེ་ཚོ་ནི་རྒྱལ་སྤྱིའི་ཁྲོམ་རའི་ནང་སྤོབས་པ་ཆེན་པོས་མཉམ་གཤིབ་བྱེད་ཆོག་པའི་ཚུལ་དུ་ཡོད། སྤོབས་པ་བྱེད་ཆོག་པའི་གླུ་གཞས་སྒྱུ་རྩལ་དེ་དག་གི་ཁྲོད་དུ་བོད་གཞས་ཤིག་ལ་ཨང་དང་པོ་ཐོབ་པ་དེས་བོད་ཀྱི་གླུ་གཞས་དེ་ཡང་ཚད་མཐོ་པོ་ཞིག་ལ་སླེབས་པ་བདེན་པ་ར་སྤྲོད་བྱས་ཡོད།

སྤྱི་ཡོངས་ནས་ཞུས་ན། དེང་དུས་ཀྱི་གླུ་གཞས་པོབ་ཅེས་པ་ནི། ནུབ་ཕྱོགས་སུ་སྒྱུ་རྩལ་གྱི་ཚད་ཤིན་ཏུ་མཐོ་བའི་གླུ་གཞས་ཤིག་ལ་ངོས་འཛིན་མི་བྱེད། འདི་ལ་ཨིན་སྐད་དུ་ intertivement music ཟེར། དེའི་དོན་ནི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བའི་སྒྱུ་རྩལ་ལས་སླ་པོ་ཞིག་ཡིན་པ་མ་གཏོགས། བསམ་བློ་ཆུ་ཚད་གོང་འཕེལ་གཏོང་བའི་ནུས་ལྡན་གྱི་སྒྱུ་རྩལ་ཞིག་མ་རེད། དེར་བརྟེན། དེང་དུས་ཀྱི་གཞས་འདི་ཚོ་སྙན་མོ་ཞིག་བཏང་ནའང་ལོ་ཤས་ཀྱི་རྗེས་སུ་མེད་པར་འགྱུར་ཞིང་། དེའི་རྗེས་སུ་གཞས་གསར་པ་ཞིག་སླེབས་ངེས། གླུ་གཞས་ཞེས་པ་ནི་འདི་འདྲ་ཞིག་ཡིན་པ་ལས་རྟག་ཏུ་གནས་པ་ཞིག་མ་རེད། འོན་ཀྱང་། སྤྱི་ཚོགས་གང་ཞིག་ཡིན་རུང་གླུ་གཞས་སྐོར་ཞིག་ནི་མི་ལོ་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ། ཅི་སྟེ་སྐད་ངག་སྙན་མོ་ཡོད་པ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་གྱི་གླུ་གཞས་ཏེ་དཔེར་ན་ལྷ་མོའི་རྣམ་ཐར་ཁག་ཏུ་འབྱུང་བའི་ཨ་ཅེ་ལྷ་མོ་ལྟ་བུའི་གླུ་གཞས་དེ་ཚོ་བླངས་ཚེ་ཧ་ཅང་སྙན་ཆ་ལྡན། དེ་བཞིན་དུ་ནང་མ་སྟོད་གཞས་དང་། དམངས་གླུ། འབྲོག་གླུ། ཁམས་གླུ། རྡུང་ལེན་སོགས་ཀྱིས་མཚོན་པའི་བོད་མི་རིགས་ཀྱི་རྣམ་པ་གསར་པའི་སྒྱུ་རྩལ་གྱི་གླུ་གཞས་སྐོར་ཞིག་བསྐྲུན་ཡོད་པ་དེ་དག་རྩ་ཆེ་ཞིང་། རིན་ཐང་བྲལ་བ་ཞིག་རེད་སྙམ། དེ་དག་མུ་མཐུད་དུ་གནས་སྲིད་ངེས་རེད་ཅེས་གསུངས།

སྐབས་འདིར། རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་ནང་མའི་སྐོར་གླེང་བ་དྲན་ན། ཕོ་རོག་དཀར་པོ་ཚང་ལ་ནང་མ་སྟོད་གཞས་དང་འབྲེལ་བའི་སྐོར་ལ་གླེང་སློང་ཞིག་བྱུང་བ་དེ་ཡང་དྲན་བྱུང་།

དེ་ནི་འདི་ལྟར། གཞས་པ་བློ་བརྟན་རྣམ་གླིང་ལགས་ཀྱིས་ནང་མ་ནི་ཁ་ཆེའི་ཡུལ་དུ་དར་ཁྱབ་ཆེ་བའི‘‘ནག་མ’’ཞེས་པ་ལས་མཆེད་པ་དང་། རིམ་གྱིས་ནག་མའི་སྒྲ་འགྱུར་ནས་ནང་མ་ཆགས་ཚུལ་དང་། ནང་མའི་གླུ་གཞས་ཀྱི་འགུག་སྟངས་ཀྱང་ཁ་ཆེའི་ཡུལ་གྱི་ནག་མའི་གཞས་དང་ཐག་ཉེ་ཚུལ་སོགས་གསུངས། དེ་ལ་རྐྱེན་བྱས་ཏེ་ང་ཚོ་སྐོར་ཞིག་གིས་ནང་མ་དང་སྟོད་གཞས་གཉིས་ཀྱི་བྱུང་འཕེལ་དང་། ཁྱད་པར་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཤིང་། སྐབས་དེར་ངས་ནི་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱི་རྩོམ་ཡིག་ཅིག་གཞི་ལ་བཞག་སྟེ་ནང་མ་སྟོད་གཞས་ཀྱི་བྱུང་འཕེལ་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞུ་ཁུལ་བགྱིས་པར། བོད་ཀྱི་ནང་མ་སྟོད་གཞས་ལ་ཁ་ཆེ་དང་རྒྱ་ནག་གི་རོལ་ཆ་སོགས་ཀྱིས་ཤན་ཞུགས་པའི་སྒྲུབ་བྱེད་ལྟ་བུར། སྔར་ཁ་ཆེའི་ཡུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་རབ་གསལ་ཨབ་ཏུ་ར་མ་ཞེས་འབོད་པ་ཞིག་སླེབས། ཁོང་ཁ་ཆེའི་རིག་གནས་ཙམ་མ་ཟད། བོད་ཀྱི་དམངས་ཁྲོད་རིག་རྩལ་ལའང་ཤིན་ཏུ་མཁས་པར་གྱུར་ནས་ལྷ་སའི་ནང་མའི་སྐྱིད་སྡུག་ནང་ཞུགས་ཏེ་དེའི་འགན་འཛིན་དང་དགེ་རྒན་གནང་བ་དང་། ཁོང་གིས་ནང་མ་སྟོད་གཞས་ཀྱི་གཞས་ཚིག་གཞས་གདངས་དང་བཅས་པ་བརྩམས་ཡོད། དེའི་རྗེས་སུའང་མི་རིགས་ཁ་ཆེའི་ཡུལ་ནས་མི་རེ་ཟུང་ལྷ་སའི་ནང་མ་སྐྱིད་སྡུག་ཁང་གི་འགན་འཛིན་དུ་བསྡད་མྱོང་མཁན་ཡོད་པ་དཔེར་ན། ཉེ་རབས་ཀྱི་ལོ་རྒྱུས་ནང་ནང་མ་དང་སྟོད་གཞས་ཀྱི་དགེ་རྒན་གྲགས་ཅན་རྣམ་རྒྱལ་ལགས་ཀྱི་དགེ་རྒན་གཅིག་ཀྱང་ཁ་ཆེའི་ཡུལ་གྱི་མི་ཞིག་ཡིན་པར་བརྟེན། གཅིག་བྱས་ན་ཁ་ཆེའི་གླུ་གཞས་ཀྱི་ཤན་དེ་ནང་མ་སྟོད་གཞས་ལ་ཞུགས་ཡོད་སྲིད་ཅིང་། དེ་ནས་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་རྒྱ་ནག་ནས་བོད་དུ་ཕྱིར་ལྡོག་རྗེས། ཁོང་གིས་ནང་མ་དང་སྟོད་གཞས་ཀྱི་རོལ་དབྱངས་ཀྱི་རམ་འདེགས་ལ། མངའ་རིས་སྒྲ་སྙན་དང་ལྷན་དུ་རྒྱའི་ཡང་ཆིན་དང་འཕྲེད་གླིང་གཉིས་གཏོང་སྲོལ་བཙུགས་པ་སོགས་ཀྱང་གླེང་མཁན་བྱུང་།

གང་ལྟར། གྲོགས་པོ་བློ་བསྟན་རྣམ་གླིང་ལགས་ཀྱིས་སྔར་བཞིན་ནང་མ་ནི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གླུ་གཞས་ཤིག་མིན་པར་འདོད། སྐབས་དེར་བརྗོད་གཞི་དེའི་སྐོར་ལ་ཆ་ཤས་ལེན་མཁན་ཨ་ཁུ་པད་མ་འབུམ་ལགས་ཀྱིས་འབྲེལ་ཡོད་ཀྱི་རྩོམ་ཡིག་རེ་ཟུང་བཙལ་ཏེ་སྐད་ཚོམས་ནང་བསྐུར་བྱུང་། དེ་དག་གི་ཁྲོད་ནས་སྤེན་རྡོར་ལགས་ཀྱིས་རྒྱ་ཡིག་ཏུ་བརྩམས་ཤིང་། ལྷག་པ་དབང་འདུས་ཀྱིས་བོད་ཡིག་ཏུ་བསྒྱུར་པའི‘‘ནང་མ་ཞེས་པ་ནི་ཕོ་བྲང་ནང་གི་རོལ་མོ་ཞིག་ཡིན་ནམ’’ཞེས་པའི་རྩོམ་ཡིག་དེ་ཀློག་སྤྲོ་བོ་བྱུང་ལ། སྐབས་དེར་ནང་མ་དང་སྟོད་གཞས་འདི་བརྗོད་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་གཞི་ནས་ཚོར།

དྲན་ཐོ།

Post navigation

Previous Post: ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)
Next Post: དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར།

Comments (1) on “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)”

  1. AྀBHARU JIGWANG says:
    2019-02-11 at 10:15 pm

    ༄༅། ཡོད་དུས་མ་བསྟོད་མེད་ཚར་བསྟོད། ཡོད་དུས་མ་དྲན་མེད་དུས་དྲན།
    མེད་པར་བསྟོད་པ་ཕན་མེད་རེད། མེད་པར་རྗེས་དྲན་བྱས་ཅི་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme