Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་ནང་བསྟན་གྱི་ཉི་ཟླ་གཉིས།

Posted on 2013-03-052013-03-06 By ཡེ་ཤེས་ 31 Comments on ནུབ་ཕྱོགས་ནང་བསྟན་གྱི་ཉི་ཟླ་གཉིས།

ཀླུ་སྨྱོན།

ཆགས་སྡང་མུན་འཁྲིགས་ནུབ་ཕྱོགས་ནམ་མཁའ་རུ།།

ཆོས་རྒྱམ་དྲུང་པའི་ཉི་མ་ནུབ་པའི་ཤུལ།།

རྫོང་གསར་མཁྱེན་བརྩེའི་ཟླ་བ་གསར་པ་འདིས།།

བོད་བླའི་རྒྱུ་སྐར་མང་ཞིག་ཟིལ་གྱིས་མནན།།

སྙན་ངག

Post navigation

Previous Post: བོད་པ་ཚོས་གློ་པད་མ་བཀོད་དུ་རྩམ་པའི་ཕུག་པ་སོགས་ཡོད་ཟེར་བའི་སྐོར།
Next Post: མཛངས་མའི་རྣམ་ཤེས།

Comments (31) on “ནུབ་ཕྱོགས་ནང་བསྟན་གྱི་ཉི་ཟླ་གཉིས།”

  1. གནམ། མེས་པོའི་ཐེམ་སྐས། says:
    2013-03-06 at 12:23 am

    དྲུང་པ།

    ཆགས་སྡང་མུན་པ་ཟེར་བ་དྲང་གཏམ་མིན།
    རང་ཉིད་ར་བཟིར་གྱུར་བའི་གཤིས་སྤྱོད་འོག
    རླངས་འཁོར་སྡོང་པོར་བརྡབ་པའི་ཤུགས་རྐྱེན་གྱིས།
    ཕྱི་མའི་ལྔ་ལམ་བསྙེགས་པ་ཡོངས་སུ་གྲགས།

    བོད་བླ་གང་ཞིག་ནུབ་ཕྱོགས་མ་སླེབས་སྐབས།
    ཤམ་བྷ་ལ་ཞེས་འགྲེལ་མང་རྟོག་བཏགས་མཛད།
    ཆོས་པའི་དམ་ཚིག་གསོན་པོ་མ་ཉལ་བར།
    དམག་ཆས་སྤྲས་པའི་བོད་བླའི་མིང་ཅན་ཞིག

    རྫོང་སར།

    ནུབ་ཕྱོགས་མཁའ་ལ་ཟླ་བ་ཡིན་ཡང་སྲིད།
    ཆོས་པ་ཀུན་དང་མི་མཐུན་ཆས་གོས་དང་།
    སྤྱོད་པ་ཀུན་དང་མི་མཐུན་སྣ་ཚོགས་ཀྱིས།
    མགོ་སེར་སེམས་ཁ་གསོ་བའི་བུ་ཆུང་ཞིག

    བོད་དགོན་ཁག་ཏུ་གསེར་གྱི་ཁྲི་རུ་གནོན།
    འབྲུག་པའི་ཡུལ་དུ་མི་ཡི་ཁྲི་རུ་བཞུགས།
    མགོ་སེར་མགོ་ནག་ཀུན་གྱི་སྤྱི་གཙུག་ཏུ།
    མངའ་དབང་ལྷ་ཡིས་སྤྲད་པའི་ཕོ་ཉ་ཞིག

  2. ངག་དབང says:
    2013-03-06 at 12:34 am

    ༄ ། ལམ་མཐོ་པོ་སྔགས་ལ་སྙེད་བཏགས་ནས་།
    གཟུགས་ལང་འཚོའི་མཛེས་པའི་གཞོན་ནུ་མར།
    ཁྱོད་མི་གཙང་སྤྱོད་པ་ངོ་མི་ཚ།
    སེམས་དམིགས་པ་གཏད་ས་དངུལ་དམར་རེད།

  3. ཅོག་རོང་གི་མྱི། says:
    2013-03-06 at 12:47 am

    ནུབ་གླིང་ནས་རྫོང་གསར་གྱིས་ཡོངས་དགེ་མི་འགྱུར་གྱི་གླགས་ཨེ་ཁེལ། ངས་བལྟས་ན་ཡོངས་དགེར་ནུབ་ཕྱོགས་ན་གདུལ་བྱ་མངས།

  4. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-06 at 12:49 am

    ཇི་སྐད་དུ་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས།
    ་
    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
    བསམ་པ་ངན་ན་ས་དང་ལམ་ཡང་ངན།
    ཐམས་ཅད་བསམ་པ་དག་ལ་རག་ལས་པས།
    རྟག་་པར་བསམ་པ་བཟང་ལ་འབད་པར་བྱ།།
    ་
    ཞེས་གསུངས་པས་སོ།།

  5. ཅོག་རོང་གི་མྱི། says:
    2013-03-06 at 12:59 am

    ཆོས་མ་ཧ་སན་དུའི་ཀློངས་སྦུབས་ན།
    གཙང་མི་གཙང་མཛེས་བཙོག་ལྟ་ས་མེད།
    འདོམ་སྦ་བ་རྡོ་རྗེ་ཁྲོ་བོ་དེ།
    སྐྱེས་ཕོ་མོ་གཉིས་ཀའི་བུ་གར་འཇུག

  6. ལུང་རྟོགས། says:
    2013-03-06 at 1:20 am

    སྔགས་རྡོ་རྗེ་ཐེག་པར་མངའ་རྙེས་ཤིང་།།
    མདོ་ཕར་ཕྱིན་ཐེག་པར་མཁྱེ༵ན་པ་རྒྱས།།
    མ་འགྲོ་བའི་སྐྱབས་གཅིག་བརྩེ༵་བའི་གཏེར།།
    རྗེ་ཐུ༵བ་བསྟ༵ན་ཆོ༵ས་ཀྱི༵་རྒྱ༵་མཚོ༵ར་འདུད།།

  7. བན་དེ་བ། says:
    2013-03-06 at 2:14 am

    རྩ་བ་སྐྱབས་སྡོམ་ཙམ་ཀྱང་མེད་པའི་འགྲོར།
    གསང་སྤྱོད་འཁོར་འདས་རུ་ཤན་གྲོང་དུ་བཀྲམ།
    ནུབ་ཕྱོགས་ཨི་ཏ་ལ་ཡི་ཉེན་རྟོག་པས།
    ཁྲིམས་ཀྱིས་ཉེས་ཆད་ཕོག་པ་གསན་ནམ་ཅི།

    ཆོས་པ་ཆོས་ཀྱི་གྲལ་དུ་མི་བཞུགས་པར།
    གཅེར་བུ་བུ་དང་བུ་མོའི་བྲོ་འཁྲབ་སར།
    གཟིགས་མོར་ཕེབས་པ་ཁྱེད་ཀྱི་གསན་ཡོད་དམ།

    ནུབ་ཕྱོགས་བསོད་ཟད་གཟས་སྒྲིབ་ཉི་ཟླ་གཉིས།
    ལས་བསྐལ་མེད་པས་ཚུལ་ལྡན་བླ་མ་བསྐལ།
    ཨ་ཁུ་ལས་ངན་དམ་ཆོས་གཞུང་ལུགས་ལ།
    གཟིགས་པ་གནང་དང་བླ་མའི་སྤང་བླང་ཡོད།

  8. གནམ says:
    2013-03-06 at 4:43 am

    ཨོ་ཧོ་ཨོ་ཧོ། སྒོར་མོ་བ་ལ་ཚོ་རེད་མོ། དེང་བླ་དྭངས་མ་ཚོ་རེད་མོ། ཆོས་འཇིག་རྟེན་གཉིས་ཀ་དུས་གཅིག་དུ་སྐོར་བའི་ཤིང་རྟའི་སྲོལ་འབྱེད་པ་ཚོ་རེད་མོ། ཨ་ཁུ་ཀླུ་སྨྱོན་ཧེབ་ལངས་ས་ཚོ་རེད་མོ། འདི་ཚོ་ད་ངར་བ་ཡོད་ཡ།

  9. སྤོབས་པ་མཐའ་ཡས། says:
    2013-03-06 at 4:56 am

    ངས་ཀྱང་བལ་ཡུལ་གྱི་ཨ་ནེ་ཆོས་དབྱངས་སྒྲོལ་མའི་སྐོར་ཞིག་བྲིས་ཡོད། མགྱོག་པོར་འདིར་གཏང་རྩིས་ཡོད། རྣམ་པ་ཚོས་གཟིགས་རོགས་དང་ང་ཚོའི་སྤྱི་ཚོགས་འདིའི་ནང་གི་ངོས་དང་རྣམ་པ་མི་འདྲ་བའི་མི་ཡོན་ཏན་ཅན་དེ་འདྲ་མཐོང་ཐུབ་གི་རེད

  10. ཕུག་རོན། says:
    2013-03-06 at 5:17 am

    ཀླུ་སྨྱོན་འདི་དགེ་ལུཊ་པ་རེད་དམ་རྙིང་མ་རེད།

  11. དྲང་སྲོང་རྟག་ཏུ་དགོད། says:
    2013-03-06 at 5:39 am

    རབ་བྱུང་གི་སྡོམ་པ་ཙམ་ཡང་སྲུང་མི་ཐུབ་མཁན་ཞིག་ལ། ནང་པའི་རིག་གནས་དང་ལྟ་གྲུབ་ཀྱི་གནས་ཚད་གླེང་བའི་འོས་བབས་གཏན་ནས་མེད། འདི་ཚོ་ཆོས་པ་རྣམ་དག་ཅིག་ཡིན་མི་སྲིད། འདི་ཚོས་ཆོས་ཡང་དག་ཅིག་ཤེས་ཡོད་མི་སྲིད། འདི་ཚོ་ཆོས་ཁ་ལ་ལེན་པའི་ནེ་ཙོ་རིགས་ཤིག་ཡིན་ལས་ཆེ།

  12. ལུང་རྟོགས། says:
    2013-03-06 at 5:51 am

    ཕྱོགས་ཞེན་ཕྲག་དོག་དུག་ཆུས་མྱོས་པ་རྣམས།།
    སངས་རྒྱས་འབྱོན་ཡང་དད་སེམས་མི་སྐྱེ་བ།།
    ལེགས་སྐར་ལྷས་སྦྱིན་དག་གི་གཏམ་ལས་ཤེས།།
    དེ་འདྲའི་མི་ལ་བཟང་པོ་སྣ་གཅིག་མེད།།

    རྒྱ་གར་ཡུལ་གྱི་གྲུབ་ཆེན་ཕལ་མོ་ཆེ།།
    བུད་མེད་ཁྲིད་ཅིང་རི་དྭགས་གསོད་པ་སོགས།།
    སྤྱོད་པ་ངན་པའི་མཐར་ཐུག་ཁོ་ན་ལས།།
    སྤྱོད་བཟང་ཞི་དུལ་ཅན་ཞིག་ཡིན་རབས་མེད།།

    ནང་གི་ཡོན་ཏན་དག་ལ་མ་བརྟགས་པར།།
    ཕྱི་ཡི་སྤྱོད་ཚུལ་ཅུང་ཟད་མཛེས་མིན་གྱིས།།
    བླ་མ་བཟང་ངན་ཐག་བཅོད་བྱེད་པ་འདི།།
    རྩ་བ་བོར་ནས་ཡལ་གར་འཇུས་པར་ཟད།།

  13. འཆི་མེད་གཡང་དྲུང་། says:
    2013-03-06 at 6:06 am

    ཀླུ་སྨྱོན་ཚང་། སྐྱེ་བུ་འདི་དག་གི་བྱང་ཆུབ་སེམས་པ་ལ་ཡིད་སྨོན་བྱེད་ཀྱིན་ཡོད་མེད་གང་ཤེས་ཏེ། མི་བུ་འདི་དག་གི་མཛད་སྤྱོད་ལོངས་སྤྱོད་ལ་ཡིད་སྨོན་ཤོར་ཡོད་པ་འདྲ་བོ་འདུག གུང་ཁྲན་ཏང་གི་ཁ་གཡང་ཞིག་འབོད། སློབ་སྦྱོང་ཡག་པོ་བྱས། ཉིན་རེ་ཡར་ཐོན་ཡོང་བར་སྨོན། ཀུ་རེ་ཡིན་ད།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-03-06 at 8:38 am

    ཆོས་རྒྱལ་དྲུང་པ་ཤམ་བྷ་ལ་དང་སྦྱར། །
    རྫོང་གསར་སྤྲུལ་སྐུ་ས་གསར་གནས་སུ་བྲིན། །
    ཕྱི་རྒྱལ་ཡུལ་གྱི་ཉི་དམར་ཟླ་དཀར་གཉིས། །
    བོད་བླ་ཟིལ་མནན་ཀླུ་སྨྱོན་རྟོག་བཏགས་ཙམ། །

  15. གནམ། མེས་པོའི་ཐེམ་སྐས། says:
    2013-03-06 at 9:54 am

    ནུབ་ཕྱོགས་ཡུལ་གྱི་ནང་པའི་ཟླ་བ་ཞིག་བཙལ་ན་བླ་མ་བཟོད་པ་རིན་པོ་ཆེ་འོས་པར་མཐོང་། ཁོང་ལ་རྗེས་འཇུག་གི་སློབ་མ་སྟོང་ཕྲག་མང་པོ་ཡོད་ལ། ཆོས་ཚོགས་བརྒྱ་དང་ལྔ་བཅུ་ལྷག་གཙོ་སྐྱོང་གནང་བཞིན་ཡོད། གཞི་བསླབ་པ་ཚུལ་ཁྲིམས་ཀྱི་རྩ་བ་བརྟན་ཞིང་། ཡན་ལག་བྱམས་དང་སྙིང་རྗེའི་རོལ་མཚོས་གཞན་གྱི་ཡིད་སེམས་དབང་མེད་དུ་འགུགས་མཁན་རེད་ཟེར།

  16. ལུང་རྟོགས། says:
    2013-03-06 at 10:06 am

    ཧཧཧཧཧཧ་་་་་་ཕྱོགས་ཞེན་ཅན་གྱི་མི་འདི་དག་ནི་ངོ་མ་གད་མོ་ཤོར་སྐྱེད་རང་རེད།

  17. ཅོ་རི་ཉི་མ། says:
    2013-03-06 at 10:29 am

    ཆོས་ཚོགས་དང་དགེ་ཕྲུག་མང་པོ་ཡོད་མཁན་ཚོས་གསུམ་བཅུའི་དུས་དྲན་ཉིན་མོར་དགེ་ཕྲུག་རྣམས་འཁྲིད་ནས་ཕེབས་རོགས་བྱོས་ཅེས་རེ་འབོད་བྱེད་བཞིན་ཡོད། བོད་མི་རིགས་ཀྱི་འཆི་གསོན་གྱི་ས་མཚམས་འདི་ལ་རྡོག་རྩ་གཅིག་སྒྲིལ་གནང་བའི་རེ་བ་ཆེན་པོ་ཡོད། བོད་པའི་ཁྱི་ཞིག་གི་རེ་བ་ཡིན།།

  18. ཅོ་རི་ཉི་མ། says:
    2013-03-06 at 10:42 am

    སུ་ལ་གདུལ་བྱ་མང་ན་ཡག་པོ་རེད།
    སུ་ལ་དགེ་ཕྲུག་མང་ན་ཡག་པོ་རེད།
    སུ་ལ་སྒོར་མོ་མང་ན་ཡག་པོ་རེད།
    སུ་ལ་འཇོན་སྟངས་ཡོད་ན་ཡག་པོ་རེད།

    ཉམ་ཆུང་བོད་མིར་རྒྱབ་སྐྱོར་མང་ན་ཡག
    ཉམ་ཆུང་བོད་མིར་དཔལ་འབྱོར་རྒྱས་ན་ཡག
    ཉམ་ཆུང་བོད་མིར་འཇོན་མཁན་མང་ན་ཡག
    ཉམ་ཆུང་བོད་མིར་རོགས་སྐྱོར་མང་ན་ཡག

    ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན། གསུམ་པོ་བཀའ་ཁྲི་སེང་གེའི་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གསུམ་རེད་དོ།།།།།།།།

  19. ཅོ་རི་ཉི་མ། says:
    2013-03-06 at 10:59 am

    དམ་པའི་ལྷ་ཆོས་བོད་པས་སྦྱངས་སྦྱངས་ཀྱིས།
    ཕྲག་དོག་འདི་ལ་ཟད་མཐའ་མི་འདུག་སྙམ།
    བདག་མེད་དོན་ལ་བོད་པས་བསྒོམས་བསྒོམས་ཀྱིས།
    ང་འཛིན་ལྷན་སྐྱེས་རྫོགས་མཐའ་མི་འདུག་སྙམ།

    ཆོས་པ་ཆོས་པའི་བར་ལ་ཕྲག་དོག་ཞིག
    མི་སྐྱ་མི་སྐྱའི་བར་ལ་ཕྲག་དོག་ཞིག
    ཕྲག་དོག་དུག་གིས་སྨྱོན་བའི་བོད་མིའི་ཆེད།
    དམྱལ་བ་མི་ཡུལ་རང་གིས་ལེན་པ་རེད།

  20. བོད་ལ་ཞེན། says:
    2013-03-06 at 11:33 am

    རྫོང་གསར་ནི་བླ་མའི་ནང་གི་རྟོགས་པ་གང་འདྲ་ཡོད་མི་ཤེས་ཀྱང་། ནུབ་ཕྱོགས་དང་འབྲུག་སོགས་ལ་སྐད་གྲགས་ཨའོ་ཙམ་ཡོད་པ་མ་ཟད། ས་སྐྱ་དང་རྙིང་མ་གཉིས་ཀ་ནང་ཐོབ་དང་གོ་ས་ཡང་ཆེན་པོ་ཡོད་རེད། སྤྱོད་པ་ལ་བསམ་ན་ཚུལ་དང་མཐུན་པ་ཞིག་ཡོད་མ་རེད་ལ་བསླབ་པ་ཡང་གཙང་མ་ཡོད་ས་མ་རེད། འོན་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱ་བ་ཡང་གང་ཙམ་སྒྲུབ་ཡོད། མདོར་ན་སྐྱེས་བུ་དམ་པ་གོང་མ་རྣམས་ནང་བཞིན་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་རེད་ཟེར་ན་བརྗོད་མི་ཐུབ་ལ། ཡང་དེ་སང་གི་སྤྲུལ་སྐུའི་མིང་འཁྱེར་ནས་ཆང་དང་བུད་མེད་ཁོ་ན་དེད་ཅིང་བསྟན་པ་བཤིག་རྒྱུ་ཁོ་ན་མ་གཏོགས་མི་ཤེས་མཁན་དེ་འདྲ་ཡང་མ་རེད།

  21. ནུབ་ཕྱོགས་གངས་ཕྲུག་ says:
    2013-03-06 at 12:12 pm

    ནུབ་ཕྱོགས་སུ་སྐད་གྲགས་ཆེ་བའི་བླ་མ་རྣམས་ནི། བཀའ་བརྒྱུད་པའི་ནང་། ཆོས་རྒྱམ་དྲུང་པ།༼འདས་ཟིན༽བླ་མ་ཀ་ལུ། འདས་ཟིན༽
    དགེ་ལུགས། བླ་མ་ཡེ་ཤེས། ༼འདས་ཟིན༽ བླ་མ་བཟོད་པ།
    རྙིང་མ། བསོད་རྒྱལ་རིན་པོ་ཆེ། ས་སྐྱ་། རྫོང་གསར་མཁྱེན་བརྩེ།

  22. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-03-06 at 12:31 pm

    ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་མཛད་འཕྲིན་ལ་བརྟེན་ནས་ནུབ་ཕྱོགས་ཁུལ་དུ་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཛིན་སློབ་མ་དང་ཆོས་ཚོགས་བརྒྱ་ཕྲག་མང་པོ་འཕེལ་ཞིང་། དཔེ་དེབ་བཅུ་ཕྲག་རེ་ཟུང་བྲིས་གནང་ཡོད། སྟབས་མ་ལེགས་པར་བླ་མ་ཁོང་དགུང་གྲངས་ཆུང་ཆུང་སྐབས་ཕྱི་མའི་ལྔ་ལམ་དུ་གྱུར། ཁོང་གིས་བཙུགས་པའི་ཤམ་བྷ་ལའི་ཆོས་ཚོགས་བརྒྱ་ལས་བརྒལ་བ་མང་ཆེ་བ་ད་ལྟའི་ཆར་ནུབ་ཕྱོགས་སློབ་མ་དག་གིས་དབང་བསྒྱུར་འོག་ཡོད་ཅིང་། ནང་ཆོས་ཀྱི་སྒོམ་སྒྲུབ་ཉམས་ལེན་དང་། དཔེ་ཁྲིད་ཀྱི་རྣམ་པ་དག་ཀྱང་དུས་རབས་གསར་པའི་ཁ་ཕྱོགས་དང་བསྟུན་དྲགས་པས། བོད་ཀྱི་བླ་མ་སྔར་སྲོལ་རྒྱུན་འཛིན་པ་མང་པོ་ཞིག་གིས་དེ་ལ་གཟིགས་ཕྱོགས་གཞན་ཡང་ཡོད་པ་འདྲ། །

    རྗོང་སར་མཁྱེན་བརྩེ་ཚང་གིས་ནུབ་ཕྱོགས་ནི་ནམ་ཞིག་ནང་བསྟན་ཆོས་ལུགས་ཀྱི་གདུལ་ཞིང་གཙོ་བོ་ཞིག་ཏུ་བརྗོད་ཡོད་ལ། ཨ་རིའི་མཐོ་སློབ་ཅིག་ཏུ་ལོ་ལྔ་བཅུའི་ནང་ཐུབ་བསྟན་ཆོས་ལུགས་ཀྱི་བཀའ་འགྱུར་ཡོངས་རྫོགས་དབྱིན་སྐད་དུ་བསྒྱུར་བའི་ལས་གཞི་བརྩམས་ཡོད། དེ་ལ་བླ་མ་རང་གིས་ཐབས་ཤེས་གནང་སྟེ་ཨ་སྒོར་ས་ཡ་ལྷག་གིས་འགྲོ་གྲོན་བཏང་བས། བོད་ཀྱི་བླ་མ་ཞིག་གིས་ནུབ་ཕྱོགས་པར་ཞལ་འདེབས་ཕོན་ཆེན་གནང་བར་ཧ་ལས་མཁན་ཡང་འདུག མདོར་ན་བླ་མ་འདི་གཉིས་ཀར་དངོས་སུ་མཇལ་མྱོང་མེད་ན་ཡང་། ནུབ་ཕྱོགས་ཁྲོད་མཚན་སྙན་ཤིན་ཏུ་ཆེ་བའི་བོད་ཀྱི་བླ་མའི་གྲས་རེད་ཅེས་ཞུའོ། །

  23. རྒད་པོ། says:
    2013-03-06 at 12:53 pm

    དྲུང་རྫོང་གཉིས་ནི་ང་ཚོ་བོད་པའི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་སློབ་དཔོན་གཉིས་སུ་གྲགས། ཁོང་གཉིས་ལ་རང་རང་སོ་སོའི་ཁྱད་ཆོས་ཤིན་དུ་ཆེ་ལ་ཐུན་མོང་སློབ་མའི་རེ་བ་བསྐོང་བའི་ནུས་པ་ཤིན་དུ་ཆེ།

    དྲུང་པས་སློབ་མའི་གཤིས་རྒྱུད་ལ་གཙོ་བོར་བལྟོས་ནས་ཆོས་བཤད་བགྱིས་པ་དག་གི་འབྲས་བུར། སྔོན་མ་རི་དྭགས་གཙོ་བོར་གཉེར་བཞིན་བུད་མེད་དང་ཆང་རག་ནར་མར་སྤྱོད་མཁན་གྱི་ཨ་རིའི་མཐའ་ཁོབས་ཀ་ལ་རོལ་སྒྲའི་བོད་ཀྱི་བྱང་ཐང་འདྲ་བོའི་ས་གནས་ལ་ཡེ་ཤུ་དང་ཁ་ཆེས་བཏུལ་མ་ཐུབ་པའི་རང་གཤིས་གྱོང་བའི་ཡུལ་མི་རྣམས་ལ་ནང་ཆོས་ཀྱི་གསང་སྔགས་དང་དང་དག་ཞིང་གི་ཆོས་སྒྲས་བཏུལ་བ་འདི་ཤིན་དུ་ནས་ངོ་མཚར་གྱི་གནས་ལགས། འདི་རྫུ་འཕྲུལ་མིན་ན་ད་རྫུ་འཕྲུལ་སྟོན་ཡས་མིན་འདུག

    ངས་གྲོགས་པོ་ཞིག་གི་ནང་ནས་དྲུང་པའི་བཅར་འདྲི་ཆུ་ཚོད་བཞིན་ཙམ་གྱི་གློག་བརྙན་མཐོང་བྱུང་། དྲུང་པ་འདིས་ཆུ་ཚོད་བཞིའི་ནང་གི་བཅར་འདྲི་དེའི་ནང་རྫུན་རྩ་བ་ནས་བཤད་མ་སོང་། མ་ཤེས་ན། I don’t know ཟེར་རྐྱང་། འབྲོག་པའི་མིའི་གཤིས་ཀ་མཐུག་པོ་ཡོད་པ་ཞིག་ལ། རྣམ་དཔྱོད་ཀྱི་ཤུགས་ཆེ་ཆེར་ལྡན་པའི་མི་གཤིས་ཤིག་འདུག་སྙམས། ཁྱོད་ཉོན་ཨང་། དྲུང་པས་འདི་འདྲ་བཤད་སོང་།

    “སྡོམ་པ་སྲུང་རྒྱུ་དེ་ལེགས་མོས། ཡིན་ནའང་། ང་ཚོ་མང་ཆེ་བས་ལུས་ཀྱི་སྲུང་ཐུབ་ནའང་། སེམས་ཀྱིས་སྲུང་ཐུབ་ཀྱི་མེད། བྱས་ཙང་། ངས་སྲུང་མ་ཐུབ་པ་འདི་ཕྱི་ལ་བཏོན་ནས་སྦས་ཀྱི་མེད། ང་སེམས་ནང་ལ་ཆང་མ་ཆོད་པར་ཕྱི་ལ་ཆང་མི་ཐུང་བའི་རྣམ་པ་བསྟན་ན་ང་རང་སྐྱུག་མལ་ལངས་ཀྱི་འདུག་ཟེར། ང་གཉིད་ཁུག་གི་མིན་འདུག རྫུན་བཤད་ནས་སུ་ལ་མགོ་སྐོར་གཡོགས།”མ་རེད་ཟེར་ཡས་མིན་འདུག

  24. lhamotsering says:
    2013-03-06 at 12:57 pm

    ད་གང་ཤེས་ནུབ་ཕྱོགས་ཀྱི་ཉི་ཟླ་ཡིན་མིན་མི་ཤེས་ཡ།

  25. རྒད་པོ་རྒྱལ། says:
    2013-03-06 at 1:56 pm

    དྲུང་པས་ད་དུང་། ཁོང་གི་སེམས་ནང་ལ་འགུལ་སྐྱོད་གཏོང་མཁན་གྱི་ཆོས་པ་གཙོ་བོ་གཉིས་ནི། མི་ལ་རས་པ་དང་། བཀའ་གདམས་པའི་དགེ་བཤེས་ཤིག་ཡིན་ཟེར། མིང་དྲན་མ་སོང་། ཁོང་གིས། མི་ལ་དང་བཀའ་གདམས་པའི་ཆོས་དེ་ཚོའི་ནང་ལ་གཙོ་བོ་བདག་གཅེས་འཛིན་དང་། བཅོས་མའི་སྤྱོད་པ་དག་འཐེར་བྱེད་པར་གཙོ་བོར་ཡིན་སྟབས། ཁོ་པས་བློ་སྦྱོང་དོན་བདུན་པའི་འགྲེལ་བ་ཞིག་བརྩམས་ཡོད་ཟེར། ཁོང་གིས། མི་ལ་དང་བཀའ་གདམས་པའི་དགེ་བཤེས་ཚོས། རང་ལ་མགོ་བོ་སྐོར་མཁན་གྱི་དགྲ་དེ་འདོད་ཆགས་དང་ཞེ་སྡང་གཙོ་བོར་མ་འཛིན་པར། གཙོ་བོ་དེ་བདག་གཅེས་འཛིན་གྱི་བློས་མ་རུང་བའི་བསམ་པ་སྣ་ཚོགས་དང་། དེ་དག་ལས་སྤྱོད་པ་སྣ་ཚོགས་སྤྲོས་ཟེར། དྲུང་པས། ངའི་ཆོས་གཙོ་བོ་འདི་བཅོས་མ་དང་། རང་སྐྱོན་སྦས་པའི་བྱ་སྤྱོད་དག་གཙང་མ་བཟོ་རྒྱུ་ཡིན་ཟེར།

  26. རྒྱ་མཚོ་ཆེན་པོ་ says:
    2013-03-06 at 10:29 pm

    དྲུང་རྫོང་གཉིས་ཀྱི་ཡ་མཚན་བའི་ལོ་སྒྱུས་ཡོད་ཐོས་བྱུང་བས་མཁྱེན་རྟོགས་སུ་རུང་གིས་མུ་མཐུད་སྤེལ་གནང་ཞུ་ གུས་ཆུང་བདག་ཉན་འདོད་ཆེ་བས་ཐུགས་རྗེ་གཟིགས་

  27. lobsang says:
    2013-03-07 at 1:49 am

    ནུབ་ཕྱོགས་སུ་སྐད་གྲགས་ཆེ་བའི་བླ་མ་རྣམས་ནི། བཀའ་བརྒྱུད་པའི་ནང་། ཆོས་རྒྱམ་དྲུང་པ།༼འདས་ཟིན༽བླ་མ་ཀ་ལུ། འདས་ཟིན༽
    དགེ་ལུགས། བླ་མ་ཡེ་ཤེས། ༼འདས་ཟིན༽ བླ་མ་བཟོད་པ།
    རྙིང་མ། བསོད་རྒྱལ་རིན་པོ་ཆེ། ས་སྐྱ་། རྫོང་གསར་མཁྱེན་བརྩེ།

  28. བཙན་པོའི་བུ། says:
    2013-03-07 at 9:04 am

    རེད་དྲུང་པས་ཆོས་ཚོགས་མང་པོ་བཙུགས་ཡོད་ལ་སློབ་ཕྲུག་ཀྱང་མང་པོ་ཡོད་པ་རེད། འོན་ཀྱང་། སློབ་ཕྲུག་དེ་དག་གི་ཁྲོད་ནས་ནང་ཆོས་བཤའ་མ་རྟོགས་མཁན་དཀོན་ལ་བོད་ལ་ཞེན་པ་དཀར་བའི་མི་ཞིག་དེ་བས་དཀོན། ཁོ་ཚོས་རྟོགས་པ་ནི་བོད་པའི་ཆོས་རྒྱུད་མི་འདྲ་བ་ཁག་གི་མིང་ཙམ་དང་། བཙོག་པུར་བསྡད་ནས་སྒོམ་སྒྲུབ་བྱེད་ཁུལ་ཙམ་དེ་རེད། དེ་ནི་ཤམ་བྷ་ལའི་ཆོས་ལུགས་ཤིག་པར་བཤད། མདོར་ན་ནུབ་ཕྱོགས་སུ་བོད་ཀྱི་ནང་པའི་ཆོས་ཚོགས་མང་ཡང་བླ་མ་ཆོ་མེད་དེ་རིགས་ཀྱིས་རང་ཉིད་ཀྱི་དགོས་མཁོ་དང་མགོ་གསེར་སློབ་མའི་འདོད་འདུན་དང་བསྟུན་ནས་འཁྲམ་གཞི་འཁྲབ་པ་ལས་ནང་ཆོས་ཀྱི་ནང་སྙིང་ངོ་མ་དེ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ངོ་སྤྲོད་བྱེད་མཁན་དཀོན་པོ་རེད།་

  29. བན་དེ་བ། says:
    2013-03-07 at 9:07 am

    རྫོང་གསར་མཁྱེན་བརྩེ་ས་སྐྱ་་་་་་་རྙིང་མ་་་་་སུས་ཐག་ཆོད་དམ

  30. གནམ། མེས་པོའི་ཐེམ་སྐས། says:
    2013-03-07 at 10:02 am

    དེང་སང་ནུབ་ཕྱོགས་སུ་བོད་ཀྱི་་བླ་མ་སྤྲུལ་དགེ་བཤེས་མང་པོ་ཞིག་གིས་གནས་སྐབས་ཀྱི་དཔལ་འབྱོར་དང་། མི་ཚོགས་འགུགས་པའི་ཐབས་ལམ་ཁོ་ནར་དམིགས་ཏེ། ཆོས་རྒྱུད་སོ་སོའི་ཆོས་ལུགས་ཀྱི་ངོ་བོ་གཞན་དུ་བསྒྱུར་བཞིན་ཡོད། དེས་ནི་ཆོས་ལུགས་དེར་ཞབས་འདེགས་ཞུ་བ་ལས་ལྡོག་སྟེ་བསྟན་པ་ལ་རྨ་ཕབས་པ་རེད་བསམ། ནུབ་ཕྱོགས་ཁྲོད་བོད་ཀྱི་ཆོས་ཚོགས་གྲངས་མང་ཉུང་བཤད་ན་དགེ་བཤེས་སྐལ་བཟང་རྒྱ་མཚོའི་འོག་ན་ཆོས་ཚོགས་ཆེ་ཕྲ་བརྒྱ་དང་བརྒྱད་ཅུ་ཡོད་པ་ཐོས།

  31. མེ་ཏོག་དཀར་པོ says:
    2013-03-08 at 9:18 pm

    ཨ་རོ་ཚོ། ནང་ཆོས་པ་ཡིན་ན་བོད་ཞེན་ཅན་ཡིན་དགོས་ནི་མ་རེད། དེ་འདྲ་ཞིག་དགོས་དྲན་པ་ནི་ནོར་སོང་ནི་རེད། ཆོས་པ་ཞིག་ཡིན་ན་མཇེ་ནག་སྟུ་ནང་བཅུག་མི་ཆོག་པ་ཁོ་ནའོ་སྙམ་པའང་དགེ་ལུགས་པའི་ཤན་ཤོར་ནི་རེད། དེ་ཡང་ནོར་བ་རྔམ་པོ་ཆེ་རེད།
    དེས་ན། གང་གིས་ཆོས་ཀྱི་གཙོ་བོ་མཆོག།
    སེམས་ཀྱི་གསང་འདི་མ་ཤེས་ན།།
    བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་།།
    དེ་དག་དོན་མེད་གྱི་ནར་འཁྱམས།། ཞེས་གསུངས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme