Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུ་མོར་སྤྲིངས་པའི་སེམས།

Posted on 2014-10-122014-10-12 By ཁ་བརྡ་ 1 Comment on ནུ་མོར་སྤྲིངས་པའི་སེམས།

སྲས།

unnamed-3རེ་ཡུལ་ཁ་པར་འཕྲུལ་གྱི་བྱ་མ་རྟས།།
སིལ་སིལ་སྙན་པའི་གདངས་ཀྱིས་རྒྱང་ནས་འབོད།།
དྲོད་འཁྱིལ་གཞིས་ནས་སླེབས་པའི་གསུང་འཕྲིན་ཞིག།
ཤག་ཤག་ཆུ་མོའི་ཟོལ་གྱིས་སེམས་ལ་བཞུར།།

ཡབ་ཡུམ་བརྩེ་བ་སྣུམ་པོའི་ཉེ་ངོགས་སུ།།
སུམ་ཐབ་གྲོགས་སུ་བདམས་པའི་སྲིང་ཆུང་མ།།
རྒྱང་འཐེན་གནས་ལམ་ཕྲ་མོར་བཅོལ་བའི་གཏམ།།
བསམ་ཞིང་བསམ་ཞིང་སྙིང་གི་ཕྱེད་ཀ་འཁྱགས།།

སྨྲེང་བ་རྒྱང་ལ་བཏེགས་པའི་གནས་འགྲིམས་སྤྱི།།
འཁྲེང་ཞེན་མཆི་མས་རས་སུ་བཅད་མིན་མོད།།
བརྒྱད་གཉིས་ལང་ཚོ་བསུས་པ་ངའི་ནུ་མོ།།
ལོ་ན་ཧ་ཅང་སྲབ་པར་ལྷག་སྡུག་འཆོར།།

ཕ་མའི་འཛུམ་རླབས་དྲོ་བའི་གཞིས་ཆུང་དེར།།
གྱ་ནོམ་འབྱོར་བའི་ཕུན་ཚོགས་དབེན་ཀྱང་བླ།།
འཇམ་པའི་རྨི་ལམ་བསྒྲིག་པའི་མིང་སྲིང་དག།
ཕྱོགས་དང་ཕྱོགས་སུ་འཁྱར་ན་ཞེ་སེམས་འགས།།

སྣ་ལྔའི་སྐྲ་དར་བསྐྱོད་པའི་ཚོན་འོག་ན།།
སེམས་པ་ཕྱི་ལ་འཁྲེན་པའི་སྲིང་ཆུང་མ།
རབ་རུབ་རུ་བའི་མཐའ་ནས་ཅུང་སྒུགས་དང་།།
རྒྱང་རིང་ཨ་ཁུའི་སེམས་ཀྱིས་ཁྱོད་ལ་སྙེག།

རྩམ་སྐྱ་ཟས་སུ་ཆད་པའི་ལྡོམ་བུ་པར།།
རྒྱུ་ནོམ་དངུལ་གྱི་རྫོངས་པ་ཅང་མེད་མོད།།
ཞེ་འདང་གངས་རི་གཙང་མར་བཞུས་པའི་ཆབ།།
མིག་ཆུ་ཕོར་བ་གང་གི་གྱེས་ཆང་འདེགས།།

རྒྱུ་ཆེན་གཅེས་མས་གཡུ་བྱུར་རྒྱན་དུ་འཁུར།།
དཔོན་ཆེན་བུ་མོས་གསེར་དངུལ་རྫོངས་པ་འཐུ།།
སྲབ་འཇམ་ཚར་དཀར་ལྟེབ་ཀྱི་ཟོ་བཟང་མས།།
ལྷན་སྐྱེས་གཤིས་ཀ་དེ་ཉིད་གྲོགས་སུ་ཁྱེར།།

དགུང་བགྲེས་ཡབ་ཡུམ་འཛུམ་འཛུམ་བཞིན་གྱིས་འཚོས།།
ཚེ་གཅིག་ཁྱོ་ཀ་བྱམས་བྱམས་ཐབས་ཀྱིས་སྐྱོངས།།
རྒྱུས་མེད་གྲོང་ན་ཕུབ་པའི་སྦྲ་ཆུང་གན།།
ཁྱོད་ལ་ལས་ཀྱིས་བསྐྲུན་པའི་གཞིས་ཀ་ཉིད།།

གཏམ་ཡན་ན་བུན་གཏིབས་པའི་ཡུལ་གྲུ་དེར།།
སུན་སྣང་གདུང་བའི་ཁུར་པོ་ཐེག་དཀའ་དུས།།
སྲོད་ཁའི་རླུང་བུ་འཇམ་པོར་གཞས་སྐུར་དང་།།
ལྕམ་དྲལ་རྨི་ལམ་ཞིང་ནས་ཡང་ཡང་མཇལ།།

ལག་ཆུང་སྲབ་ལ་འཇུས་པའི་སྲིང་ཆུང་མ།།
ད་ནི་མིག་ཆུ་ཕྱེ་ལ་ལམ་དུ་ཆས།།
གཟན་སྣེ་རླུང་གིས་འཐེན་པའི་ཕུ་བོར་ཡང་།།
ཚད་ཐུབ་གླེགས་བམ་སློག་པའི་ལས་ཀ་ལྕི།།

བྱིན་རླབས་དྲི་བསྩུང་གཡོ་བའི་ཉེེར་ལེན་དུ།།
ངག་རིག་འཕྲིན་གྱི་མེ་ཏོག་སྐྱེས་སུ་སྐུར།།
སྤྲང་པོར་རིང་ནས་བྱམས་པའི་ཏཱ་རེ་མ།།
རྒྱང་བཞུད་ནུ་མོ་གཡས་དང་གཡོན་ནས་སྐྱོར།།

སྙན་ངག

Post navigation

Previous Post: སྤེལ་ལྗམ་དུ་རང་ལུས་མེར་བསྲེགས།
Next Post: ཉི་ནུབ་དང་བགྲེས་སོང་།

Comment (1) on “ནུ་མོར་སྤྲིངས་པའི་སེམས།”

  1. མཚོ་དཀར། says:
    2014-10-13 at 1:06 pm

    རྩོམ་ཡག་པོ་འདུག་ད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme