Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུ་བོར་སྤྲིངས་པ།

Posted on 2013-11-282013-11-28 By ཁ་བརྡ་ 3 Comments on ནུ་བོར་སྤྲིངས་པ།

ཁང་སྨིན་གྲོལ་རྒྱ་མཚོ།

IMG_1769

ཁོང་ཚོས་བརྩམས་པའི་<<གཞུང་ལུགས་བྲན་རྒོལ་>>གྱི་རྩོམ་ཡིག་འགའ་རེ་མཐོང་རྗེས་ཀྱི་ཟིན་ཐོ།

བརྩེ་བའི་སྤུན་ཆུང་ཡ། དགོན་ཚེ། ད་ཁྱོད་ངོ་མ་འཚར་ལོངས་བྱུང་འདུག ངའི་སེམས་ངོགས་ན། ཁྱོད་ནི་ད་དུང་ཡང་མི་ལོ་བཅུ་ཕྲག་གོང་གི་བློ་བཟང་ཚེ་རིང་སྟེ། ངས་ཅི་བཤད་ལ་ཉན་ཞིང་། ང་གར་སོང་ལ་ཡོང་བའི་འཛུམ་དམུལ་དམུལ་གྱི་གྲྭ་ཕྲུག་གཉོམ་ཆུང་ཞིག་ཏུ་བསམས་ནས་ཡོད་མོད། དོན་ངོ་མར། ད་ནི་ཁྱོད་ངའི་ཚོད་དཔགས་ལས་ཡོངས་སུ་བརྒལ་ནས་འདུག་སྟེ། མིག་གིས་མཐོང་བའི་སྣང་བརྙན་དེ་དང་། སེམས་ཀྱིས་མྱང་བའི་བརྗོད་དོན་ཅན་གྱི་སྐད་ཆ་དག་གིས། ད་ནི་ཕུ་བོ་གླེན་རྒན་ངའི་ཁྱོད་ལ་བཅངས་པའི་ལྟ་ཚུལ་རྦད་དེ་ནོར་འདུག་པ་གསལ་པོར་ཤེས་ཡོད་པས། གོ་སྐབས་འདི་བརྒྱུད་ནས་ཁྱོད་ལ་དགོངས་དག་ཞུ་རྒྱུ་ཡིན།

མ་གཞི་ནས་མི་རུ་སྐྱེས་ཤིང་། མི་རུ་འཚར་བའི་གོ་རིམ་ནི་དེ་འདྲའི་ཡ་མཚན་པ་ཞིག་མ་ཡིན་ནའང་། དེ་རིང་གློ་བུར་གྱི་ཁྱོད་དང་ཁ་བརྡ་ཕྲན་བུ་བྱས་རྗེས་ཀྱི་ཁོ་བོར་ནི་རྒྱུན་ལྡན་མ་ཡིན་པའི་ཚོར་སྣང་ཞིག་གིས་རྦད་དེ་བཟི་བར་བྱས་སོང་། དེའི་རྒྱུ་མཚན་ནི། ཁྱོད་དང་ཁྱོད་ལྟ་བུའི་མི་རབས་གསར་པ་ཚོས། རང་གི་མི་ཚེ་འདི་རང་ལ་དབང་བའི་གཏན་ཚིགས་ཀྱི་རི་མོ་མཁའ་དབྱིངས་སུ་བྲིས་ཏེ། འཇིག་རྟེན་འདིར་ཅིས་ཀྱང་རང་གི་རྐང་རྗེས་ཤིག་རང་ངོས་ནས་ཆེ་མཐོང་དང་ལྡན་པར་གསལ་པོར་འཇོག་དགོས་པའི་ལམ་བུ་ཞིག ནང་མིའི་ཁ་བརྡུང་དང་། མི་ཚོགས་ཀྱི་འཕྱ་དམོད། ཆ་མི་སྙོམས་པའི་དགེ་བསྐོས་ཀྱི་ཁྲིམས་དབྱིག་སོགས་གང་ལའང་མི་འཇིགས་པར། རང་གི་བདམས་པའི་ལམ་དུ་དེར་སྤོབས་པ་དང་གཏན་ཚིགས་བསྲེས་ནས་ག་ལེར་བགྲོད་བཞིན་པ་མཐོང་དུས། ངོ་མ་ཡིན། ངའི་སེམས་གཏིང་ནས། ངའི་ངག་སྒོ་ནས། ད་དུང་ངས་ཡོད་ཚད་ཀྱིས། བརྩེ་<བའི་ནུ་བོ་ཁྱོད་ལ་ཡིད་སྨོན་ཐེངས་ཤིག་མི་བྱེད་པའི་རང་དབང་མེད་པར་གྱུར་སོང་།

IMG_5204སྤུན་ཆུང་ཡ། ཁ་པར་བརྒྱུད་ཁྱོད་ཀྱིས་བཤད་ན། ང་ཚོས་ནང་བསྟན་གྱི་ཆེད་དུ་ནང་བསྟན་དཀྲུགས་དགོས་ཟེར། ཐོག་མར་སྐད་ཆ་འདིས་ང་མགོ་རྨོངས་པར་བྱས་སོང་། འོན་ཀྱང་ཞིབ་འདངས་རེ་བྱས་ཚེ་སྐད་ཆ་འདིར་ཡང་དམིགས་བསལ་གྱི་གོ་རྒྱུ་ཞིག་བདོག་སྟེ། ཡོད་ཚད་ཁ་འཛིན་ཙམ་དུ་གྱུར་པའི་འུ་ཚོའི་སློབ་གཉེར་གྱི་ལམ་བུ་རེ་རེས་མིའི་རིགས་ཀྱི་བསམ་བློ་འཕེལ་རྒྱས་ཅི་ཙམ་གཏོང་ཐུབ་མིན་ནི་ང་ཚོས་ཤེས་གསལ་མ་རེད་དམ། ངས་འདི་ལྟར་བཤད་དོན། ཁྱོད་རང་ནང་བསྟན་གྱི་ཆེད་དུ་ཅི་ཞིག་བསྒྲུབས་འདོད་ཡོད་པ་ཙམ་མ་ཡིན་པར། ཁྱོད་རང་ཆེས་དགའ་ས་དེ་རང་གི་སེམས་ཁམས་མུན་ནག་གི་རྒྱ་ལས་དགྲོལ་ཕྱིར་གུ་ཡངས་ཀྱི་བཞུད་ལམ་ཞིག་འཚོལ་བར་མོས་ཤིང་བརྩོན་བཞིན་པ་དེ་རེད།

བརྩེ་བའི་ནུ་བོ་ལགས། ང་ནམ་ཡང་ཁྱོད་ཀྱི་དྭངས་གཙང་གི་རྨི་ལམ་ལ་དགའ་ཞིང་། ཁྱོད་རང་རྨི་ལམ་ལས་སད་པའི་ཉིན་མོར་དེ་བས་ཀྱང་མོས་པས། ད་ནི་ཁྱོད་ཅིས་ཀྱང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། ལྷིང་འཇགས་དང་སྤྲོ་སྣང་གིས་བརླམས་པའི་ཁྱོད་ཀྱི་མ་འོངས་པའི་ཞིང་ཁམས་ཏེ། རླབས་ཆེན་གྱི་རྨི་ལམ་རིང་མོ་རང་གི་དགའ་མར་བསུ་བའི་ལྟ་གོན་ལ་ཞི་འཇམ་དང་བག་ཕེབས་ཀྱིས་ཆས་རན་སོང་ཨང་། བརྩེ་བའི་ནུ་བོ་ཡ།

མཐའ་དོན་ངས་ཁྱོད་ལ་ཞུ་འདོད་པ་ནི། ༸སྐུ་ཞབས་གྷན་དྷའི་འཚེ་མེད་ཞི་བའི་སྙིང་སྟོབས་དང་། སྐུ་ལྕམ་ཧེ་ལེན་ཁུ་ལར་གྱི་ཤེས་བརྩོན་སྙིང་སྟོབས། ད་དུང་༸གོང་ས་མཆོག་དང་། ཡེ་ཤུའི་བཙུན་མ་མ་ཌུར་ཌེ་རེ་སའི་ཀུན་ཁྱབ་བྱམས་བརྩེའི་སྙིང་སྟོབས་ལྟ་བུ་ཞིག་ང་ཚོའི་རྨི་ལམ་གཏོང་མ་ཐུབ་ཀྱང་། དམ་པ་དེ་དག་གིས་སྤོས་ཟིན་པའི་ཞབས་རྗེས་ཀྱི་ཟུར་རེ་རེར་རྒྱུན་དུ་མནོ་བསམས་བྱེད་ཐུབ་པ་ཡིན་ན། དེས་ནི། ད་གཟོད་གནས་ལུགས་ཤིག་ཁྱོད་ཀྱི་སེམས་ངོགས་སུ་གསལ་པོར་མངོན་འོང་སྟེ། འགད་ལ་ཉེ་བའི་དབུགས་ལྒང་ལྟ་བུའི་ང་ཚོའི་མི་ཚེ་དང་། ལྷག་གསམ་རྣམ་དག་གིས་བསྐྱལ་ཟིན་པའི་ཉིན་རེའི་འཚོ་བ་དང་བྱ་གཞག་ཡོད་རྒུར་དངས་གཙང་གི་རྐང་རྗེས་ཤིག་གིས་ཡོངས་སུ་ཁྱབ་ནས་ཡོད་པ་མི་རྣམས་ཀྱིས་ཤེས་ངེས་སོ། ཁྱོད་ཀྱི་རྨི་ལམ་རྒྱལ་ལོ།

༡༡། ༢༨། ༢༠༡༣།

འཕྲིན་ཡིག

Post navigation

Previous Post: དགེ་རྒན་ཆེན་མོ་དང་གྲགས་ཅན་སྙན་ངག་པ་རྒན་དཔའ་རྩེ་ལགས་ལ་ཞུས་པའི་དྲི་བ་ཞིག
Next Post: དཀར་ངོས་སྟེང་གི་ནག་ཐིག

Comments (3) on “ནུ་བོར་སྤྲིངས་པ།”

  1. ཨ་འདུས་མིག་ཆུ། says:
    2013-12-01 at 11:37 pm

    ལོ་ཆུང་ངུའི་སྐབས་ནས་ཕུགས་བསམ་ཆེན་པོ་ཞིག་སྙིང་ལ་བཅངས་ཤིང་། རེ་བ་རི་འདྲ་ཞིག་ཁུར་བའི་མི་བུ་དེ། ཕ་མས་གསོ་སྐྱོང་དང་སྤྱི་ཚོགས་ཀྱིས་གོང་བཀུར། སྤུན་ཟླས་ཡར་སྐུལ་བྱེད་ཐུབ་ན། མི་རིགས་ཀྱི་རྒྱན་དུ་འགྱུར་ངེས་ལ། རིག་གཞུང་གི་བླ་རྐང་དུ་ཆགས་ངེས་ན། ཁྱེད་ཀྱིས་ཀྱང་ཕུ་བོ་ལྐུགས་པ་ཞིག་གི་བྱེད་སྟངས་ལྟར། ཁྱེད་ཀྱིས་མ་འགྲིག་པ་དང་མ་འོངས་ཚུལ་གྱི་་དགོས་མེད་དོན་མེད་ཀྱི་གནས་ལུགས་རྫུན་མ་རེ་མ་བཤད་པར། དོན་ལྡན་ཡང་དག་གི་གནས་ལུགས་ལ་འཇུས་ནས་སྤུན་ཆུང་གང་ཉིད་ལ་ཆེ་མཐོང་དང་ཡར་སྐུལ་བྱས་པར་ཁོ་བོ་དགའ་ནས་ཡོད་པར་མ་ཟད། ཁྱེད་ཀྱི་སྙིང་ཉེ་བའི་སྤུན་ཆུང་གང་ཉིད་ཀྱང་སྤྲོ་སེམས་ཤིག་གི་ཁྲོད་བྱ་བ་གང་ཞིག་བྱེད་པའི་གདེང་སྙེད་ནས་ཡོད་པ་ཐེ་ཚོམ་མི་འདུག་སྙམ

  2. ཁང་སྨིན་གྲོལ་རྒྱ་མཚོ། says:
    2013-12-03 at 11:07 am

    བཀུར་འོས་ཀྱི་དྲ་གྲོགས། སཱ་ར་མཐོ་སློབ་ཀྱི་རྩོམ་རིག་རྒན་ཨ་འདུས་མིག་ཆུ་ལགས་ཕེབས་པར་སྙིང་ནས་དགའ་ཡོད། དེ་བས་ཀྱང་སྐུ་ཉིད་ཀྱིས་ཁོ་བོའི་འཕྲིན་ཐུང་དེར་གཟིགས་པ་ཆེན་པོ་གནང་བར་དགའ་ཡོད་ཞུ་རྒྱུ་ཡིན། ངས་ཀྱང་མི་ཤེས་ལ། ངས་ནུ་བོ་ཆེ་བས་ཀྱང་ཤེས་ཚོད་མི་འདུག འོན་ཀྱང་ནུ་བོ་འབྲིང་བ་འདིར་རང་ཉིད་ལ་རྟོན་པའི་འདུ་ཤེས་དམིགས་བསལ་བ་ཞིག་འདུག་པས། ངས་ཁོང་གི་སྙིང་སྟོབས་དང་། གསར་བརྗེའི་བསམ་བློ་དེར་གཞོམ་གཞིགས་བྱེད་འདོད་གཏན་ནས་མ་བྱུང་། རྒྱུ་མཚན་ནི། ཁྱོད་ཀྱིས་བཤད་པ་ལྟར་ཏེ། རང་ཉིད་ལ་འདོད་མོས་ཡོད་པའི་ལམ་དེར་སྤྱི་ཚོགས་དང་། ནང་མི། གྲོགས་པོ། སྤུན་མཆེད་བཅས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་ནི་བྱ་བ་གང་ཞིག་ལམ་སློང་དུ་འགྲོ་བའི་མཐུན་རྐྱེན་འགངས་ཆེན་དེ་ཡིན་པས་སོ།

  3. ཁང་སྨིན་གྲོལ་རྒྱ་མཚོ། says:
    2013-12-03 at 11:07 am

    ཀྱང་ཞེས་པ་ནོར་འདུག ཅི་ཡང་མི་ཤེས་ཞེས་པའི་དོན་དུ་འགྲེལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme