Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུ་བོ་ཞིག་གི་བརྩེ་སེམས།

Posted on 2018-05-152018-05-15 By འཚོ་བྱེད་བུ 3 Comments on ནུ་བོ་ཞིག་གི་བརྩེ་སེམས།

བསེ་སྐར་ཚོམ་གྱིས་དབྱིན་ཡིག་ནས་བསྒྱུར།
 
ང་ནི་རིའི་སྟེང་དུ་ཆགས་པའི་ལྷིང་འཇགས་ཀྱི་གྲོང་གསེབ་ཞིག་ཏུ་སྐྱེས་ཞིང་། ངའི་ཕ་མ་གཉིས་ཀྱིས་ཉིན་རེ་བཞིན་ལུས་རྒྱབ་གནམ་ལ་གཏད་ནས་ས་རྒོད་རྨོ་བཞིན་ཡོད།

ཉིན་ཞིག་ངས་ཧ་ལམ་རང་གི་ཉེ་འཁོར་གྱི་བུ་མོ་མང་ཆེ་བར་ཡོད་པར་སྣང་བའི་ལག་ཕྱིས་ཤིག་ཉོ་བར་འདོད་པས། ཨ་ཕའི་སྨད་གོས་ཁུག་མ་ནས་སེན་ཊི་༥༠་བརྐུས་པ་ན། ཨ་ཕས་དེ་མ་ཐག་ཤེས་ཏེ་”སྒོར་མོ་བརྐུ་མཁན་སུ་ཡིན་”་ཞེས་ནུ་བོ་དང་ངེད་གཉིས་ལ་དྲིས་བྱུང་། ངས་ནི་ཁ་གདངས་ཤིང་མིག་ཅེར་ཏེ་སྐད་ཆ་བཤད་པར་ཧ་ཅང་སྐྲག་སྣང་སྐྱེས་བྱུང་བས་ངེད་གཉིས་སུས་ཀྱང་ནོར་འཁྲུལ་ཁས་ལེན་མ་བྱས་སྟབས་ཨ་ཕས་“གལ་ཏེ་སུ་གཅིག་གིས་ཀྱང་ཁས་ལེན་བྱེད་མི་འདོད་ན་གཉིས་ཀར་ཉེས་ཆད་གཅོད་གི་ཡིན་”ཟེར། དེ་ནས་ནུ་བོས་གློ་བུར་དུ་ “ཨ་ཕ་་་་དེ་ལྟར་བྱེད་མཁན་ང་ཡིན་”ཞེས་བཤད་ནས་ངའི་ཚབ་ཏུ་ཉེས་སྐྱོན་ངོས་ལེན་དང་ཉེས་ཆད་འཁུར་བ་རེད།

མཚན་དཀྱིལ་དུ་ང་སྐད་ཆེན་པོས་གློ་བུར་ཏུ་ངུས་པ་ན་ནུ་བོས་རང་གི་ལག་པ་ཆུང་ཆུང་གཉིས་ཀྱིས་ངའི་ཁ་འགེབ་བཞིན་ “ཨ་ཅེ་་་་་ད་མ་ངུ་དང་། ཡོད་ཚད་བྱུང་ཚར་བ་རེད་”ཟེར། ནུ་བོས་ངའི་ཉེས་སྐྱོན་འགེབ་སྲུང་བྱེད་པའི་སྐབས་ཀྱི་རྣམ་འགྱུར་དེ་ངས་ནམ་ཡང་བརྗེད་མི་ཐུབ་པ་ཞིག་འདུག ལོ་དེར། ནུ་བོ་ལོ་བརྒྱད་དང་ང་ལོ་བཅུ་གཅིག་ཡིན། སྐབས་དེར་ནུ་བོ་ འབྲིང་རིམ་སློབ་གྲྭའི་ལོ་མཐའ་མ་དེ་ཡིན་ཞིང་། ཁོ་གྲོང་སྡེའི་དབུས་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་དུ་འཚུད་པ་དང་། དེ་དང་དུས་མཚུངས་ང་ཡང་ཞིང་ཆེན་གྱི་གཙུག་ལག་སློབ་ཆེན་ཞིག་དུ་འཚུད། ཨ་ཕ་ཁྱམས་ར་ནས་ཙོག་པུར་བསྡད་ཏེ་“འུ་ཚང་གི་བྱིས་པ་གཉིས་ཀས་གྲུབ་འབྲས་ཡག་པོ་བླངས་འདུག་གམ། ཧ་ཅང་ཡག་པོ་བླངས་འདུག་གམ་”ཞེས་དྲིས་པ་ན། ཨ་མས་རང་གི་མིག་ཆུ་འབྱིད་བཞིན་ཤུ་རིང་ཞིག་འཐེན་ཏེ་ “རྒྱུགས་འཕྲོད་ཀྱང་ཕན་ཐོགས་ཅི་ཞིག་ཡོད་རེད་་་་་་་ཁོ་གཉིས་ཀ་སློབ་གྲྭར་གཏོང་བའི་དངུལ་སྒོར་ ངེད་གཉིས་ལ་གང་ན་ཡོད་དམ་”ཟེར།  དེ་ནས་ནུ་བོ་ཨ་ཕའི་སར་སོང་ནས་“ཨ་ཕ་་་་་ད་ནི་ངས་དཔེ་ཆ་མང་པོ་བཏོན་ཚར་་་་ངས་མུ་མཐུད་ནས་སློབ་སྦྱོང་བྱེད་གི་མིན་་་” ཞེས་བཤད་པས། ཨ་ཕ་ཁོང་ཁྲོ་ ལངས་ཏེ་“ཁྱོད་ལ་དེ་འདྲའི་སྙིང་སྟོབས་ཆུང་ཆུང་ཞིག་ལས་མེད་པ་ཅི་རེད་་་་ཐ་ན་ངས་སྲང་ལམ་ནས་དངུལ་སློང་དགོས་བྱུང་ཡང་ཁྱོད་གཉིས་ཀ་སློབ་གྲྭར་སྐྱེལ་ཐག་ཆོད་ཡིན་”ཟེར། དེ་ནས་ཨ་ཕས་གྲོང་སྡེའི་ཁྱིམ་ཚང་རེ་རེའི་སྒོ་བརྡུངས་ནས་སྒོར་མོ་གཡོར་བའི་འགོ་བཙུགས་བྱུང་།

ངས་ལག་པས་སེམས་ཆུང་ངང་ནུ་བོའི་གདོང་ལ་རེག་བཞིན་“བུ་ཞིག་ཡིན་ན་སློབ་སྦྱོང་མུ་མཐུད་ཏེ་བྱེད་དགོས་པ་རེད། གལ་སྲིད་མ་བྱས་པ་ཡིན་ན་ཁོ་དབུལ་འཕོང་གི་གནས་འདི་ནས་ཐར་ཐུབ་གི་མ་རེད་་་” ཅེས་བཤད་པ་ཡིན་ལ་ཕྱོགས་གཞན་ཞིག་ནས་ང་རང་ཉིད་ཀྱིས་མུ་མཐུད་སློབ་སྦྱོང་མི་བྱེད་རྒྱུ་ཐག་གཅོད་ཀྱང་བྱས་ཟིན་པ་ཡིན། ཕྱི་ཉིན་ཞོགས་པར་སྐྱ་རེངས་མ་ཤར་སྔོན་ལ་སུས་ཀྱང་མ་ཤེས་པའི་ ཐོག་ནས་ནུ་བོས་གོན་པ་ཧྲུལ་བོ་ཁ་ཤས་དང་སྲན་མ་སྐམ་པོ་འགའ་འཁྱེར་ཏེ་སློབ་གྲྭ་ནས་ཕྱི་ལ་ཐོན་འདུག  ཁོ་ངའི་ཉལ་ཁྲིའི་འགྲམ་དུ་ཁ་རོག་གེར་ཡོང་ནས་སྔས་འབོལ་སྟེང་དུ་ཡིག་ཆུང་ཞིག་བཞག་འདུག་པའི་ནང་དུ་“ཨ་ཅེ། སློབ་ཆེན་འགྲིམས་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པས་་་་ང་ཕྱི་ལ་སོང་ནས་བྱ་བ་ཞིག་བཙལ་ཏེ་ཁྱོད་ལ་སྒོར་མོ་བསྐུར་ཡོང་”ཞེས་བྲིས་འདུག ངས་ཡིག་ཆུང་དེ་ལག་ཏུ་ བཟུང་ནས་རང་གི་སྐད་འགག་རག་བར་དུ་ངུས་པ་ཡིན།

ཨ་ཕས་གྲོང་པ་ཁྱིམ་མཚེས་ནས་གཡར་ཡོང་བའི་སྒོར་མོ་དང་ནུ་བོས་ཁང་པ་གསར་རྒྱག་བྱེད་ས་ནས་ཨར་འདམ་དབོར་འདྲེན་བྱས་གླ་སྒོར་མོ་སོགས་ལ་བརྟེན་ནས་མཇུག་མཐར་ང་སློབ་ཆེན་ལོ་རིམ་ གསུམ་པར་སླེབས་ཐུབ་པ་བྱུང་། ལོ་དེར་ནུ་བོ་ལོ་བཅུ་བདུན་དང་ང་ལོ་ཉི་ཤུ་ཡིན། ཉིན་ཞིག་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཤིག་ལ་ངའི་ཤག་རོགས་ཡོང་ནས་“ཕྱི་ན་གྲོང་གསེབ་ནས་ཡིན་པའི་མི་ཞིག་ གིས་ཁྱོད་ལ་སྒུག་འདུག”ཟེར།  ང་ཕྱི་ལ་བུད་པ་ན་ཐག་རིང་ནས་ནུ་བོ་མིག་ལམ་དུ་མཐོང་བྱུང་་་་་ཁོའི་ལུས་པོ་ཐལ་རྡུལ་དང་ཨར་འདམ་་་་བྱེ་མ་སོགས་ཀྱིས་ཡོངས་སུ་གཡོག་འདུག་་་་ “ཁྱོད་ཀྱིས་ ངའི་ཤག་རོགས་ལ་ཁྱོད་ངའི་ནུ་བོ་ཡིན་པ་མ་བཤད་ནས་ཅི་བྱེད་་”ཅེས་བཤད་པས། ཁོས་འཛུམ་དང་བཅས་་“ངའི་ཚུགས་ཀར་ཅིག་བལྟོས་དང་། གལ་སྲིད་ཁོ་ཚོས་ང་ཁྱོད་ཀྱི་ནུ་བོ་ཡིན་པ་ཤེས་ཚེ་ཅི་ཞིག་བསམ་གི་རེད། ཁྱོད་ལ་འཕྱ་དམོད་བྱེད་གི་མ་རེད་དམ་”ཟེར།  ངས་ཁོའི་སྟོད་ཐུང་ཐོག་གི་ཐལ་རྡུལ་འཕྱག་བཞིན་“ངས་མིས་ཅི་ཞིག་བཤད་མིན་ལ་དོ་སྣང་མི་བྱེད་་་་་ཁྱོད་ཀྱི་ཕྱི་ཚུལ་ཅི་འདྲ་ཞིག་ཡིན་ རུང་ཁྱོད་ནི་ནམ་ཡང་ངའི་ནུ་བོ་རེད་”ཅེས་མིད་པ་འགག་བཞིན་དུ་བཤད་པ་ཡིན།

ཁོས་རང་གི་ཁུག་མ་ལས་ཕྱེ་མ་ལེབ་ཅན་གྱི་སྐྲ་འཛེར་ཞིག་བླངས་ཏེ་ངའི་མགོ་ལ་འདོགས་ཞོར་དུ་“ངས་གྲོང་པའི་ནང་གི་བུ་མོ་ཚང་མས་འདི་འདྲ་བཏགས་ཡོད་པ་མཐོང་བྱུང་བས། ཁྱོད་ལ་ཡང་དེ་འདྲ་ཞིག་དགོས་ངེས་རེད་བསམ་པ་ཡིན་” ཞེས་བཤད་བྱུང་། ལོ་དེར་ནུ་བོ་ལོ་ཉི་ཤུ་དང་ང་ལོ་ཉེར་གསུམ་ལ་བུད་ཡོད། ང་གཉེན་སྒྲིག་བྱས་བའི་རྗེས་སུ་གྲོང་ཁྱེར་དུ་བསྡད་པ་ཡིན། ཁྱོ་གས་ཐེངས་མང་པོར་ངའི་ཕ་མ་གཉིས་ལ་ངེད་གཉིས་དང་མཉམ་དུ་འདུག་སྡོད་བྱ་རྒྱུར་སྐད་བཏང་བ་ཡིན་ཀྱང་། ཁོང་གཉིས་ལ་དེར་འདོད་པ་མི་འདུག ཁོང་གཉིས་ཀྱིས་བཤད་ན་གལ་ཏེ་ཁོང་གཉིས་གྲོང་གསེབ་དང་ཁ་གྱེས་པ་ཡིན་ན་ཅི་ཞིག་བྱེད་དགོས་བའང་ཤེས་ཀྱི་མི་འདུག་ཟེར།  ལོ་དེར་ནུ་བོ་ལོ་ཉེར་གསུམ་དང་ང་ལོ་ཉེར་དགུ་ཡིན། ནུ་བོ་གྲོང་གསེབ་ཀྱི་ཞིང་པའི་བུ་མོ་ཞིག་དང་གཉེན་སྒྲིག་བྱས་པའི་ལོ་དེར་ཁོ་ལོ་ན་སུམ་ཅུ་ལ་སོན་ཡོད།  གཉེན་སྒྲིག་མཛད་སྒོའི་སྟེང་དུ་“ཁྱོད་རང་གིས་ཆེས་བརྩི་བཀུར་དང་དགའ་ཤོས་བྱེད་ས་གཅིག་པུ་དེ་སུ་ཡིན་ནམ་” ཞེས་ཁོ་ལ་དྲིས་པ་ན། ཁོས་ཅི་མི་སྙམ་ པར་“ངའི་གཅེན་མོ་ཡིན་”ཞེས་ལན་འདེབས་ཞོར་མུ་མཐུད་ཏེ་”ཐ་ན་ངའི་དྲན་ཡིད་དུའང་མི་འཁོར་བའི་སྒྲུང་ཞིག་བཤད་བྱུང་བ་ནི། ཉིན་ཞིག་ངས་ང་རང་གི་ལག་ཤུབས་ཡ་གཅིག་བོར་བརླག་བྱུང་བས་གཅེན་མོས་ང་ལ་མོ་རང་གི་ལག་ཤུབས་ཡ་གཅིག་བྱིན། མོས་ལག་ཤུབས་གཅིག་ཁོ་ན་གྱོན་ཏེ་ང་ཚོ་ལམ་ཐག་རིང་པོར་སོང་བས། ཕྱིར་ཁྱིམ་དུ་འབྱོར་རྗེས་གཅེན་མོའི་ལག་པ་ཟུང་ཧ་ཅང་གྲང་ཏེ་འདར་སིག་རྒྱག་བཞིན་ཐ་ན་མོའི་ལག་པས་རང་གི་ཐུར་མ་ཡང་འཛིན་ཐུབ་ཀྱི་མི་འདུག ཉི་མ་དེ་ནས་བཟུང་ངས་རང་ཉིད་ཇི་སྲིད་འཚོ་ཞིང་གནས་བའི་བར་དུ་གཅེན་མོ་ལ་བདག་སྐྱོང་དང་དུས་ནམ་ཡང་ཡག་པོ་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན”ཞེས་བཤད།

འདི་འདྲིའི་སྤྲོ་སྐྱིད་ལྡན་པའི་དུས་བཟང་ཞིག་ལའང་མི་ཚོགས་ཀྱི་མདུན་ནས་ངས་མིག་ཆུ་སླར་ཡང་གདོང་ལ་ལྷུང་།  རྣམ་དག་གི་བརྩེ་བ་ཞེས་པ་ནི་དུས་ནམ་ཡང་རང་ཉིད་ལས་མི་གཞན་གྱི་ཆེད་དུ་བསམ་བློ་གཏོང་བ་དང་བློས་གཏོང་བྱེད་པ་ཞིག་ཡིན་ཞིང་། རང་དོན་བློས་སུ་བཏང་ཏེ་རང་ཉིད་ཁོ་ན་གཅེས་སུ་མི་འཛིན་པ་ཞིག་ནི་བརྩེ་བའོ།།

འགྱུར་རྩོམ།

Post navigation

Previous Post: ཁྱི་དང་མྱི།
Next Post: “ཉམས་མྱོང་ནི་དགེ་རྒན་ཡག་ཤོས་ཡིན།”  


Comments (3) on “ནུ་བོ་ཞིག་གི་བརྩེ་སེམས།”

  1. སྦྲ་དཔལ་ལྡན། says:
    2018-05-15 at 5:06 pm

    བཀླགས་ཚར་ཡིན། ཡག་པོ་བསྒྱུར་འདུག་བཀའ་དྲིན་ཆེ།

  2. རྟ་དབྱངས། says:
    2018-05-16 at 12:44 am

    ཡག་པོ་བསྒྱུར་འདུག་ལ་ནང་དོན་ཡང་ཆེན་པོ་འདུག

  3. སྐལ་བཟང says:
    2018-05-16 at 4:47 pm

    ཡག་བྱུང་། ཐུགས་རྗེ་ཆེ།
    འདི་འདྲའི་རིགས་བོད་ཡིག་ནང་གང་མང་མང་བསྒྱུར་ཐུབ་ན་བོད་ཡིག་ཀློག་མཁན་མང་རུ་འགྲོ་བར་ཕན་ཐོག་ཆེ་སྙམ།
    དེ་མ་གཏོགས་ནམ་ཡིན་ཡང་ལྷ་སྒྲུང་དང་འདྲེ་སྒྲུང་ད་དུང་ཅིག་ཅིག་གི་རིག་མ་དང་མིག་མིག་གི་སྲས་དང་སྲས་མོ་རྐྱང་རྐྱང་བྲིས་ཏེ་མགོ་གཡོགས་མགོ་སྐོར་བཏང་བསྡད་ན་བོད་ཡིག་གི་ལས་དབང་གང་མགྱོགས་མགྱོགས་མཇུག་སྡུད་རྒྱུར་ཐེ་ཚོམ་མེད།
    རྒྱུ་མཚན་ནི་ཉིན་ཞིག་བོད་མི་ཚོའང་གཉིད་སད་ངེས་ཡིན་པས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme