Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནིའུ་ཡོག་ཏུ་སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་རྣམས་འདུ་འཛོམས།

Posted on 2012-05-112012-05-11 By འཚོ་བྱེད་བུ 10 Comments on ནིའུ་ཡོག་ཏུ་སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་རྣམས་འདུ་འཛོམས།

ཕྱི་ཟླ་ ༥ ཚེས་ ༥ ཉིན་ནིའུ་ཡོག་ཏུ་སྨན་རྩིས་ཁང་གི་སྨན་པ་གཙོས་པའི་སྨན་རྩིས་ལས་བྱེད་ ༣༥ ལྷག་འདུ་འཛོམས་བྱུང་བར་ཚང་མས་འདུ་འཛོམས་འདི་ཁ་ཚ་ དགོས་གཏུགས་ཡིན་པ་དང་མ་འོངས་པར་སླར་ཡང་མཉམ་འཛོམས་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཚོགས་ཞུགས་པ་རྣམས་ཀྱིས་ཨ་རིར་བོད་སྨན་ལག་ལེན་བྱེད་པར་ཡུལ་ཁྲིམས་གྱི་འགྲོ་སྟངས་དང་མིང་ཚིག་བེད་སྤྱོད་བྱེད་སྟངས།  སྨན་རྩིས་ལག་ལེན་མུ་མཐུད་བྱེད་དགོས་སྐོར་སྐུལ་ལྕག་བྱེད་རེས་ཀྱིས་མཚོན་བགྲོ་གླེང་དང་བསམ་ཚུལ་ལྷུག་པོར་བརྗོད་སོང་།

སྨན་རྩིས་མཐོ་སློབ་ཁང་ཏུ་ཡོད་པའི་སྐབས་ཀྱི་གནས་སྟངས་དང་ནུབ་ཕྱོགས་ཏུ་སྡོད་པའི་ཉམས་མྱོང་གཉིས་བལྟ་བསྡུར་བྱས་ཏེ།ཚོགས་ཞུགས་པ་རྣམས་ཀྱིས་སྨན་རྩིས་མཐོ་སློབ་ཁང་གི་ད་ལྟ་དང་མ་འོངས་པའི་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་ཐད་བསམ་ཚུལ་བཏོན་སོང་།

སྨན་རྩིས་ཁང་གི་དབུ་འཛིན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་ལམ་ཞུས་ཏེ་སྨན་རྩིས་ཤེས་ཚད་ལག་ འཁྱེར་སྤྲོད་ཐབས་ཡོང་བའི་རོགས་ཏན་ཞུ་རྒྱུ་དང་ལག་འཁྱེར་ལས་དོན་ཐད་བསྐྱར་ཞིབ་མཐིལ་ཕྱིན་ཞིག་བྱ་རྒྱུ་དང་དུས་ལྟར་ཡོངས་ཁྱབ་གསལ་བསྒྲགས་ཤིག་གཏོང་རྒྱུར་མོས་མཐུན་གནང་ཡོད།

ཚོགས་ཞུགས་པ་རྣམས་ཀྱིས་སྨན་རྩིས་ཁང་གི་ཁྱོན་ཡོངས་ལས་དོན་ཐད་དྲི་བ་དང་བསམ་འཆར་གང་མང་བཏོན་པ་དང་།  སྨན་རྩིས་ཁང་གི་དབུ་འཛིན་གྱིས་སྨན་རྩིས་ལས་བྱེད་ཟུར་པ་རྣམས་ཀྱིས་སྨན་རྩིས་ཁང་གི་གཞུང་འབྲེལ་དཔལ་འབྱོར་རྒྱབ་སྐྱོར་ལ་བརྟེན་ནས་ལས་དོན་བསྒྲུབ་རྒྱུ་ཁག་ཅིག་ཡོད་པ་དང་སྨན་རྩིས་ཁང་གིས་སྨན་རྩིས་ལས་བྱེད་ཟུར་པ་རྣམས་ཀྱི་ (སྲིད་ཇུས་འགྲོ་ལུགས་རྣམ་གཞག་གང་མགྱོགས་སལ་བསྒྲགས་ཞུ་རྒྱུ) རྒྱབ་གཉེར་ལ་བརྟེན་ནས་ལས་འཆར་སྤེལ་རྒྱུ་ཁག་ཅིག་ཡོད་ སྐོར་འགྲེལ་བརྗོད་གནང་ཡོད།

སྨན་རྩིས་ཁང་གི་དབུ་འཛིན་གྱིས་སྟབས་བདེ་གུ་ཡངས་དང་ཁྲིམས་གཞི་ལ་བསྟུན་ཐབས་ཀྱིས། སྨན་རྩིས་ཆེད་ལས་པས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱེད་པའི་ལས་དོན་དེ་་སྨན་རྩིས་ཁང་ཕྱི་འབྲེལ་དང་དཔལ་འབྱོར་འདུ་འགོད་སྐོར་སྐྱོད་་ཅེས་པའི་ལས་གཞིའི་འོག་གསར་འཇུག་བྱས་ཏེ། སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ དབུ་འཁྲིད་པའི་ཨ་རིའི་སྐོར་སྐྱོད་ཐོག་མ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ དང་ ༡༢ ནང་འགྲོ་གཏན་འཁེལ་ཡོད་སྐོར་གསལ་བསྒྲགས་གནང་ཡོད།

ཚོགས་ཞུགས་པ་རྣམས་ཀྱིས་སྨན་རྩིས་ཚོགས་པ་ཞིག་འཛུགས་དགོས་སྐོར་བསམ་ཚུལ་བཏོན་པར།  སྨན་རྩིས་ཁང་དབུ་འཛིན་གྱིས་བསམ་ཚུལ་དེར་དགའ་བསུ་དང་ བཅས་སྨན་རྩིས་ཁང་གིས་གཞུང་འབྲེལ་རྒྱབ་སྐྱོར་ཞུ་རྒྱུ་དང་ཚོགས་པ་དེ་བཞིན་ཆབ་སྲིད་ཚོགས་པ་ཞིག་མིན་པར་རིག་གཞུང་ཚོགས་པ་ཞིག་ཡིན་ན་ལེགས་ཚུལ་དང་།  ཚོགས་པའི་མིང་འདོགས་ སྟངས་ ཐད་བསམ་བློ་གཞི་རྒྱ་ཆེན་པོ་བཏང་སྟེ་སྐྱིད་སྡུག་ཚོགས་པ་ལྟ་བུ་ཞིག་མ་ཡིན་པའི་ཐད་བསམ་གཞིགས་བྱེད་དགོས་ཚུལ་ དགོངས་ཚུལ་བཏོན་ཡོད།

གནས་ཚུལ་ཡོང་ཁུངས།  སྨན་རྩིས་ཁང་གི་དྲ་ཚིགས

http://www.men-tsee-khang.org/new-news/gathering.htm

གསར་འགྱུར།

Post navigation

Previous Post: གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་བལ་ཡུལ་དམག་མིས་བཀག་རྗེས་ཟས་བཅད་ངོ་རྒོལ་དུ་བཞུགས།
Next Post: སེམས་ཤུགས་འཕེལ་བའི་བོད་ནང་གི་གནས་ཚུལ། ཨ་མདོའི་ཕྱོགས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ།

Comments (10) on “ནིའུ་ཡོག་ཏུ་སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་རྣམས་འདུ་འཛོམས།”

  1. གླིང་དཀར་ལྷ་རྗེས། says:
    2012-05-11 at 10:57 am

    ཉེ་ལམ་ཞིག་ནས་སྨན་རྩིས་ཁང་གི་ལས་དོན་ཐོག་མཐུས་ཤོར་སོང་རྐྱེན་ཚོགས་པའི་སྒྲིག་གཞིའི་ནང་མི་གསལ་རུང་གློ་བུར་དཔལ་འབྱོར་དྲུང་ཟུར་ཚེ་རིང་བཀྲིས་བསྐྱར་དུ་ནུབ་ཕྱོགས་ཨ་རི་ནས་བཀའ་འབྲེལ་ལྟར་བསྐྱར་དུ་སྨན་རྩིས་ཁང་གི་འགན་འཛིན་ལ་ཕེབས་ནས་ཟླ་ཤས་ལས་མ་སོང་ཡང་སྨན་རྩིས་ཁང་ནང་གནས་སྟངས་མང་པོའི་ཐོག་འགྱུར་བ་འགྲོ་ཡོད་པ་ལས་བྱེད་དང། གསང་ལམ་། གློག་འཕྲིན་། ཚགས་ཤོག་སོགས་ནས་ཐོས་མཐོང་འདུག་ལ་ཁ་ཉིན་ཨ་རིའི་གྲོང་ཁྱེར་ནི་ཡོག་ལ་སྨན་རྩིས་ཟུར་པ་མང་པོ་ཞིག་འཛོམས་པའི་གནས་ཚུལ་ཡང་དྲ་ལམ་ཐོག་མཐོང་རྒྱུ་འདུག་པས་དེ་ཚོའི་བསམ་ཚུལ་འདི་ཚོ་ང་ཚོ་བོད་པ་ཚང་གི་རིག་གཞུང་འབྲེལ་བའི་ལས་ཀ་ཡིན་པས་ང་ཚོས་ངོམས་རིན་ཡོད་པའི་ཐུན་མིན་གྱི་རྒྱུ་ཚང་སྤུས་གཙང་ཡིན་པའི་རིག་གཞུང་ཡིན་ན་དེ་ཚོར་ལྷད་དང་། ཟོག་ཚོང་ལྟ་བུའི་འདུ་ཤེས་མེད་པའི་ཐོག་ཕྱོགས་དང་རིས་སུ་མེད་པའི་ཡུལ་དང་སེམས་ཅན་མཐའ་ཡས་པར་ཕན་པའི་སྨོན་འདུན་དང། བསམ་འདུན་ཡིད་བཞིན་གྲུབ་པའི་བཀྲིས་བདེ་ལེགས།

  2. མེ་ཏོག་དཀར་པོ། says:
    2012-05-11 at 11:19 am

    འཛོམས། བཤད་སྦྱང་བྱས། འཆར་གཞི་བཀོད། ལག་ལེན་བསྟར། མཐུན་འགྲིལ་བྱོས།

    ལེགས་སོའི་བསྔགས་བརྗོད་ཡོད།

  3. དྲང་སྲོང་། says:
    2012-05-11 at 11:31 am

    ༄༅། །སྨན་རྩིས་ཁང་གི་ངེས་སྟོན་པ་གསར་པས་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ལྷག་བློ་ཆེན་པོས་སྤེལ་མུས་སུ་ཡིན་པ་དེ་ནི་དོན་ངོ་མར་༸གོང་ས་མཆོག་གི་བཞེད་དགོངས་སྒྲུབ་པའི་བྱ་གཞག་དམིགས་དཔེར་འོས་པ་ཞིག་སུ་
    མཐོང་བས་རྗེས་སུ་ཡི་རངས་ཞུ། །

  4. བྷོ་ཊའི་འཁྱམ་པོ། says:
    2012-05-11 at 1:16 pm

    སྐུ་ངོ་དབུ་འཛིན་གསར་པ་མཆོག་ལ་སྒོ་གསུམ་གུས་པས་ཡིད་རངས་དང་བསྔགས་བརྗོད་ཞུ། ད་གཞི་ནས་སྨན་རྕིས་ལ་དུང་བ་ཟབ་པའི་གསོ་རིག་རྒྱུད་འཛིན་པ་བདག་ལྟ་བུར་རེ་བའི་འདུན་མ་ཞིག་ལག་གསོན་བྱུང། རྙིང་ཞེན་ལ་བརྩི་བཀུར་དང་། སྤྲེལ་ལད་ལ་དབང་ཐང་ཐོབ་པའི་དུས་རྫོགས་རན་པ་འདྲ། ད་ནི་དུས་རབས་དང་མཐུན་པའི་བསམ་བློ་གསར་པར་གོ་སྐབས་ཀྱིས་མཐུན་རྐྱེན་བསྐྲུན་ནུས་པའི་འགོ་འཛིན་ཁྱེད་ལ་གུས་བཏུད་ཞུ། སྐུ་ཉིད་བདེ་བར་ཤོག གསོ་རྩིས་རྒྱལ་བར་ཤོག

  5. གཡུ་ཐོག་བུ། says:
    2012-05-11 at 1:41 pm

    སྨན་རྩིས་ཁང་གི་འགན་འཛིན་གསར་པའི་གོམ་པ་སྤོ་སྟངས་ལ་བལྟས་ན། མགྱོགས་མྱུར་སྒོང་ང་བཏང་རྒྱུ་གཏན་འཁེལ་སོང་། བཀྲ་ཤིས་བདེ་ལེགས།

  6. བསེ་རུ། says:
    2012-05-11 at 1:46 pm

    སྐྱ་ཟད་འུ་ཟུག་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་ཕྲུག་རིག་པ་ཅན་ཕལ་ཆེར་སྨན་རྩིས་ཁང་མཐོ་སློབ་ཏུ་འཛུལ་བཞུགས་བྱས་སོང་། ལོ་གཅིག་ལོ་གཉིས་མཚམས་སུ་དོན་དང་ལྡན་པའི་དུས་རབས་ཀྱི་དགོས་མཁོར་མཚམས་པའི་སྨན་པ་འཛུགས་སྐྲུན་བྱ་རྒྱུ་གལ་ཆེ། དེ་མིན་དཔེ་ཆ་བློར་འཛིན་ཐུབ་ཙམ་གྱི་ནེ་ཙོ་ཁྱུ་གཅིག་གིས་དེ་ཙམ་ཕན་པ་མེད་དོ།

  7. Tsojea says:
    2012-05-13 at 7:09 pm

    སྨན་རྩིས་རིག་པ་ལ་གདུང་ཞེན་ཅན་གྱི་སྨན་རྩིས་པ་དང་སེར་སྐྱ་ལྷན་རྒྱས་ལ
    ཐུགས་ལྷོད་ལྷོད་བྱས་ནས་བཞུགསདང་དབུ་འཛིནཚེ་བཀྲིས་ལགས་ནི
    ལྷག་བསམ་དང་ཉམས་མྱོང་་དྲངས་ཚུགས་ལྡན་པ་ཤེས་ཡོན་དང་འཇོན་ཐང་
    ཚང་མ་ཚང་བའི བོད་པའི་སྤྱི་ཚོགས་ནང་ཟམ་གདོང་རིན་པོ་ཆེ་ཕུད་པའི་
    མི་ཤེས་འཇོན་གཉིས་ལྡན་དེ་ཁོ་རང་རེད
    སྨན་རྩིས་ཡར་རྒྱས་འགྲོ་རྒྱུ་ཐེ་ཚོམ་མེད་

  8. Tsojea says:
    2012-05-13 at 7:21 pm

    དངོས་ནས་བྱས་ན་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྱུར་རྗེས་བཀའ་བློན་ཁྲི་པ་དེ་ཁོ་རེད་དཱ་་་་་་་་་་་་་་་་་་་་་

  9. གཡུ་ཏོག says:
    2012-05-13 at 11:31 pm

    འཆར་གཞི་འདིའི་འོག་གི་འཚོགས་འདི་ལ་སྤྱི་ཆ་ནས་དགའ་བསུ་དང་དགའ་འོས་པ་ཞིག་རེད་མོད།
    འདིའི་འཇུག་འབྲས་ཇི་ལྟར་འབྱུང་མིན་གྱི་ཐལ་ནས་ངེས་བསྟན་གང་ཡང་མི་འདུག་བསམ་བྱུང་།
    ཉུང་མཐའ་ལོ་བཅུ་ཕྲག་འགས་འཆར་གཞི་མེད་ན་ཅི་ཡང་ཕན་མི་སྲིད་པས་འདི་དག་གི་བསམ་བློ་འདུ་ཤེས་འོག་ནས་འདི་ལྟར་རྒྱུན་སྐྱོང་ཐུབ་བམ། བོད་མིའི་བློ་ཁ་མི་ཞིབ་པ་དང་ཁེག་བགོས་ཀྱི་འདི་ཤེས་གཙང་མ་ཞིག་མེད་པར་རང་སྒེར་གྱི་ཁེ་གནོན་ཞིག་ལས་གང་ཡང་མཐོང་མ་སོང་།

  10. Tsojea says:
    2012-05-14 at 8:44 pm

    ལོ་་ལོ་བཅུ་ཕྲག་འགས་་འཆར་གཞི་་་བཟོས་
    ལག་ལེན་ངོ་ཐོགས་ཁྱོལ་བར་ལོབཅུ་ཕྲག་ག་ཚོད་དགོས་སམ?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme