Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནཱལནྡཱ་ཞིབ་འཇུག

Posted on 2009-08-152009-08-16 By དབང་ཕྱུག་ 5 Comments on ནཱལནྡཱ་ཞིབ་འཇུག

kyisar-book-3

སྐྱེས་སར་ཀླུ་སྒྲུབ།

ནཱལནྡཱ་ཞིབ་འཇུག་ཅེས་པའི་དེབ་འདི་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པ་ཞིག་ཡིན་ལ། དེབ་ཀྱི་རྩ་བའི་ས་བཅད་ཁག་ནི། དང་པོ། གླེང་སློང་བའི་གཏམ། གཉིས་པ། སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར། གསུམ་པ། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་བབ་གནས་ཚུལ། བཞི་པ། གསང་སྔགས་ཀྱི་གོ་དོན་མཚམས་སྦྱོར། ལྔ་པ། ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་ནམ། དྲུག་པ། དཔལ་ནཱལནྡཱའི་བྱུང་རབས། བདུན་པ། ནཱལནྡཱའི་འཇིག་རྐྱེན་དང་བདག་གི་བསམ་གཞིགས། བརྒྱད་པ། པཎ་གྲུབ་བཅུ་བདུན་གྱི་བྱུང་རབས། དགུ་པ། མཇུག་བསྡུ་བཅས་ལས་གྲུབ་པ་ཞིག་ཡིན་ཞིང། བརྗོད་དོན་གཙོ་བོ་ནི་ནཱལནྡཱ་ཞེས་པའི་མཚན་དོན་ནས་བཟུང་མཐར་ཁ་ཆེའི་དམག་གིས་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་རྩ་གཏོར་བཏང་ཚུལ་ཚུན་གྱི་ལོ་རྒྱུས་དང། འབྲེལ་ཡོད་གལ་ཆེའི་གནད་དོན་ཁག་ཁྱོན་ཡོངས་ནས་ཉམས་ཞིབ་བརྒྱུད་རྩོམ་འབྲི་བྱས་པ་ཞིག་ཡིན། དེབ་འདིའི་ནང་དཔལ་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་དང། སློབ་གཉེར་ཁང་དེའི་འཇིག་རྐྱེན། སློབ་གཉེར་ཁང་དེ་དང་འབྲེལ་ཡོད་ཀྱི་པཎ་གྲུབ་བཅུ་བདུན་གྱི་བྱུང་རབས་བཅས་ས་བཅད་འདི་གསུམ་གཙོར་འདོན་གྱིས་བྲིས་སྟབས། ད་ཕན་བོད་ཀྱི་སྐད་ཡིག་ནང་ནཱལནྡཱའི་ལོ་རྒྱུས་ཐོག་ཆེད་དུ་ཞིབ་འཇུག་རྩོམ་འབྲི་བྱས་པ་ཐོག་མ་དང་ཞིབ་ཚགས་ཆེ་ཤོས་སུ་གྱུར་ཡོད།
དཔེ་དེབ་འདི་བརྒྱུད་ནས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མན་ངག མཚན་ཉིད་རིག་པ་བཅས་ཀྱི་འབྱུང་ཁུངས། དཔལ་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གི་བྱུང་འཕེལ་འཇིག་གསུམ་སྐོར་འཐུས་ཚང་ཞིག་རྟོགས་ཐུབ་པས་བོད་རིག་པ་སྤྱི་དང། ལྷག་པར་ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ཞིབ་འཇུག་དང་དོན་གཉེར་ཅན་ཚོར་ཐུགས་ཕན་སོས་ངེས་ཤིག་ཡོད། དེ་མཚུངས་དེབ་འདི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད་སྟབས་དོན་གཉེར་ཅན་ཚོས་དེ་ལྟར་འབྲེལ་བ་གནང་འོས་ཤིང། དེབ་རིན་ཧིན་སྒོར་ ༢༥༠ ཡིན་པ་བཅས་ཐུགས་འཇགས་འཚལ།

Library of Tibetan Works and Archives
Gangchen Kyishong
Dharamsala 176215
HP, India
Contact to the Office:
Email: info[at]ltwa.net, Email: office[at]ltwa.net
Tel: +91 (0)1892 222467 Fax: +91 (0)1892 223723

གསར་འགྱུར།

Post navigation

Previous Post: ལས་འགུལ་པ་༢༥ རྒྱལ་ཚོགས་མདུན་འཛིན་བཟུང་།
Next Post: སྐད་ཆ་དམར་རྗེན་མ།

Comments (5) on “ནཱལནྡཱ་ཞིབ་འཇུག”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-08-15 at 5:44 pm

    དཔེ་དེབ་འདི་འདྲ་ཞིག་ལེགས་འགྲུབ་བྱུང་བ་དེར་བཀྲ་ཤིས་བདེ་ལེགས་ཞུ། དུས་ཚོད་དང་གོ་སྐབས་བྱུང་ན་ཐེངས་ཤིག་ཀློག་ངེས་ཡིན། ཨོ་རེད་ལགས། ཤོག་གྲངས་ག་ཚོད་ཅིག་ཡོད་པ་རེད་དམ།

  2. བླ་མ། says:
    2009-08-16 at 3:22 am

    དཔེ་ཡག་པོ་རེད།

  3. སྐྱེས་སར་ཀླུ་སྒྲུབ། says:
    2009-08-16 at 9:03 am

    བཀུར་འོས་ཀློག་པ་པོ་ཁྱེད་ཀྱིས་ཕྲན་གྱི་དཔེ་དེབ་ཀྱི་ཤོག་གྲངས་ཐད་བཀའ་འདྲི་གནང་ལན་འབུལ་རྒྱུར།
    གུས་པའི་དེབ་འདིར་རྩོམ་ཡིག་དངོས་དང་རེའུ་མིག་ལྷན་ཤོག་ངོས་ ༢༥༢ དང། ལོ་རྒྱུས་དང་འབྲེལ་བའི་དཔར་རིགས་བཅས་ལྷན་དུ་ཤོག་ངོས་ ༢༦༠ ཡོད་ལགས་ན་དེ་ལུགས་དགོངས་འཇགས་ཞུ་རྒྱུ་དང། ཁྱེད་ཀྱིས་ཞིབ་ཀློག་འདྲ་གནང་ཐུབ་ཚེ་དེ་ལུགས་ཀྱིས་ཕྱིན་ཆད་ཁ་སྐོང་དང། ལེགས་བཅོས་བྱེད་རྒྱུ་ཡོད་མིན་བཅས་ཀྱི་དགོངས་འཆར་གནང་ན་དགའ་བསུ་ཞུ་རྒྱུ་ལགས་ཞེས་སྐྱེས་སར་ཀླུ་སྒྲུབ་ཀྱིས་སྤེལ།

    ༢༥༢་་་་་༢༦༠

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-08-16 at 5:20 pm

    སྐྱེས་སར་ཀླུ་སྒྲུབ་ལགས། ཉིད་ཀྱིས་ལྗག་ལན་གནང་བ་དེར་ཐུགས་རྗེ་ཆེ་ལགས། གོ་སྐབས་ཤིག་བྱུང་དུས་མགོ་ནས་གཞུག་བར་དུ་ཐེངས་ཤིག་ཀློག་ངེས་ཡིན་ལགས། དེས་ན་ང་རང་གི་བསམ་ཚུལ་ཞིག་འབུལ་ཆོག་པ་ཞུ། ཤོག་གྲངས་ཉིས་བརྒྱ་དྲུག་བཅུ་མ་གཏོགས་མེད་པ་ཡིན་ན། ཧིན་སྒོར་ཉིས་བརྒྱ་ལྔ་བཅུ་བྱོས་དེ་བཙོང་བ་ཡིན་ན་དངོས་ནས་གོང་ཆེ་དྲག་མེད་འགྲོ ལྷག་པར་དུ་ཀློག་ན་འདོད་པའི་ཀློག་མཁན་དབུལ་བོ་ཚོ་ལྷག་དུ་དཀའ་ངལ་ཞིག་སྤྲད་པ་རེད། ད་དུང་། སློབ་མ་དང་རྡ་སའི་སྲང་གི་ལས་ཀ་ཙག་ཙག་བྱེད་མཁན་གྱི་བོད་ཡིག་ལ་དུངས་ཞེན་ཆེ་མཁན་དེ་ཚོས་ཉིན་ཁ་ཤས་རིང་དུ་ལས་ཀ་བྱས་པ་ཡིན་ན་ད་གཟོད་ཧིན་སྒོར་ཉིས་བརྒྱ་ལྔ་བཅུ་ལག་དུ་རེག་མིན་དེ་ཡང་བཤད་དཀའ་བ་ཉིད་རང་རྡ་ས་ལ་བཞུགས་མཁན་ཞིག་ཡིན་པས་མཁྱེན་ངེས་རེད་ལགས། འདི་ལ་དངོས་ནས་བསམ་གཞིགས་ཤིག་གནང་ཐུབ་པ་ཡིན་ན་ཡག་པོ་མེད་འགྲོ

  5. སྐྱེས་སར་ཀླུ་སྒྲུབ་ཀྱིས། says:
    2009-08-17 at 2:34 am

    བཀུར་འོས་སྐུ་ཞབས་ལགས༌༌༌
    ནཱལནྡཱ་ཞིབ་འཇུག་ཅེས་པའི་དེབ་དེའི་དཔར་སྐྲུན་བདག་དབང་སོགས་ཚང་བོད་ཀྱི་དཔེ་མཛོད་ཁང་དུ་ཡོད་པ་ལས། གུས་པའི་རང་ལག་ཏུ་མེད་སྟབས་རིན་གོང་ཁེ་བོ་བྱེད་ཐབས་བྲལ། ཡིན་ཡང། སྐུ་ཉིད་ཀློག་འདོད་ཆེ་བ་དང། དཔེ་དེབ་དེ་ཉིད་བླུ་རྒྱུར་དཀའ་ངལ་ཡོད་ན་གུས་པས་ཁྱེད་ལ་དེབ་འབུལ་ལམ་ཞུ་ཆོག དེར་བརྟེན་ཁྱེད་ཀྱིས་གུས་པའི་གློག་འཕྲིན་ཁ་བྱང་ཐོག་འབྲེལ་བ་གནང་རོགས། kyisar@yahoo.com/kyisar1981@gmail.com

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme