Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།

Posted on 2021-01-26 By ཁ་བརྡ No Comments on ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།

གནས་ཚུལ་མཁོ་སྤྲོད་པ་ཤེར་འོས་སྒོམ་སྒྲུབ་ཆོས་ཚོགས།

དེ་ཡང་ཐའེ་ཝན་ནི་ནང་པ་སངས་རྒྱས་པའི་བསྟན་པ་དར་རྒྱས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཐའེ་ཝན་རང་གི་ས་གནས་ཀྱི་གཙོ་བོའི་ཆོས་བརྒྱུད་རྒྱ་བརྒྱུད་ནང་བསྟན་ལས་གཞན་ད་དུང་། བོད་བརྒྱུད་ནང་བསྟན་ཡང་དར་རྒྱས་ཆེན་པོ་ཡོད་པ་དང་། ད་དུང་ལྷོ་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དང་རྗེས་འབྲངས་པའང་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ་དམིགས་བསལ་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གཙོ་བོའི་སྣེ་ཁྲིད་དང་ལམ་སྟོན་སྐུལ་འདེད་བཅས་བརྒྱུད་དེ་ཐའེ་ཝན་གྱི་ས་གནས་ཀྱི་ནང་པ་དག་དང་བོད་བརྒྱུད་ནང་བསྟན་བར་སྔར་མེད་ཀྱི་འབྲེལ་ལམ་གསར་པ་ཞིག་ཡོང་བཞིན་ཡོད་པ་དང་། དེ་ནི་ས་གནས་ཀྱི་བོད་བརྒྱུད་ནང་པའི་བསྟི་གནས་ཁག་དང་རྒྱའི་དགོན་པ་དག་གི་བླ་ཆེན་རྣམ་པའི་བར་དུའང་ནང་བསྟན་དང་འབྲེལ་བའི་བགྲོ་གླེང་དང་། མཛད་རིམ་ཆེ་ཆུང་མང་པོ་མཉམ་འབྲེལ་གྱིས་གོ་སྒྲིག་བྱེད་པ་དང་། ཐའེ་ཝན་གྱི་རྒྱལ་སྤྱིའི་དགེ་འདུན་མཆོད་པ་ལྟ་བུ་ནང་པའི་ཆོས་ཕྱོགས་ཀྱི་སྡིང་ཆ་ཆེ་ཤོས་དག་ཏུའང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་དཀྱིལ་འཁོར་ལོགས་སུ་གོ་སྒྲིག་ཞུ་བ་སོགས་ཡོང་བཞིན་ཡོད་པ་བཞིན། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་བ་དང་ད་ལྟའི་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་ཐེངས་འདིར་ཡང་དམིགས་བསལ་བརྒྱུད་པ་གསུམ་གྱི་གནས་བརྟན་སྡེ་སྣོད་འཛིན་པ་དག་མཉམ་དུ་འཛོམས་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཧ་ཅང་གལ་ཆེན་ཞིག་གོ་སྒྲིག་ཞུས་གནང་ཡོད།

དེ་ཡང་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་དབུ་ཁྲིད་པའི་ཁོང་གི་ཆོས་ཚོགས་ཀྱིས་མཛད་རིམ་འདི་གོ་སྒྲིག་གནང་བ་དང་། དེ་ཡང་ཐོག་མའི་ཆར། སྨན་བླའི་སྟོང་མཆོད་ཆེན་མོ་ཞེས་པའི་མཛད་རིམ་འདི་རྒྱལ་ས་ཐའེ་པེ་ལ་གཞི་རྒྱ་ཆེན་པོའི་ཐོག་ནས་འཚོགས་རྒྱུར་གྲ་སྒྲིག་ཞུས་པར་མ་ཟད། མི་སྟོང་ཡས་མས་འདུ་རྒྱུའི་འཆར་གཞི་བཞག་པ་དང་། རྒྱ་བརྒྱུད་ཀྱི་དགེ་འདུན་པ་ཁོ་ནར་ཡང་ཐོ་འགོད་གནང་མཁན་ལྔ་བརྒྱ་མ་ཟིན་ཙམ་བྱུང་འདུག་ན་ཡང་། ཉེ་ཆར་ཐའེ་ཝན་གྱི་ནད་ཡམས་ཁྱབ་བརྡལ་སྔོན་འགོག་གི་སྒྲིག་ཁྲིམས་དམ་དུ་བཏང་བ་དང་མཉམ་དུ་མི་མང་གི་འདུ་འཛོམས་རིགས་རྒྱ་ཆུང་རུ་བཏང་བའི་བཀའ་རྒྱ་དང་འབྲེལ་ནས་ཁོང་གི་མཛད་རིམ་དེའང་མཐར་ཐའེ་ཀྲུང་དུ་སུ་གོ་སྒྲིག་ཞུས་ཡོད།

དེ་ཡང་བརྒྱུད་པ་གསུམ་གྱི་གནས་བརྟན་དང་བླ་ཆེན་རྒན་གྲས་རྣམ་ཆེད་དུ་གདན་འདྲེན་གྱིས་ཐའེ་ཀྲུང་གི་ཤེར་འོད་སྒོམ་སྒྲུབ་ཆོས་ཚོགས་སུ་གོ་སྒྲིག་ཞུས་པར་མ་ཟད། མཛད་སྒོ་འདིའི་གཙོ་འགན་གོ་སྒྲིག་པ་ནི་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་དབུ་ཁྲིད་པའི་བྱམས་བརྩེའི་ཆོས་གླིང་དང་ཤེར་འོད་སྒོམ་སྒྲུབ་ཆོས་ཚོགས་ཐུན་མོང་གིས་གནང་ཡོད་པ་ལས། སྤྱི་ལོ་༢༠༢༡ ཟླ་ ༡ ཚེས་ ཀྱི་སྔ་དྲོའི་ཆ་ལ་བོད་བརྒྱུད་ནང་བསྟན་གྱི་ཕྱག་ལེན་གཞིར་བཟུང་གིས་སྨན་བླའི་མདོ་ཆོག་གསུངས་པ་དང་། ཉིན་དེའི་ཕྱི་དྲོ་ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་ཆེན་ཅིན་ཡའོ་དང་། ཐའེ་ནན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནས་བརྟན་མིན་ཀཱང་སོགས་དངོས་སུ་ཆེད་ཕེབས་གནང་བར་མ་ཟད། ལྷོ་བརྒྱུད་ནང་བསྟན་གྱི་ཐའེ་ཝན་གྱི་སྐུ་ཚབ་གནས་བརྟན་མིན་ཀའོ་སོགས་གནས་བརྟན་གསུམ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ལྔའི་ཐའེ་ཝན་གནས་བཞུགས་ཇོ་ནང་རྒྱལ་ཚབ་ཆོས་སྣང་རིན་པོ་ཆེ་མཆོག་དང་རྙིང་མའི་ཀཿཐོག་རིག་འཛིན་ཆེན་པོ། བཀའ་བརྒྱུད་ཀྱི་མཁན་པོ་ཚེ་རྣམ་རིན་པོ་ཆེ། ས་སྐྱའི་བཀྲ་ཤིས་རིན་པོ་ཆེ། དགེ་ལུགས་ཕྱོགས་ཀྱི་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་སོགས་ཕེབས་ཡོད་པར་མ་ཟད། བརྒྱུད་པ་གསུམ་གྱི་དགེ་འདུན་པ་གདན་ཁ་གཅིག་ཏུ་འཛོམས་ནས་མཉམ་དུ་ཐའེ་ཝན་གྱིས་མཚོན་པའི་འཛམ་གླིང་སྐྱེ་འགྲོ་ཡོངས་རྫོགས་ནད་ཡམས་སོགས་ཀྱི་གནོད་འཚེ་ལས་ཐར་པའི་སྨོན་ལམ་གནང་ཡོད། ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཀྱང་ཚོགས་འཛོམས་དེར་དམིགས་བསལ་བསྔགས་བརྗོད་ཆེན་པོ་གནང་བར་མ་ཟད། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་ལྷོ་བརྒྱུད་ནང་བསྟན་གསུམ་ཆར་ཡང་སྟོན་པ་གཅིག་གི་བུ་སློབ་ཡིན་པ་དང་། རི་བོ་ཧི་མ་ལའི་ལྷོ་བརྒྱུད་འཕགས་ཡུལ་ནས་ལམ་ཁ་མི་འདྲ་བ་འགའ་ཞིག་བརྒྱུད་ནས་ས་གནས་མི་འདྲ་བར་བརྒྱུད་སོང་བ་ཙམ་ཞིག་ཡིན་པས་ད་ལྟའི་དུས་འདིར་དེ་བས་ཀྱང་བརྒྱུད་པ་ཕན་ཚུན་སེམས་ཐག་ཉེ་བོའི་ཐོག་ནས་མཉམ་འབྲེལ་གྱི་ནུས་པ་མཐོ་རུ་གཏོང་དགོས་པ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་ཕེབས་ཡོད། མཐར་ཆོས་བརྒྱུད་རིས་མེད་ཀྱི་ཚོགས་ཞུགས་པ་ཚང་མར་གོ་སྒྲིག་གནང་མཁན་་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་མཎྚལ་སོགས་ཕུལ་རྗེས་ཐེངས་འདིའི་མཛད་སྒོ་ཧ་ཅང་ཕུན་སུམ་ཚོགས་པའི་ངང་ནས་མཇུག་སྒྲིལ་གནང་འདུག །

སྣ་ཚོགས།

Post navigation

Previous Post: གླུ་ངོ་མ་ཡིན་ལ་རྫུན་མའང་ཡིན།
Next Post: སྤོ་བོ་བྷིར་ནེ་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme