Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

( ནད་ཡམས་ཁྲོད་ཀྱི་འཚོ་བ། ) ཞེས་པའི་གཏམ་བརྗོད་བལྟས་རྗེས།

Posted on 2021-02-132021-02-13 By ཁ་བརྡ No Comments on ( ནད་ཡམས་ཁྲོད་ཀྱི་འཚོ་བ། ) ཞེས་པའི་གཏམ་བརྗོད་བལྟས་རྗེས།

རིགས་ཀྱི་བུ།

དེ་རིང་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཡིན་པ་དང་། བོད་ཀྱི་ལོ་གསར་མ་སླེབས་གོང་གི་ཉིན་གཉིས་པ་རེད། ཡོངས་གྲགས་སུ་དགུ་ཐུག་ཞེས་འབོད་སྲོལ་ཡོད། བོད་དང་རྒྱ་གར་ཕྱོགས་ལ་དགུ་ཐུག་བཏུང་ཟིན་པ་དང་། བྱང་ཨ་རིར་དེ་རིང་དགོང་དྲོ་དགུ་ཐུག་འཐུང་རྒྱུ་རེད། དྲྭ་ཐོག་ནས་བོད་དང་རྒྱ་གར་ཁུལ་ལ་དགུ་ཐུག་བཏུང་པའི་པར་དང་གནས་ཚུལ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག་ལ། བོད་ཀྱི་ལོ་གསར་དང་འབྲེལ་བའི་གཏམ་བཤད་དང་། གླུ་གཞས། གཏམ་བརྗོད་སོགས་ཀྱང་མང་པོ་ཞིག་གཞུང་སྒེར་སོ་སོས་འདོན་སྤེལ་བྱས་དང་བྱེད་མུས་སུ་འདུག དེ་དག་གི་ཁྲོད་ལས་དེ་རིང་ཞོགས་ཟས་བཟའ་ཞོར་ནང་མི་ལྷན་དུ་བོད་ཀྱི་བརྙན་འཕྲིན་དྲྭ་རྒྱའི་ཐོག་ལ་ (ནད་ཡམས་ཁྲོད་ཀྱི་འཚོ་བ། གཏམ་བརྗོད།) ཞེས་པ་མཐོང་བས་བལྟས་པ་ཡིན། བརྙན་འཕྲིན་གཏམ་བརྗོད་ལ་དུས་ཡུན་སྐར་མ་ ༣༣ དང་སྐར་ཆ་ ༢༢ འདུག་ལ། བོད་སྐད་གཏམ་བརྗོད་རེད་འདུག བརྙན་ཐུང་འགན་འཁུར་པ་བོད་ཀྱི་ཟློས་གར་ཚོགས་པ་དང་། འཁྲབ་གཞུང་འབྲི་མཁན་བསོད་ནམས་ཚེ་བརྟན་ཞུ་བའི་བོད་རིགས་གཞོན་སྐྱེས་ཤིག་འདུག ཉིན་ཤས་གོང་ཨ་རི་བོད་ཀྱི་རླུང་འཕྲིན་ཁང་གི་དཔེ་ཀློག་ལེ་ཚན་ཐོག་ཁོང་དང་མཉམ་དུ་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བརྩམས་སྒྲུང་གྲགས་ཅན་ ( གཙུག་གཡུ་ ) སྐོར་བགྲོ་གླེང་བྱས་པའི་ལེ་ཚན་ཞིག་མཐོང་། བརྙན་ཐུང་གི་འཁྲབ་ཁྲིད་པ་ནི་བསོད་ནམས་ཚེ་བརྟན་ལགས་དང་། ཉི་མ་དོན་གྲུབ་ལགས་རེད་འདུག གཏམ་བརྗོད་ཀྱི་འཁྲབ་སྟོན་པ་མི་སྣ་དྲུག་འདུག་པ་ནི་འཇམ་དཔལ་རྒྱ་མཚོ་ལགས་དང་། བསྟན་འཛིན་ཉི་མ་ཀ་ལགས་དང་ཁ་ལགས། ཉི་མ་དོན་གྲུབ་ལགས། ངག་དབང་སྒྲོལ་མ་ལགས། བསོད་ནམས་ཚེ་བརྟན་ལགས་བཅས་རེད་འདུག པར་ལེན་དང་བརྙན་སྦྱོར་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པ་ཡིན་པ་དང་། གར་སྟེགས་ཇུས་འགོད་པ་ནོར་བུ་བསམ་འཕེལ་ལགས་རེད་འདུག དེ་ནས་ཕྲན་གྱིས་ད་ལན་ཚིག་གསར་ཞིག་ཤེས་པ་ནི་སྐད་སྦུག་ཞེས་པ་དེ་རེད། སྐད་སྦུག་སྒྲིག་སྦྱོར་པ་བསྟན་འཛིན་ལགས་ཞེས་བྲིས་འདུག

བདག་གི་དྲིན་ཅན་བླ་མས། སངས་རྒྱས་འཕགས་པས་གང་གནང་བ་ཙམ་ཐམས་ཅད་དོན་དང་ལྡན་པ་དང་། བྱང་སེམས་འཕགས་པས་གང་གནང་བ་ཕལ་ཆེ་བ་དོན་དང་ལྡན་པ། སོ་སྐྱེས་གང་བྱས་ཕལ་ཆེ་བ་དོན་དང་མི་ལྡན་པ་ཡིན་སྟབས་གཞན་དོན་ཡང་དག་པར་བསྒྲུབ་པར་སངས་རྒྱས་ཀྱི་གོ་འཕང་ལ་བརྩོན་དགོས། ཞེས་གསུངས་མྱོང་། རང་རེ་སོ་སྐྱེ་ཐ་མལ་བ་ཚོས་གང་བྱས་ཕལ་ཆེ་བ་དོན་དང་མི་ལྡན་པ་ཡིན་པ་གཞིར་བཅས་ཀྱིས་ད་ལན་བོད་ཀྱི་བརྙན་འཕྲིན་ཁང་ནས་འདོན་སྤེལ་གནང་བའི་གཏམ་བརྗོད་ནད་ཡམས་ཁྲོད་ཀྱི་འཚོ་བ་ཞེས་པ་བལྟས་རྗེས་མཐོང་སྣང་ཇི་བྱུང་མདོར་ཙམ་ཐད་ཀར་བྲིས་པ་ཡིན་སྟབས་ནོར་འཛོལ་བྱུང་ཡོད་ན་དགོངས་སེལ་ཞུ་གི་ཡོད། གཏམ་བརྗོད་འགོ་བཙུགས་པ་དང་། ལུས་ལ་བོད་ཆས་གྱོན་པའི་མི་སྣ་བསོད་ནམས་ཚེ་བརྟན་གྱི་ལག་པར་དཔེ་དེབ་ཉར་ནས་ཀློག་བཞིན་པའི་རྣམ་པ་དེ་མཐོང་བ་ཙམ་གྱིས་དགའ་སྣང་སྐྱེས་བྱུང་། སྣང་བརྙན་དེ་གཅིག་པུས་བོད་པའི་སྤྱི་ཚོགས་ཁྲོད་དུ་དེབ་ཀློག་མཁན་གྱི་གྲངས་འབོར་ཉུང་བ་ནས་མང་དུ་གཏོང་རྒྱུར་བསྐུལ་སློང་དང་ཕན་ཐོགས་ངེས་ཅན་ཡོང་ངེས་པ་དང་། ད་དུང་འཁྲབ་སྟོན་པས་ནད་ཡམས་ཁྲོད་དུ་དེབ་མང་པོ་བཀླགས་པར་བརྟེན་ནས་དེ་སྔ་རོལ་དབྱངས་ལ་དོ་སྣང་མེད་ནའང་ས་པཎ་གྱི་རོལ་མོའི་བསྟན་བཅོས་སོགས་བཀླགས་ནས་རོལ་མོར་དོ་སྣང་དང་གོ་རྟོགས་གསར་པ་སླེབས་པ་སོགས་བརྗོད་པར་བརྟེན་དེབ་ཀྱི་རིན་ཐང་མང་ཚོགས་སམ་རྒྱ་ཆེའི་གཟིགས་མོ་བ་ཚོར་ངོ་སྤྲོད་ཡག་པོ་བྱས་འདུག་དྲན། དེ་ནས་བཟང་ཕྱོགས་སམ་ཕྲན་གྱིས་མཐོང་བའི་དགའ་འོས་པའི་གནས་ཚུལ་གཅིག་རེད།

ཉེ་ལམ་གསར་འགྱུར་དང་། དྷ་སའི་གླིང་སྐོར་ཉེ་འཁྲིས་སུ་བཞུགས་མཁན་བོད་ཀྱི་མཁས་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་ངོ་དེབ་སོགས་ཀྱི་ནང་གླིང་སྐོར་ཕེབས་ལམ་གཡས་གཡོན་ལ་དོམ་སླེབས་པའི་གནས་ཚུལ་སྤེལ་བ་དང་སྦྲགས་གཙོ་བོ་ཞོགས་པ་སྔ་པོ་གླིང་སྐོར་ལ་ཕེབས་མཁན་རྣམས་ཀྱི་བདེ་འཇགས་ལ་ཐུགས་གཟབ་གནང་དགོས་པའི་དངོས་ཡོད་སྤྱི་ཕན་གྱི་གནས་ཚུལ་སྤེལ་ཡོད། གནས་ཚུལ་སྤེལ་མཁན་གྱིས་དུས་ཐོག་ཆར་པ་ལྟར་སྤེལ་བར་བརྟེན་ནས་ད་བར་དོམ་གྱིས་ཞབས་སྐོར་ལ་ཕེབས་མཁན་ལ་གནོད་འཚེ་བཏང་པའི་གནས་ཚུལ་ཐོན་མེད་པ་ནི་གཟེངས་སུ་བསྟོད་འོས་པ་ཞིག་ལ་ཅི་ལ་མིན། ཡིན་ནའང་། བློ་ཕམ་དང་བཅས་ཞུ་རྒྱུ་གཏམ་བརྗོད་དེའི་ནང་ལ་གླིང་སྐོར་ལ་དོམ་ཡོད་པའི་སྐོར་གླེང་ཁུལ་གྱིས་དོམ་དེ་དག་མི་དེ་དང་དེ་རེད་ཅེས་མི་མིང་སྦྱར་ནས་དགོད་བྲོ་སློང་ཁུལ་བྱས་པ་ནི་ཆེས་མི་འོས་པ་ཞིག་ལ་མཐོང་། འོ་ན། འཁྲབ་གཞུང་འབྲི་མཁན་བསོད་ཚེ་ལགས་ཀྱིས་གླིང་སྐོར་ལ་དོམ་སླེབས་པའི་གནས་ཚུལ་དེ་ནི་བདེན་པ་མ་རེད་ཅེས་བརྗོད་ཀྱི་ཡོད་དམ། ཡང་ན། མི་མིང་འབོད་པ་དེ་དག་དོམ་དང་འདྲ་པོ་ཡོད་རེད་ཅེས་བརྗོད་ཀྱི་ཡོད་དམ། ཡང་ན། གླིང་སྐོར་ལ་དོམ་སླེབས་ཡོད་པས་ཐུགས་གཟབ་དགོས་པའི་གསལ་བསྒྲགས་སྤེལ་མཁན་རྣམས་ཀྱིས་རྫུན་བཟོ་བྱས་པ་རེད་ཟེར་གྱི་ཡོད་དམ།

འཁྲབ་གཞུང་ནང་གི་གླེང་མོལ་ཁ་ཤས་གོ་བ་ལེན་རྒྱུར་ཅུང་ཁག་པོ་འདུག་ལ། སྡུག་ཉེས་ན་གོ་བ་ལོག་པ་སྟེར་ཉེན་མཐོང་། དཔེར་ན། པཱ་ལགས་ངས་མ་བསད་སྔོན་ལ་ནད་ཡམས་ཀྱིས་བསད་ས་རེད་དཱ། ཞེས་པ་དེས་གོ་བ་གང་འདྲ་སྟེར་པ་འདུག་གམ། ངས་རེ་བ་བྱེད་བཞིན་པ་ནི་ཕྲན་གྱིས་གོ་ནོར་ཐེབས་པ་ལས་འཁྲབ་གཞུང་ནང་གི་གླེང་མོལ་ལ་ནོར་འཁྲུལ་མེད་པ་ཤོག དེ་ནས་གོ་ནོར་ཐེབས་ཉེན་ཆེ་བའི་གནས་ཚུལ་ཁ་ཤས་མཐོང་བ་ནི་མི་ཞུ་ཀ་མེད་ལྟ་བུར་མཐོང་། རྒྱུ་མཚན་ནི། གཏམ་བརྗོད་དེའི་དམིགས་ཡུལ་གཙོ་བོ་ནི་ནད་ཡམས་ཁྲོད་འཕྲོད་བསྟེན་ཉེན་སྲུང་ལ་དོ་གཟབ་དགོས་པའི་སློབ་གསོ་སྤྲོད་རྒྱུ་དེ་རེད་འདུག སློབ་གསོ་སྤྲད་པ་ཙམ་མིན་པར་ཡང་དག་པའི་སློབ་གསོ་མ་ནོར་བ་ཞིག་སྤྲོད་རྒྱུ་ནི་གལ་ཆེ་ཡིན་པ་ལས་དེ་མིན་སློབ་གསོ་སྤྲད་པ་ལས་མ་སྤྲད་ན་ལེགས་པའི་གནས་སྟངས་ཆགས་ཉེན་ཡོད། དཔེ་མཚོན་ཁ་ཤས་ཞུས་ན། དྲིལ་བསྒྲགས་ལས་ཁུངས་ནས་ཡིན་ཟེར་མཁན་མི་གསུམ་ཁྱིམ་ཚང་ནང་ལ་སླེབས་སྐབས་ཁ་རས་མེད་པ་དང་། ཕན་ཚུན་བར་ཐག་ངེས་ཅན་མེད་པར་སྐད་ཆ་བཤད་པ། ཁང་པའི་ནང་ལ་མི་གསར་པ་ཞིག་སླེབས་སྐབས་ཚ་བ་ཡོད་མེད་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱེད་སྲོལ་ཡོད་པ་མ་བྱས་པ། ནང་དུ་ཡོང་མཁན་ཚོས་གཏམ་བརྗོད་ནང་ལ་སྨན་ཆུ་ཞེས་མིང་ཚིག་བེད་སྤྱོད་བྱས་པའི་ཅ་དངོས་ཨིན་སྐད་དུ་ Sanitizer ཡིས་ལག་པ་གཙང་མ་མ་བཟོས་པ་དང་། ཡང་མིན་ན་ལག་པ་འཁྲུ་དགོས་ནའང་མ་བཀྲུས་པ། Sanitizer ཡིས་ལག་པ་གཙང་བཟོ་བྱ་དགོས་པ་མ་བྱས་པར་། ཤིང་ཏོག་སྟེང་ལ་གཏོར་བའི་གནས་སྟངས་གཏམ་བརྗོད་དེའི་ནང་ལ་མཐོང་རྒྱུ་འདུག དེ་དག་གིས་འཕྲོད་བསྟེན་ཉེན་སྲུང་ཐད་སློབ་གསོ་མི་འདྲ་བ་ཞིག་སྤྲོད་ཉེན་འདུག་བསམ་ནས་ལྷག་བསམ་རྣམ་དག་གིས་བྲིས་པ་ལས་སྐྱོན་བརྗོད་གང་ཡང་མིན་པས་གོ་འཛོལ་མི་ཡོང་བའི་རེ་བ་ཞུ་གི་ཡོད།

ད་དུང་གཏམ་བརྗོད་བརྙན་ཐུང་དེའི་ནང་ལ་གོ་ནོར་ཐེབས་ཉེན་ཡོད་པའི་གནས་ཚུལ་ཁ་ཤས་གསལ་པོ་མཐོང་རྒྱུ་འདུག དཔེར་ན། པཱ་དོན་གྲུབ་ལགས་དགེ་རྒན་རྒན་ཡོལ་ཡིན་པ་དང་། ལོ་ན་ ༥༢ རེད་ཟེར་པ་དེ་རིགས་རང་ལོ་དང་ཞབས་ལོ་གང་གི་ཐོག་ནས་རྒན་ཡོལ་ཡིན་མིན་གློག་བརྙན་བལྟ་མཁན་མང་པོས་མི་ཤེས་པས་གོ་ནོར་ཐེབས་ཉེན་ཆེ། གློག་བརྙན་བལྟ་མཁན་ཁ་ཤས་ཀྱིས་བཙན་བྱོལ་བོད་མིའི་དགེ་རྒན་རྒན་ཡོལ་འགྲོ་བའི་ལོ་ཚད་ ༥༠ ཙམ་མིན་ནམ་དྲན་མི་སྲིད་པ་མ་རེད། དེ་རིགས་ལ་འཁྲབ་གཞུང་འབྲི་སྐབས་དང་། འཁྲབ་ཁྲིད་བྱ་སྐབས་སུ་ཐུགས་སྣང་དགོས་པ་གལ་ཆེ། དགེ་རྒན་རྒན་ཡོལ་ལ་འགྲོ་བའི་ལོ་ཚད་ག་རེ་རེད་དམ། རྒྱུས་ལོན་གནང་ངམ། དེ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཕྱི་ལུགས་སྨན་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་སྟབས་གཞིས་ཆགས་ཚང་མར་སྨན་པ་བསྐོ་བཞག་ཐུབ་མེད་པ་དངོས་ཡོད་གནས་ཚུལ་རེད། གནས་སྟངས་དེ་འདྲའི་འོག་ལ་ཁྱིམ་ཚང་སོ་སོར་རྒན་རྒོན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་བརྟག་དཔྱད་དང་སློབ་གསོ་སྐྱོན་པར་སྨན་པ་དང་སྨན་ཞབས་འགྲོ་གི་རེད་དམ། སྨན་ཞབས་ལས་རོགས་སུ་མེད་པར་སྨན་པ་གཅིག་པུ་འགྲོ་བ་འཁྲབ་པ་དེ་ལན་པོ་འདུག་གམ། དོན་དངོས་དང་མཐུན་ནམ།

དུས་ཡུན་སྐར་མ་ ༣༣ ཙམ་གྱི་གཏམ་བརྗོད་ཀྱི་འཁྲབ་གཞུང་ནི་རིང་པོ་མ་རེད། ཡིན་ནའང་། གཏམ་བརྗོད་འདིའི་འཁྲབ་གཞུང་ནང་ལ་གླེང་མོལ་སྔ་ཕྱི་ནང་འགལ་དང་། ཞེ་ས་རྐང་ཀྱོག་ལྟ་བུ་བེད་སྤྱོད་བྱས་པ་མངོན་གསལ་དོད་པོ་འདུག དཔེར་ན། སྔོན་ལ། དམྱལ་བའི་ནང་ལ་རོས་ཁེངས་ནས་བསྡད་ས་མེད་པར་མི་ཡུལ་ལ་ཡོང་བ་ཡིན། ཞེས་པ་དང་། རྗེས་ལ། དམྱལ་བའི་ནང་ལ་རོ་མ་འདང་བར་བརྟེན་མི་ཡུལ་ལ་རོ་ཐོལ་བ་གཅིག་ལེན་པར་སླེབས་པ་ཡིན། ཟེར་པ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་ཆ་ཡིན་པ་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་དོ་སྣང་ཡོང་ངེས། དེ་ནས་ཞེ་ས་རྒྱབ་སྟངས་ཐད་དོ་སྣང་དགོས་པ། དཔེར་ན། གདོན་འདྲེ་ལགས། ཞེས་པའི་ཐ་སྙད་གཏམ་བརྗོད་དེའི་ནང་ལ་བེད་སྤྱོད་ཐེངས་ཁ་ཤས་བཏང་འདུག གདོན་འདྲེ་དང་ལགས་གཉིས་མཉམ་དུ་སྦྱར་ཐུབ་ན། ཁྱི་ལགས་དང་། བ་ཕྱུགས་ལགས་ཞེས་སྦྱོར་ཐུབ་བམ། མདོར་ན། གཏམ་བརྗོད་འཁྲབ་སྟངས་དང་བོད་སྐད་སྒྲ་དག་པོ་སོགས་ལ་ཞུ་དགོས་མ་མཐོང་ཡང་། འཁྲབ་གཞུང་འབྲི་སྐབས་སུ་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐབས་སུ་ཉམས་ཞིབ་དང་རྒྱུས་ལོན་མང་ཙམ་གནང་དགོས་པ་མཐོང་བས་ལྷག་བསམ་རྣམ་དག་གིས་བྲིས་པ་ལས་སྐྱོན་མེད་སྐྱོན་འཚོལ་བྱས་པ་རྩ་བ་ནས་མིན་སྟབས་གོ་འཛོལ་མེད་པ་མཁྱེན་ནོ།།

Attachments area

བསམ་ཚུལ།

Post navigation

Previous Post: ལོ་གསར་འཚམས་འཕྲིན།
Next Post: ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་བོད་རིགས་མང་ཚོགས་ལ་བསྩལ་པའི་གསུང་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme