Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་འཛིང་།

Posted on 2017-09-192017-09-19 By ཁ་བརྡ་ 11 Comments on ནང་འཛིང་།

སྐྱོ་བྲག་དགའ་དབང་།

 
ཨ་དགའ་ལ་དྲ་ལམ་ཡག་པོ་འདུག་གམ། ངས་སྨྱོ་གཏམ་ཟངས་མ་ཡིན་པ་འདྲ་བའི་ངག་འཁྱལ་འདི་རིགས་དྲ་ལམ་དུ་ཁྱབ་སྤེལ་ཡག་པོ་བྱས་ཏེ། ལྷ་རྩེའི་ཁུ་བྱུག་གཉའ་ཞིག་མ་བཅག་ན། ཁོས་ང་ལ་སྙན་ངག་མི་འདུག་ཟེར་ནས། ངའི་མི་ཚེའི་ནང་ཤེས་བྱ་ཞིག་ལ་སྦྱང་ཡུན་རིང་ཤོས་ཡིན་ཅིང་། ང་རང་གི་ཤེས་ཡོན་དྲག་ཤོས་ཡིན་པ་ལ་དམའ་རོ་འདྲ་ཕབ་ནས། ང་ནི་ཧ་ལམ་སྤུ་མེད་པ་ཡི་ཕག་པ་ཡིན་པ་འདྲ་བོ་ཞིག་བྱས་སོང་། ཁོའི་ཚིག་གི་མདའ་མོ་དེ་ངའི་སེམས་ཀྱི་གནད་ལ་ཕོག་པས། དྲན་རྟོག་གི་བླ་སྲོག་རྩ་བ་ནས་ཡལ་ཏེ། ཉིན་མོའི་ཟས་ལ་བྲོ་བ་དང་། མཚན་མོའི་གཉིད་ལ་ཡོང་རྒྱུ་ཞིག་མི་འདུག

མ་གཞི་གནད་ལ་ཕོག་པ་ཟེར་བ་ནི། དོན་ཐོག་ཏུ་ཁེལ་བའི་སྐད་ཆ་རེད། དོན་ཐོག་ཏུ་མ་སོང་ན་གནད་དུ་ཕོག་པ་ཞིག་ཡོང་གི་མ་རེད། ཡིན་ནའང་། ང་ཡང་འབྲས་བུ་ཡོད་པའི་སྐྱེས་པ་ཞིག་ཡིན་པའི་ཆ་ནས། དངུལ་དང་ཞ་ཉེ་གང་ཡིན། སོལ་བ་རོག་པོའི་སྒོ། བུ་དང་བུ་མོ་གང་ཡིན། ཙཱ་རི་སྒྲོལ་མའི་ལ་ནས་གཅིག་མ་བལྟས་ན། ཐ་མ་ཤི་ཐུབ་པ་ཡང་མི་འདུག

གལ་ཏེ་མ་ཤི་བར་ང་གཅིག་པུ་འཇིག་རྟེན་འདིར་ལྷ་ཚེ་རིང་པོ་བཞིན་འདུག་དགོས་ཐུག་ན། སྟོན་པ་སངས་རྒྱས་ཀྱིས། འདུས་བྱས་ཐམས་ཅད་མི་རྟག་པ། གསུངས་པ་དེ་ལ་ཡང་ཁྱབ་པ་མེད་པར་འགྱུར་ཉེན་གདའ་ལ། ང་རང་ཡང་འཇིག་རྟེན་འདིའི་སྡུག་ཚང་མ་རིག་ན་མི་འདོད་ཀི

ཅི་སྟེ་ངེད་གཉིས་མཉམ་དུ་ཡོད་ན། ཁམས་པ་གླེན་པའི་གཤིས་སྤྱོད་མདོག་ངན་གྲི་མདུང་མཚོན་གྱི་འཁོར་ལོ་བསྐོར་ནའང་མ་ཆོག་པ་ཅི་ཡོད་དེ། སྤྱིར་དུ་ཡུལ་གྱིས་བསྐལ་པ་དང་། སྒོས་སུ་རང་ཉིད་ལ་དཔའ་བློ་ཁོག་ཟེར་བ་ཞིག་སེམས་ཀྱི་ཁུད་ན་མེད་པའི་སྟབས་ཀྱིས། སྐྱེ་བ་འདི་ལ་ངས་ནི་སྤྱོད་ངན་དེ་རིགས་འཇོན་པ་ཕ་ཟད་རེད། སེམས་ཀྱིས་དྲན་ཕོད་པ་ཙམ་ཡང་མི་གདའ།

དེ་ལས་ཁོང་གསོན་ངོགས་སུ་བཞུགས་ཏེ། མཁས་པའི་གྲགས་པ་གཡུ་འབྲུག་བཞིན་ལྡིར་འདུག་པའི་སྐབས་སུ་གང་དྲན་དྲན་འགའ་ལབ་བསྡད་ན་ཡག་ཤོས་རེད། ནམ་ཞིག་ཁོང་གི་མཚན་དཔེའི་ཉི་མ་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། ཀརྨ་ཆགས་མེད་ཀྱི་གསུང་བཞིན། ཕྱི་བལྟས་མེད་པར་གཤེགས་འགྲོ་བ་ན། ང་ལ་ཡང་ཁ་ངན་པའི་ལག་གཡུག་བྱེད་འདུག་ས་ཞིག་གསོན་ས་སྟེང་འདི་ནས་རྙེད་ཡོང་གི་མ་རེད།

སྣ་ཚོགས།

Post navigation

Previous Post: ཨེ་ཝྃ་རླུང་རྟ་རྣམ་ལྔ་།
Next Post: སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་བཀའ་ལན།

Comments (11) on “ནང་འཛིང་།”

  1. ནུབ་ཕྱོགས་གངས་ཕྲུག says:
    2017-09-19 at 10:06 am

    བླ་རྒན་འདི་ཅི་ཟེར་རེད། དེ་འདྲ་སེམས་པའི་འཁྱེར་སོ་ངན་པ།

  2. ལ་དྭགས་འཇམ་དཔལ།། says:
    2017-09-19 at 12:36 pm

    དཔལ་ཆོས་ཀྱི་གྲགས་པས།
    ་
    བདག་ཡོད་ན་ནི་གཞན་འདུ་ཤེས།
    གདན་གཞན་ཆ་ལས་འཛིན་དང་སྡང་།
    འདི་དག་དང་ནི་ཡོངས་འབྲེལ་ལས།
    ཉེས་པ་ཐམས་ཅད་འབྱུང་བར་འགྱུར།། ༢༢༠ །། ཚད་མ་གྲུབ་པའི་ལེའུ།

  3. ཨ་མྱེས་བྲག་དཀར། says:
    2017-09-19 at 4:15 pm

    བླ་རྒན་འདིས་ཅི་ཞིག་འདྲ་ཞིག་ཤོད་ཀྱིན་ཡོད་པ་རེད། ལག་དམར་ཡིན་པ་འདྲ་བོ། མཁས་མདོག་གླེང་བ་འདྲ་བོ། དཀྲུག་རྒྱུ་ཨེ་རེག་ལ་བལྟ་བ་འདྲ་བོ། སྡུག་རེས་སྡུག་ཚད་ཚང་མ་ལས་མཁན་ཡིན་པ་འདྲ་བོ། ངོ་མ་ཞེད་སྣང་ལ།

  4. བསམ་ཤེས། says:
    2017-09-19 at 6:39 pm

    སྙིང་མ་རྗེ། སྐྱོ་བྲག་སེམས་པ་སྐྱིད་པོ་ཡོད་དོག་མིན་འདུག གང་བྱས་པ་ཡིན་ནམ། རྒྱུན་པར་ཁོང་རྩ་ཐང་ངའི་འགྲས་རེད། ཨེ་མ་ཧོ་དང་། ཨོ་རྒྱན་ཉི་མ་དེ་ཚོའི་ནང་ནས། སྐྱོ་བྲག་དེ་ཅུང་རྩ་ཐང་ང་ཡིན་རུང་། དི་རིང་ཁམས་འཁྲུགས་པ་ལྟ་བུ་འདུག མི་ཡག་པོ་ཡོད།

  5. ཨ་ཁུ་འབྲོག་པ། says:
    2017-09-20 at 6:47 am

    འདི་ལ་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གཉིས་སུ་མཆིས་པ་ལས། ཚིག་ཙམ་དུ་གཤེ་བའི་ལན་དུ་སླར་གཤེ་བ་ལྟར་མངོན་ཡང་། དོན་ལ་ང་ལ་སྙན་དངགས་མེད་པ་དོན་ལ་གནས་ཞེས་སྔོན་གྱི་དགེ་སྦྱོང་ཆེན་པོ་རྣམས་ཀྱི་ལུགས་སུ་འདུག་པ་དང་ཚིག་སྦྱོར་ལེགས་པས་སེམས་དགའ།

  6. ཨ་ཁུ་འབྲོག་པ། says:
    2017-09-20 at 9:52 am

    སླར་ཡང་དྲྭ་གྲོགས་ཚོ། འདི་ལ་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གཉིས་སུ་མཆིས་པ་ལས། ཚིག་ཙམ་དུ་གཤེ་བའི་ལན་དུ་སླར་གཤེ་བ་དེང་དུས་ཀྱི་རྟོག་གེ་བ་ང་རྒྱལ་ཅན་རྣམས་ལྟར་མངོན་ཡང་། དོན་ལ་ང་ལ་སྙན་དངགས་མེད་པ་དོན་ལ་གནས་ཞེས་སྔོན་གྱི་དགེ་སྦྱོང་ཆེན་པོ་རྣམས་ཀྱི་ལུགས་སུ་འདུག་པ་དང་ཚིག་སྦྱོར་ལེགས་པས་སེམས་དགའ། སྙན་ངག་ཟེར་ན་འདི་འདྲ་བོ་དགོས། ཉན་ཤེས་ན་གོ་རྒྱུ་ཆེན་པོ་འདུག

  7. རླུང་ཐོག says:
    2017-09-22 at 3:14 pm

    ཟླ་འདིའི་ཚེས་༢༢ དང་བོད་ཟླ་བདུན་པའི་ཚེས་༨ ཉིན་གྱི་སྔ་དྲོ་འབྲས་སྤུངས་ཀླུ་འབུམ་དུས་ཆེན་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཡང་ཐོག་མཆོད་ཁང་དུ་འབྲས་སྤུངས་ཀྱི་རྟེན་གཙོ་མཉམ་མེད་ཐུབ་པའི་དབང་པོ་ནས་བརྒྱུད་པའི་བྱིན་རླབས་ཅན་གྱི་ཆོས་དུང་རིན་པོ་ཆེ་མོན་གྷོ་ས་གནས་ཀྱི་དད་ལྡན་སེར་སྐྱ་མི་མང་ལ་མཇལ་ཁ་གནང་ཡོད་པ་རེད།

    unnamed56དེ་ཡང་བྱིན་རླབས་ཀྱི་ཚན་ཁ་མ་ཡར་བའི་ཆོས་དུང་དེ་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་བ་ན། སངས་རྒྱས་ཀྱིས་མོའུ་འགལ་གྱི་བུ་ལ་གནང་སྟེ། འདི་ཁྱོད་ཀྱིས་འགོག་པ་རི་ལ་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་གྱིས་འདི་གཏེར་ནས་འདོན་པས། དེའི་ཚོགས་དུང་དུ་འགྱུར་ཞེས་ལང་ཀར་གཤེགས་པ་རྒྱ་འགྱུར་ལས་ལུང་བསྟན་པ་དུས་ལ་བབས་པ་ན། རྗེས་རིན་པོ་ཆེས་འགོག་པ་རིར་གཏེར་ནས་བཞེས་ཞིང་། རྗེས་འཇམ་དབྱངས་ཆོས་རྗེ་ལ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་འཆད་ཉན་གྱི་སྲོལ་རྣམས་མི་ནུབ་ཕྱོགས་དུས་ཀུན་ཏུ་དར་རྒྱས་སླད་དགོན་སྡེ་ཆེན་པོ་ཞིག་ཐོབ་དང་། མ་ལས་བུ་དགའ་བ་འོང་ཞེས་རྗེ་ཙོང་ཁ་བ་ཆེན་པོས་ལུང་བསྟན་དང་བཅས། ཆོས་དུང་བྱིན་རླབས་ཀྱི་གཟི་འོད་འབར་བ་དེ་རྗེ་འཇམ་དབྱངས་ཆོས་རྗེ་ལ་དགྱེས་གཞིན་གནང་། དེ་ནས་རབ་བྱུང་བདུན་པའི་མེ་སྤྲུལ་༡༤༡༦ལོར་ཆོས་རྗེ་དེ་ཉིད་ཀྱིས་དགོན་འདི་ཕྱག་བཏབ་ཅིང་། རྒྱལ་བས་དུས་འཁོར་གསུངས་པའི་གནས་ཁྱད་པར་ཅན་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དང་གཉིས་སུ་མེད་པར་བསྙད་དེ་དགོན་པའི་མཚན་ལ་ཡང་དཔལ་ལྡན་འབྲས་སྤུངས་ཞེས་འདོགས་པ་མཛད།

    ཆོས་དུང་དེའང་དགོན་འདིའི་རྟེན་གྱི་གཙོ་བོ་ལ་གཞུགས་སུ་གསོལ། བོད་ལ་དུས་འགྱུར་བྱུང་བའི་རྗེས་སུ་༡༩༩༣ ལོ་སྟོད་དུ་ཆོས་དུང་དེ་གཞིས་ཀྱི་གདན་ས་འབྲས་སྤུངས་ནས་བོར་བརླག་སོང་བ་རྗེས་སུ་ལྷ་ས་ནས་ཡིན་པའི་བདེ་སྐྱིད་ཞེས་པ་ཞིག་གིས། རྒྱ་གར་ནས་དགའ་ལྡན་ཕོ་བྲང་ལ་ཚོང་བསྒྱུར་བྱས་ནས། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་གཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ཕྱག་སོན་བྱུང་རྗེས་༡༩༩༦ ཟླ་༡༡ ཚེས་༡༩ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་འཁོད་འཕྲལ་དར་ཚོན་སྣ་ལྔའི་སྣེ་འདོག་དང་བཅས་སླར་ཡང་ཆོས་དུང་དེ་འབྲས་སྤུངས་མཁན་ཁྲི་རིན་པོ་ཆེ་རྗེ་བཙུན་བསྟན་པ་བསྟན་འཛིན་ཕྱག་ཏུ་རྟེན་སྐལ་དུ་བསྩལ་བས། ཕྱིས་སུ་ཉར་ཚགས་ཡག་པོ་གནང་རོགས་ཅེས་སོགས་བཀའ་ཡང་གནང་ཡོད་པ་རེད། ད་ལྟ་འབྲས་སྤུངས་ཚོགས་ཆེན་ཀྱི་རྟེན་གྱི་གཙོ་བོ་རུ་གཞུགས་སུ་གསོལ་ཡོད་ལ།ཆོས་དུང་དཀར་པོ་དེ་མཇལ་ཁ་ཞུ་བའི་དུས་ཚོད་ནི་བོད་ཟླ་བདུན་པའི་ཚེས་བརྒྱད་འབྲས་སྤུངས་ཀླུ་འབུམ་དུས་ཆེན་ཞེས་ཡོངས་ས་གྲགས་པ་དེའི་ཉིན་ཡིན་པ་རེད་འདུག

  8. རིགས་གྲོལ། says:
    2017-09-24 at 1:49 am

    བཀུར་འོས་ཁ་བརྡའི་རྩོམ་སྒྲིག་པ་ལགས།
    གོང་དུ་མཆན་འདེབས་པ་རླུང་ཐོག་ཅེས་པས་གཤམ་གྱི་གསར་འགྱུར་དེ་རྫུན་བཟོ་བྱས་འདུག །དམིགས་ཡུལ་ཅི་ཡིན་དང་དགོས་པ་ཅི་ཡིན་མི་ག་ཤེས། འོན་ཀྱང་རྩོམ་སྒྲིག་པས་བརྟག་དཔྱད་དང་དོ་སྣང་མ་གནང་པ་ཅི་ལགས། སྤྱིར་ན་ཆོས་དུང་དེ་བོད་ནས་བརླགས་རྗེས་༸གོང་ས་སྐྱབས་མགོན་ཆེན་པོས་ཧིན་སྒོར་འབུམ་བཞི་བཅུ་ཙམ་གནང་ནས་རྡི་ལི་སྔགས་པ་གྲྭ་ཚང་ནས་བཞེས་གནང་སྟེ་བྱེས་ཀྱི་འབྲས་སྤུངས་དགོན་ལ་གནང་བ་ཡིན་འདུག་པ་ལས་གང་ཟག་སྒེར་ཞིག་གིས་དགའ་ལྡན་ཕོ་བྲང་ལ་འཚོང་བསྒྱུར་བྱས་ཚུལ་དེ་དངོས་ཡོད་རྩ་བ་ནས་མ་རེད། ལར་ནས་སྐབས་དེའི་དུས་སུ་དགའ་ལྡན་ཕོ་བྲང་ཞེས་པ་བཙན་བྱོལ་སྒྲིག་འཛུགས་ཀྱི་མཚན་གནས་ཡིན་པ་ལས། ༸གོང་ས་མཆོག་སྐུ་སྒེར་གྱི་ཡིག་ཚང་གི་མཚན་མིན་པ་མཁྱེན་གསལ་ལྟར།
    འདི་ལྟ་བུའི་གང་ཟག་དང་ཚོགས་པ་སོགས་སྒེར་ལ་དོ་ཕོག་དང་ནག་པོ་ཆགས་རྒྱུའི་མཆན་སྤེལ་བ་སྟངས་འཛིན་བྱེད་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངེས་པར་དུ་གསལ་བཤད་དགོས་ཀྱི་འདུག །དེ་མིན་བོད་མི་ནང་ཁུལ་ཁྲིམས་ཀྱི་མདུན་སར་ཐག་གཅོད་བྱ་དགོས་ཆགས་རྒྱུ་གདོན་མི་ཟ།

    འབྲས་སྤུངས་ཀྱི་ཆོས་དུང་རིན་པོ་ཆེར་མཇལ་ཁ།

    August 23, 2015 2:29 pm ·

    ཟླ་འདིའི་ཚེས་༢༢ དང་བོད་ཟླ་བདུན་པའི་ཚེས་༨ ཉིན་གྱི་སྔ་དྲོ་འབྲས་སྤུངས་ཀླུ་འབུམ་དུས་ཆེན་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཡང་ཐོག་མཆོད་ཁང་དུ་འབྲས་སྤུངས་ཀྱི་རྟེན་གཙོ་མཉམ་མེད་ཐུབ་པའི་དབང་པོ་ནས་བརྒྱུད་པའི་བྱིན་རླབས་ཅན་གྱི་ཆོས་དུང་རིན་པོ་ཆེ་མོན་གྷོ་ས་གནས་ཀྱི་དད་ལྡན་སེར་སྐྱ་མི་མང་ལ་མཇལ་ཁ་གནང་ཡོད་པ་རེད།

    དེ་ཡང་བྱིན་རླབས་ཀྱི་ཚན་ཁ་མ་ཡར་བའི་ཆོས་དུང་དེ་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་བ་ན། སངས་རྒྱས་ཀྱིས་མོའུ་འགལ་གྱི་བུ་ལ་གནང་སྟེ། འདི་ཁྱོད་ཀྱིས་འགོག་པ་རི་ལ་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་གྱིས་འདི་གཏེར་ནས་འདོན་པས། དེའི་ཚོགས་དུང་དུ་འགྱུར་ཞེས་ལང་ཀར་གཤེགས་པ་རྒྱ་འགྱུར་ལས་ལུང་བསྟན་པ་དུས་ལ་བབས་པ་ན། རྗེས་རིན་པོ་ཆེས་འགོག་པ་རིར་གཏེར་ནས་བཞེས་ཞིང་། རྗེས་འཇམ་དབྱངས་ཆོས་རྗེ་ལ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་འཆད་ཉན་གྱི་སྲོལ་རྣམས་མི་ནུབ་ཕྱོགས་དུས་ཀུན་ཏུ་དར་རྒྱས་སླད་དགོན་སྡེ་ཆེན་པོ་ཞིག་ཐོབ་དང་། མ་ལས་བུ་དགའ་བ་འོང་ཞེས་རྗེ་ཙོང་ཁ་བ་ཆེན་པོས་ལུང་བསྟན་དང་བཅས། ཆོས་དུང་བྱིན་རླབས་ཀྱི་གཟི་འོད་འབར་བ་དེ་རྗེ་འཇམ་དབྱངས་ཆོས་རྗེ་ལ་དགྱེས་གཞིན་གནང་། དེ་ནས་རབ་བྱུང་བདུན་པའི་མེ་སྤྲུལ་༡༤༡༦ལོར་ཆོས་རྗེ་དེ་ཉིད་ཀྱིས་དགོན་འདི་ཕྱག་བཏབ་ཅིང་། རྒྱལ་བས་དུས་འཁོར་གསུངས་པའི་གནས་ཁྱད་པར་ཅན་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དང་གཉིས་སུ་མེད་པར་བསྙད་དེ་དགོན་པའི་མཚན་ལ་ཡང་དཔལ་ལྡན་འབྲས་སྤུངས་ཞེས་འདོགས་པ་མཛད།

    ཆོས་དུང་དེའང་དགོན་འདིའི་རྟེན་གྱི་གཙོ་བོ་ལ་གཞུགས་སུ་གསོལ། བོད་ལ་དུས་འགྱུར་བྱུང་བའི་རྗེས་སུ་༡༩༩༣ ལོ་སྟོད་དུ་ཆོས་དུང་དེ་གཞིས་ཀྱི་གདན་ས་འབྲས་སྤུངས་ནས་བོར་བརླག་སོང་བ་རྗེས་སུ་རྒྱ་གར་ནས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་གཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ཕྱག་སོན་བྱུང་རྗེས་༡༩༩༦ ཟླ་༡༡ ཚེས་༡༩ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོར་འཁོད་འཕྲལ་དར་ཚོན་སྣ་ལྔའི་སྣེ་འདོག་དང་བཅས་སླར་ཡང་ཆོས་དུང་དེ་འབྲས་སྤུངས་མཁན་ཁྲི་རིན་པོ་ཆེ་རྗེ་བཙུན་བསྟན་པ་བསྟན་འཛིན་ཕྱག་ཏུ་རྟེན་སྐལ་དུ་བསྩལ་བས། ཕྱིས་སུ་ཉར་ཚགས་ཡག་པོ་གནང་རོགས་ཅེས་སོགས་བཀའ་ཡང་གནང་ཡོད་པ་རེད། ད་ལྟ་འབྲས་སྤུངས་ཚོགས་ཆེན་ཀྱི་རྟེན་གྱི་གཙོ་བོ་རུ་གཞུགས་སུ་གསོལ་ཡོད་ལ།ཆོས་དུང་དཀར་པོ་དེ་མཇལ་ཁ་ཞུ་བའི་དུས་ཚོད་ནི་བོད་ཟླ་བདུན་པའི་ཚེས་བརྒྱད་འབྲས་སྤུངས་ཀླུ་འབུམ་དུས་ཆེན་ཞེས་ཡོངས་ས་གྲགས་པ་དེའི་ཉིན་ཡིན་པ་རེད་འདུག
    ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

  9. ཁ་བའི་ཡུལ་གྱར་བ། says:
    2017-09-24 at 12:47 pm

    ཧཧཧཧཧཧ། ལྷ་སའི་འཁྱམ་མོའི་སྐོར་དེས་རྙོག་གྲ་བཟོས་འདུག རྐུ་མ་ཤོར་ཡོད་པ་དངོས་ཡོད་རེད་འདུག་བ།

  10. ཁ་བའི་ཡུལ་གྱར་བ། says:
    2017-09-24 at 12:49 pm

    དུང་དེ་སྔོན་ནས་དྲ་ལམ་རྒྱུད་གླེང་སློང་ཅན་ཞིག་རེད་འདུག དེང་སང་དྲ་ལམ་བཟང་པོ་ཡོད་ཙམ་གོ་ཐོས་ཅུང་ཙམ་ཡོད་པ་དག་ཇེ་གསལ་ཇེ་གསལ་རེད་འདུག་བ།

  11. ཨ་འབར་འཇིགས་དབང། says:
    2017-10-16 at 11:48 pm

    ༄༅། སྐྱོ་བྲག་དགའ་དབང་གི་རྩོམ་ལ་གོ་དོན་གང་ཡང་མི་འདུག་
    བོད་སྐད་བཤད་ཀྱི་ཡོད་དམ། ཡང་དབྱིན་སྐད་བོད་སྐད་ཐོག་བཤད་ཀྱི་ཡོད།
    ཨ་རོག་གོ་རྒྱུ་ཅི་ཡང་མི་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme