Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།

Posted on 2012-09-252012-09-25 By ཁ་བརྡ་ 23 Comments on ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།

ནང་ཆེན་ནས་གྲོགས་པོ་ཞིག་གིས་ཁ་བརྡའི་ཐོག་ལ་འགོད་རོགས་ཞེས་གསུངས་ནས་མཆན་ཞབས་བཅས་བསྐུར་བ་ཇིབཞིན་རྫ་ཚེ་རིང་བཀྲ་ཤིས་ནས་མཚམས་སྦྱོར་བྱས།

ནང་ཆེན་བཀྲ་ཤིས་ནི་ཧ་ལམ་ཕོ་ལོ47ལ་སོན་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཚོང་པ་ཡག་པོའི་གྲས་ཀྱི་གཅིག་ཡིན་པ་རེད། ཁོ་ནི་བོད་ཀྱི་རིག་གནས་དང་ཆོས་ལུགས་སྐད་དང་ཡི་གེ་ལ་དགའ་ཞིང་བློ་དཀར་མཁན་ཞིག་ཡིན་པས། ལོ་ངོ་བཅུ་ལྷག་གི་ཡར་སྔོན་ནས་བཟུང་། ཁོས་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་འདུ་ཤེས་ཉམས་བཞིན་པའི་སྐྱེ་རྒུ་གྲོང་བརྡལ་དུ། ཆོས་ལུགས་གྲུབ་མཐའ་དང་སེར་སྐྱ་རིས་མེད་ཀྱིས་བགྲོ་གླེང་བྱེད་པར་མཐུན་རྐྱེན་མང་པོ་སྦྱར་ཏེ་སྣང་ཚུལ་དེ་ལྡོག་པའི་ཐབས་ལམ་གང་བཟང་དང་བྱེད་ཕྱོགས་གང་ཡག་འཚོལ་བའི་ལས་ལ་བརྩོན་མཁན་ཞིག་ཡིན་པར་མ་ཟད། ད་དུང་ས་དེ་གའི་ཉམ་ཆུང་དབུལ་པོ་ལ་འཚོ་བའི་ཁ་གསབ་ཀྱི་དངུལ་དངོས་དང་། སློབ་མ་དང་སློབ་གཉེར་མཁན་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡང་མང་པོ་སྦྱར་དང་སྦྱོར་གིན་ཡོད་མཁན་ཞིག་ཡིན་པ་རེད། དེ་མིན་ཁོ་ནི་ཚོང་གི་སྟེང་དུ་ཡང་བློ་མིག་ཡོད་མཁན་ཞིག་ཡིན་པས་ན། ལོ་དྲུག་བདུན་ཙམ་གྱི་སྔོན་ལ། ཡུལ་ཤུལ་གྲོང་བརྡལ་གྱི་སུམ་མདོ་ཆེན་མོ་སྟེ་དམར་སྲུང་ལམ་དུ་འབོད་པའི་ས་ཆེས་ཡག་ས་དེ་རུ། ས་མུའུ་ལྔ་ཉོས་ཤིང་བསྡོམས་འབོར་ཤོག་སྒོར་ཁྲི་སྟོང་གསུམ་ལྷག་གི་མ་རྩ་བཏང་ནས་དེའི་སྟེང་དུ་མགྲོན་ཁང་དང་རང་གི་སྡོད་ཁང་། ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཁང་མིག་མང་པོ་བརྒྱབ་པ་རེད། “འཛམ་གླིང་ཞི་བདེ”ཞེས་པའི་མགྲོན་ཁང་དེ་རང་གིས་གཉེར་གྱི་ཡོད་པ་ལས། གཞན་ཚང་མ་བོད་རིགས་དང་རྒྱ་རིགས་ཚོང་པ་ཚོར་གླས་ཡོད་རེད། ཡིན་ཡང་ཚོང་དེ་གཉེར་ནས་ལོ་མང་ཕྱིན་མེད་པས། ཁོ་ལ་ད་སྔ་ད་དུང་གཞན་ལས་བསྐྱིས་པའི་སྒོར་ཁྲི་སྟོང་གཅིག་ལྷག་གི་བུན་ཡོད་པ་རེད། ས་འགུལ་སྐབས་ཁོའི་ཁང་པ་ཚང་མ་ལ་གནོད་སྐྱོན་ཅི་ཡང་མ་ཕོགས་ཟེར། ཡིན་ཡང་། གྲོང་ཁྱེར་འཆར་འགོར་བྱེད་སྐབས། སྲིད་གཞུང་གིས་ནང་ཆེན་བཀྲ་ཤིས་ལ་གཞུང་ལམ་འགྲམ་གྱི་ས་མུའུ0.7གྱི་ཚོང་ཁང་གི་ས་དེ་སྲིད་གཞུང་ལ་སྤྲད་པ་ཡིན་ན། ཚོང་ས་མུའུ4.3པོ་མ་སྒུལ་རང་འཇོག་བྱེད་རྒྱུའི་ཁས་ལེན་ཆ་རྐྱེན་འོག་ནང་ཆེན་བཀྲ་ཤིས་ཀྱང་མོས་མཐུན་བྱུང་ནས། སྲིད་གཞུང་གིས་ས་མུའུ0.7གྱི་ཚོང་ཁང་གི་གུན་ཚབ་ཏུ་ཁོ་ལ་སྒོར་མོ་ཁྲི་ཁ་ཤས་སྤྲད་པ་རེད།།
ཡིན་ཡང་། 2012ལོའི་ཟླ9པའི12ཉིན་གྱི་མཚན་གུང་ཆུ་ཚོད12སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་བབ་དང་བསྟུན་ནས། མི་སྐོར་ཞིག་ཁྱིམ་ནང་འཛུལ་ཡོང་ནས་ཁང་པ་གཏོར་ཞིག་བྱེད་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་མཐར། ནང་ཆེན་བཀྲ་ཤིས་ཀྱི་ཆུང་མ་བོད་བདེ་དང་། བུ་ཤེས་རབ་རྡོ་རྗེ།(པེ་ཅིན་གྱི་སློབ་ཆེན་ཞིག་ཏུ་ཚོང་ལས་དོ་དམ་གྱི་སློབ་གཉེར་བྱེད་ཀྱི་ཡོད)དང་། བསོད་ནམས་སྟོབས་རྒྱལ།(དཀར་མཛེས་ཁུལ་རྫོང་གསར་དགོན་པའི་གྲྭ་པ།)བུ་མོ་གཅིག་སྟེ་གཡང་འཛོམས་(ཟི་ལིང་གི་སློབ་ཆེན་ཞིག་ཏུ་ཡོད)བཅས་བསྡོམས་པས་ཁྱིམ་མི་བཞི་འཛིན་བཟུང་བྱས། ཁོ་ཚོས་ཁ་ནག་ངོ་ནག་གི་མཚན་གུང་དེ་ལ་ནང་ཆེན་བཀྲ་ཤིས་ཀྱི་ནང་མི་བཞི་བོ་འཛིན་བཟུང་བྱས་རྗེས། མིས་མི་ཤེས་ཤིང་ཁྱིས་མི་ཚོར་བའི་སྒོ་ནས་ཁོ་ཚང་གི་སྡོད་ཁང་མགྲོན་ཁང་། ཟ་ཁང་ཚོང་ཁང་དང་ཅ་ལག་ཡོད་ཚད། འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་པར་མ་ཟད། ཕྱི་ཉིན་ས་དེར་ར་བ་ཡང་བསྐོར་འདུག་སྐད། གོ་ཐོས་སུ་ད་ཆ་ནང་ཆེན་བཀྲ་ཤིས་ཡང་བསྐྱར་གང་སོང་ཆ་མེད་དུ་སོང་འདུག་པ་རེད་ཟེར། མི་བུ་འདི་ཡུལ་ཤུལ་ས་འགུལ་སྐབས་སུ་ཡང་གློ་བུར་བོར་བརླག་ཐེབས་ཏེ་ཟླ་གསུམ་ལྷག་འགོར་ཡོད། ཁྱིམ་མིས་ཀྱང་ཟླ་གཅིག་ཙམ་གྱི་རྗེས་སུ་མ་གཏོགས་ཁོ་རང་གང་དུ་ཡོད་པ་ཧ་གོ་གི་མེད་པ་རེད། ཁོ་རང་འཛིན་བཟུང་བྱས་རྗེས་བོད་ལྗོངས་ཀྱི་ཆབ་མདོ་རུ་ཁྲིད་པ་རེད། འཇུ་ཁྲིད་བྱེད་སྐབས་ཁོའི་མགོ་བོར་རས་ཁུག་ནག་པོ་གཡོགས་ཤིང་། ས་དེར་སླེབས་རྗེས་ལྷམ་ནང་དུ་རྡོ་ཧྲུག་མང་པོ་བླུགས་ནས་གྱོན་བཅུག་རྗེས་ལངས་ཆད་རྫོགས་མེད་བཅད་ཅིང་གཅར་རྡུང་དྲག་པོ་བྱས་ཡོད་པ་རེད། འཇུ་བཟུང་བྱེད་དོན། ཁོས་མང་ཚོགས་ལ“ངན་སྐུལ”ཐེབས་འདོད་པར་སྐྲག་པས་རེད་ཟེར། རང་ལ་འབྱོར་བ་ཡོད་དུས་གཞན་ལ་རོགས་སྐྱོར་བྱེད་མཁན་གྱི་ལྷག་བསམ་ཅན་དག་ལ། ང་ནི་གོང་བཀུར་དང་རྗེས་སུ་ཡི་རངས་བྱེད་མཁན་ཞིག་ཡིན་པས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་འདོད་འགོག་མེད་སྐྱེས་ཡོང་། ཁ་སང་ཁོ་ཚང་གི་ཆག་སྒོ་དེ་གོ་བ་ནས་བཟུང་། ངའི་སེམས་པ་གྲང་ཤུར་ཤུར་དུ་གྱུར། ཁྱིམ་བདག་ཅིག་གི་ཚད་ནས་བཤད་ན་ཡང་། རང་གིས་ཚེ་གང་པོར་བསོག་བསོག་པའི་རྒྱུ་ནོར་རྣམས་ཞག་མ་གཅིག་རིང་ལ་ཐལ་དང་རྡུལ་དུ་བཏང་ཞིང་། རང་གི་སྙིང་ཉེ་བའི་ཁྱིམ་མི་ཚོ་བཙོན་འཇུག་བྱས་ཏེ། རང་ཉིད་ཞག་པོ་གཅིག་གི་རིང་ལ་མ་མེད་བྱིའུ་ཕྲུག་ཐང་གྱར་གྱི་ཚུལ་དུ་ལུས་སུ་བཅུག་ན་ནི་སུ་ཞིག་གིས་བཟོད་བསྲན་བྱེད་ཐུབ་བམ། ཁོ་ནི་ལོ་འདིའི་བགྲོ་གླེང་ཞིག་སྐབས་ངོ་ཤེས་པ་ཞིག་ཡིན་ན་ཡང་། ང་ལ་བརྗེད་མི་ཐུབ་པའི་བག་ཆགས་བཞག་བྱུང་། གང་ཡིན་ཞེ་ན། ཁོ་ནི་རང་རིགས་ཀྱི་རིག་གནས་ལ་དུངས་ཀ་ཆེ་དྲག་པའི་རྐྱེན་གྱིས། སྡུག་དང་ཚེགས་ལ་མ་འཛེམས་པར་རང་གི་ཆུང་མ་དང་བུ་བུ་མོ་ཚང་མར་སྡོད་ས་རས་དཀར་དང་ཁ་ཟས་མར་རྩམ་སོགས་ཁྱེར་ནས་བགྲོ་གླེང་དེར་ཞུགས་ནས། སྤྱི་ཚོགས་ཀྱི་དཀའ་སྡུག་དང་གནད་དོན་མང་པོ་རང་གིས་ཅི་ནུས་གང་ལྕོགས་ཀྱིས་ཨེ་ཤོད་བལྟ་ཡི་ཡོད་པ་དང་། དེ་བཞིན། ཇོ་མོ་དགོན་གྱི་བགྲོ་གླེང་དེའི་སྟེང་ལ་ཡང་ཁོ་ཁྱིམ་ཚང་གང་པོ་ཁྱོག་ཁྱོག་དྲུད་དྲུད་དུ་ཐོན་ནས་རང་གི་སེམས་ཀྱི་ན་ཟུག་བརྗོད་དེ་ཉམ་ཆུང་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཚུལ་དེ་ལ་སོགས་ཀྱིས་སོ།།
ཁ་སང་ངས་ཁོ་ཚང་གི་ཆག་སྒོ་ནག་པོ་དེ་ཐོས་རྗེས། བསམ་ཞིང་བསམ་དུས་སྡོད་ལོང་མེད་པར་བཏང་། ད་ནངས་ང་རང་ཆུ་ཚོད་དྲུག་པར་གཉིད་ལས་སད་ཅིང་ཉལ་འདུན་མེད་པར་གྱུར་ནས། དུས་ཚོད་བདུན་གྱི་སྟེང་མལ་ལས་ལངས་ཏེ་སྐད་ཆ་འདི་འབྲི་ཁུལ་བྱས་པ་ཡིན། དེ་ནི་ཁོ་ལ་ཡང་དང་བསྐྱར་དུ་དཀའ་ལས་བྱུང་བ་འདི་ཡང་ཁོ་པ་རང་གི་ཁེ་ཕན་ཙམ་གྱི་ཆེད་དུ་མིན་པ་ཤེས་པས་ཡིན་ལ། ཁོ་དང་ཁྱིམ་མི་གང་པོས་རྡོག་རྩ་ཆིག་སྒྲིལ་དང་སེམས་ཤུགས་མ་ཆག་པར་ཆག་སྒོ་འདི་ཟློག་པའི་ལས་ལ་རྩོམ་ན། འཇིག་རྟེན་འདི་རུ་ཁོ་དང་ཁོ་འདྲ་བའི་སྙིང་རྗེ་བྱམས་སེམས་ཅན་ལོས་ཡོད་འདོད་པས་ཀྱང་ཡིན་ནོ།།
ར་རྫ་འཇམ་དབྱངས་སྐྱིད་ཅེས་པ་ནས།

དཔྱད་བརྗོད།
? ངས་ནི་རང་གི་རྣ་བ་ལ་ཡང་ཡིད་ཆེས་དཀའ་བའི་གོད་ཆག་ནག་པོ་འདི་ཐོས་རྗེས། ནང་ཆེན་བཀྲ་ཤིས་དང་ཁོའི་ཁྱིམ་མི་ལ་སེམས་ཁུར་སེམས་ཀྱིས་མ་བཟོད་པས་རྩོམ་ཡིག་འདྲ་བོ་འདི་འབྲི་ཁུལ་བྱས་པ་ཡིན། ད་ནི་ག་རེ་བྱས་ན་བཟང་ངམ་ཨང་།། སྨིན་དྲུག་ནས།
? གང་ལྟར་ཀྱང་རང་རིགས་ལ་ཞེན་ཁ་རྒོད་པའི་མི་བུ་ངར་མའི་རིགས་ཀྱིས་གཟབ་ཙམ་མ་གནང་བ་ཡིན་ན་ཉེས་མེད་ཉེས་མདོག་གི་མིང་ཡིག་ནག་པོ་གང་ནས་ཐོན་པའང་མ་ཤེས་པར་མནར་གཅོད་ཀྱི་རྭ་བར་་ཤུགས་ཀྱིས་བརྫངས་འགྲོ ཁོང་ཚང་ལ་གཏུམ་སྤྱོད་ཀྱི་ཤེད་ཤུགས་རྒོད་དྲག་རྐྱེན། སྐབས་དེར་གནས་ལུགས་དང་རྒྱུ་མཚན་འགྲོ་ས་གཏན་ནས་མེད། ཁྱུང་རྒོད་ནས།
? འདི་ནི་འུ་ཚང་གི་རང་དབང་རེད། ངས་དེ་རིང་འུ་ཚོ་ཚང་མ་དམྱལ་ཟངས་ནང་ལ་ཡོད་པ་ཤེས་སོང་།
? ཨ་ཅེ་འཇམ་དབྱངས་སྐྱིད་ཀྱིས་གནས་ཚུལ་འདི་ངོ་སྤྲོད་དང་འོས་སྦྱོར་བྱེད་པར་སྙིང་ནས་བཀའ་དྲིན་ཞུ་གི་ཡོད། སྒོམ་མིང་འཛིན་པ་ནས།
? གནས་ལུགས་དང་རྒྱུ་མཚན་གྱི་ངོས་ནས་བཤད་ན། སྲིད་གཞུང་ནི་མི་དམངས་ལ་བདེ་བ་སྐྲུན་མཁན་ཡིན་དགོས་མོད། དེང་གི་ཆར་མང་པོ་ཞིག་ནི་ཡོངས་སུ་མི་སེར་མང་ཚོགས་ཀྱི་ཟུངས་ཁྲག་འཇིབ་པའི་ནད་འབུ་ཙམ་ལས་གཞན་གང་ཡང་རེད་མི་འདུག འུག་པས།
? སེམས་པ་སྐྱོ་དང་མ་སྐྱོ། །ཁྲ་ཆུང་མིག་ལ་ལྟོས་དང་། མིག་མཐའ་མཆི་མས་བསྐོར་བ། །སེམས་པ་སྐྱོ་བའི་རྟགས་རེད། །ཀརྨ་བསམ་འགྲུབ། རྡོ་རྗེ་བཀྲ་ཤིས། ནང་ཆེན་བཀྲ་ཤིས། ད་བཞི་བ་སུ་ཡིན་ནམ ཚོང་བ་ཚང་མས་གཟབ་རོགས། མི་འཇིག་པ་ནས།
? འཇམ་དབྱངས་སྐྱིད་ཀྱིས་གནས་ཚུལ་འདི་མཁོ་སྤྲོད་བྱེད་པར་དགའ་བསུ་ཡོད། ནང་ཆེན་བཀྲ་ཤིས་ཟེར་བའི་ཚོང་བདག་དེར་དོན་དངོས་ནས་མི་རིགས་ཀྱི་འདུ་ཤེས་མི་དམན་པ་ཞིག་ཡོད་པ་དོན་དངོས་ཡིན། ཡིན་ན་ཡང་ཁོའི་བཤད་ཕྱོགས་དང་ལངས་ཕྱོགས་གང་ནས་བལྟས་ན་ཡང་ཆབ་སྲིད་བསམ་བློའི་དབུལ་ཞིང་ཐད་ཀར་སེམས་ལ་གང་དྲན་བཤད་པ་དང་དེ་ལྟར་སྒྲུབ་འདོད་ཀྱི་ཀུན་སློང་དེའི་དབང་གིས་ད་རེས་ཀྱི་གྱོང་འདི་རགས་འདུག་པར་སྙམ། དེ་ཡང་རྒྱུ་མཚན་གསལ་བོར་མ་ཤེས་ཀྱང་ཁོའི་ལངས་ཕྱོགས་དེས་མི་མང་པོ་ཞིག་ལ་ཡུལ་ཤུལ་ས་ཆའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ར་སྤྲོད་ཐུབ་ཡོད་པ་དང་། དེ་མིན་ལ་རྒྱ་ཟེར་བ་ཁ་བཤད་མིན་པའི་གནས་ལུགས་ཀྱང་ཤེས་སུ་བཅུགས་འདུག་པར་སྐད། རྒྱུ་མཚན་འདི་དག་ནི་ཆབ་སྲིད་ཀྱི་གཡོ་ཇུས་ལ་རྨོངས་པས་ཡིན་ལ། ཆབ་སྲིད་ཀྱི་ངོ་བོ་དང་བྱེད་ནུས་གསལ་རྟོགས་མ་ཐུབ་པས་ཀྱང་ཕལ་ཆེར་རེད། དེའི་ཕྱིར་ཁོ་དང་ཁོ་ལྟ་བུ་མི་རིགས་ཀྱི་འདུ་ཤེས་དང་འགན་འཁྲིའི་ཕྱུག་པའི་མི་བུ་ཚོར་ད་རེས་ཀྱི་གནས་ཚུལ་འདིའི་གསལ་འདེབས་ཐེངས་ཤིག་ཀྱང་བྱེད་ཡོད་འདུག མཇུག་མཐར་ཁོ་དང་ཁོ་ལྟ་བུ་དག་གི་རེ་བ་ཡོངས་སུ་འགྲུབ་ཐུབ་པའི་སྨོན་འདུན་དང་བཅས་ཨ་མྱུག་ཏུ་འདོད་པས་ས་མཐའི་རི་གྲོང་ནས།

གསར་འགྱུར།

Post navigation

Previous Post: རང་གཤིས་བོར་གྱིན་པའི་མི་རབས།
Next Post: ༼མེར་བསྲེཊ་རྒྱུ་རྐྱེན་༽ཞེས་པའི་དབྱིན་སྐད་གློག་བརྙན།

Comments (23) on “ནང་ཆེན་བཀྲ་ཤིས་ཚང་ལ་ཆག་སྒོ་བྱུང་སོང་།”

  1. མཐར་ཕྱིན། says:
    2012-09-25 at 12:38 am

    མི་བཟང་བོ་ལ་གནོད་པ་བྱེད་མཁན་མང་བ་ལ།
    ངོ་མ་ཡིད་ཕམ་པའི་གནས་ཚུལ་ཞིག་རེད།

  2. ལོག་སྨྲ་ཚར་གཅོད། says:
    2012-09-25 at 1:34 am

    དྲྭ་གྲོགས་ཚོར། དེ་རིང་ཡུ་ཊུབ་ཀྱི་http://www.youtube.com/watch?v=1HhKF4_-9g8་དྲྭ་ངོས་སུ་ཡོད་པའི་གློག་བརྙེན་འདི་བོད་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་ནང་རང་སྲེག་གི་དོན་ཅན་གང་ཡིན་ཐོག་གསར་བསྒྲིགས་བྱས་ཏེ་ཁ་སང་དབུ་འབྱེད་གནང་ཡོད་པ་དེ་རེད། ངས་བལྟས་ན་གློག་བརྙེན་འདི་འདྲ་ཞིག་བཟོས་པ་ཡག་པོ་རེད་དེ་ཡིན་ན་ཡང་སྒྲིག་འཛུགས་ཤིག་གིས་བཟོས་པ་ནང་བཞིན་འཐུས་སྒོ་ཚང་པོ་བྱུང་མི་འདུག ཞེན་ཆ་འགའ་མཐོང་བ་ནི་བོད་ནང་གི་མེར་སྲེག་བྱས་མི་རྣམས་རེ་རེ་བཞིན་ངོ་སྤྲོད་དང་པར་རིས་མེད་པ་དང་ཁྱི་སྨྱོན་གྱིས་སོ་བཏབ་པ་ནང་བཞིན་གང་ཐུག་ཐུག་ས་ནས་བསྟན་ཡོང་བ་དང་ལྷག་པར་དུ་མེར་སྲེག་གནང་བཞིན་པའི་སྐབས་དང་རྗེས་སུ་ནད་པ་ཆགས་པའི་སྐབས་ཀྱི་སྐད་ཆ་གང་བཤད་རྣམས་དང་ཤི་ཟིན་པའི་ཕུང་པོའི་པར་རིས་སོགས་ཧ་ཅང་གི་མི་སེམས་འགུལ་བའི་ཛ་དྲག་གི་པར་རིས་མང་དག་ཅིག་ཕྱི་ཕྱོགས་སུ་ལག་སོན་བྱུང་ཡོད་ཀྱང་གློག་བརྙེན་འདི་ནང་མ་བཀོད་པ་དེ་གཞུང་གིས་དོ་སྣང་ཆེན་པོ་མ་བྱས་ནས་མ་རག་པ་རེད་དམ་ཡང་ན་རག་ཀྱང་མ་བཀོད་པ་གང་ཡིན་ནམ། གཉིས་ནི་འདིའི་ནང་བྲག་མགོ་དགེ་བཤེས་ཚེ་དབང་ལགས་མེར་སྲེག་བྱས་མེད་ཀྱང་མེར་སྲེག་བྱས་པའི་མི་སྣའི་ཁུངས་སུ་པར་རིས་ཤིག་བསྟན་ནས་དབྱིན་སྐྱད་ནས་མེར་སྲེག་བྱས་པའི་མི་ཁུངས་སུ་བཏང་ནས་བཤད་འདུག་པ་དེས་གློག་བརྙེན་འདི་ལ་ཞིབ་འཇུག་པ་ཚོས་ཚད་ལྡན་མཐོང་བར་སྐྱེན་ཆེན་པོ་བཟོས་འདུག

  3. གནམ says:
    2012-09-25 at 1:48 am

    མ་ཁར་སོ་འདེབས་བཞིན་ཀློག་ཚར་ཡིན། སྤུན་ཟླའི་སྡུག་བསྔལ་རེ་རེ་གོ་ན། ལམ་དབུ་མ་འདི་ལ་རྒྱ་མི་བློ་དཀར་ཞིག་གིས་ལྟོས་ན་ཡང་བོད་འདིས་ཅི་འདྲའི་སྡུག་ཐུག་གི་ལམ་ཁ་འདི་ནས་དེ་འདྲའི་ཞྭ་མོ་ནག་པོ་ཞིག་གོན་དགོས་དོན་སུ་ལ་ངོ་སོ་བྱེད་བཞིན་ཡོད་ན་བསམ་ལོས་ཡོད། ཡིན་ན་ཡང་གཏན་དུ་མི་ཤི་བའི་འཐབ་རྩོད་འདི་གཏན་དུ་མི་སྐྱུར་བའི་དམ་བཅའ་རེད། མགོ་བོ་མཐོན་པོའི་ངང་ནས་སྡུག་སྐད་ཉུང་དུ་སྒྲོགས། ཐབས་ཇུས་ཕུགས་རིང་ངང་ནས་དཔའ་རྩལ་ཞིམ་མེད་དུ་སྐྱོད། བོད་གངས་ཅན་པ་སྡུག་གྱི་མཐའ་སེལ་དུ་འགྲོ་འདོད་ན་བོད་རང་བཙན་རེད།

  4. ཀོང་རྗེ་དཀར་པོ། says:
    2012-09-25 at 3:56 am

    སྤྱིར་བཏང་རྒྱ་མིས་གཉའ་གནོན་དང་དྲག་སྤྱོད་ཀྱི་ལས་འགུལ་ཤུགས་ཆེར་ཡོད་པར་མཐོང་ཐོས་མྱོང་གསུམ་གྱིས་ལམ་ནས་མངོན་བཞིན་ཡོད་པས་ཚང་མས་མཁྱེན་གསལ་ལྟར་རེད། གོང་དུ་ཅེས་པ་ལྟར་ན་ཁང་པའི་ཕྱི་ནང་གི་རྒྱུ་དངོས་ཡོད་ཚད་ས་འོག་ཏུ་བརྫངས་བཏང་བའི་རྣམ་པ་ཞིག་བཤད་འདུག་པས་དེ་ལྟར་ན་དེའི་པར་རིས་ཀྱི་རྣམ་པ་ཞིག་འདིར་འཚོལ་སྒྲུབ་ཐུབ་ན་མ་གཏོགས་གཞན་གྱིས་ཡིད་རྟོན་འཕེལ་དཀའ་བ་རེད་འདུག་སྙམ། ང་ཚོས་འདི་ལྟར་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ལས་འགུལ་གྱི་དགོས་པ་ནི། གཞན་ལ་ཡིད་ཆེས་དང་དོ་སྣང་རྒྱབ་སྐྱོར་ཐོབ་པའི་ཆེད་དུ་ཡིན་པས་རྗེས་ཕྱོགས་གནས་ཚུལ་མཁོ་འདོན་བྱེད་སྐབས་དོན་དངོས་ཡིན་པ་ལ་གཞན་ལའང་དོན་དངོས་སུ་གོ་བ་སྟེར་ཐུབ་པའི་ངོ་སྤྲོད་གནང་གལ་ཆེ། དེ་མིན་དོན་དངོས་ཀྱི་གནས་ཚུལ་ཡིན་ཡང་གཞན་གྱི་ངོར་འུད་གཏམ་གྱི་རྣམ་པ་ཞིག་མངོན་བཞིན་འདུག་པར་སྙམ།

  5. ཀོང་རྗེ་དཀར་པོ། says:
    2012-09-25 at 4:02 am

    གོང་དུ་ཞེས་པའི་བར་དུ་འདི་འཛུད་རོགས་གྱིས་་་་་་་མིས་མི་ཤེས་ཤིང་ཁྱིས་མི་ཚོར་བའི་སྒོ་ནས་ཁོ་ཚང་གི་སྡོད་ཁང་མགྲོན་ཁང་། ཟ་ཁང་ཚོང་ཁང་དང་ཅ་ལག་ཡོད་ཚད། འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་པར་མ་ཟད། ཕྱི་ཉིན་ས་དེར་ར་བ་ཡང་བསྐོར་འདུག་སྐད།

  6. སྦྲ་དཔལ་ལྡན། says:
    2012-09-25 at 7:22 am

    ངོ་མ་ཡ་ང་བའི་ལོ་རྒྱུས་དེ་དག་གོ་ཡོང་དུས་བསྡད་ས་ཟི་མི་འགྲོ་གི ཡིན་ནའང་། བཀྲ་ཤིས་ནང་མི་ཡོངས་ལ་གདུས་སེམས་མཉམ་བསྐྱེད་བྱེད།

  7. དཔྱིད་འགོའི་མེ་ཏོག says:
    2012-09-25 at 9:06 am

    རྒྱ་ངན་འདི་ཚང་་བོད་མི་འཇོན་ཐང་ཅན་ཞིག་ཡོད་ན་འདུག་གི་མི་འཇུག་གི། འདི་ལྟ་དུས་་་་་་སེམས་སྡུག་གི་འདུག་་

  8. རྒད་པོ། says:
    2012-09-25 at 9:48 am

    སྔོན་ལ་སྐབས་འཕྲལ་ཁོང་ནང་མི་རྣམས་ལ་ཕན་འདོགས་བྱེད། བོད་གཞུང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་སོགས་ལ་གནས་ཚུལ་འབུལ་ནས་རྒྱལ་སྤྱིའི་ཐོག་ཁོང་གི་གནས་ཚུལ་དེ་བསྒྲགས་ཐབས་བྱ་དགོས། 

  9. རིག་པའི་བུ says:
    2012-09-25 at 10:05 am

    དཔའ་ཡོད་ཅིང་ཁོང་ལ་དོན་དངོས་ཀྱིས་ཤ་ཚ་བྱེད་མཁན་ཞིག་ཡོད་ན་རྒྱ་རྒན་ཚང་ལ་དགྲ་ཤ་ལེན་དགོས་རེད། དེ་མིན་རྒྱུ་མཚན་འདྲ་བཤད་ཅིང་ཞུ་བ་འདྲ་འཐེན་ན་བསམ་ཤེས་བཏང་མཁན་དཀོན། རྒྱ་རྒན ཚང་ལ་སྙིང་རྗེ་མེད་པ་ཀུན་གྱིས་ཤེས་གསལ་རེད།།

  10. རིག་པའི་བུ says:
    2012-09-25 at 10:09 am

    སེམས་སྐྱོ་བའི་ན་ཚ་དགུང་ལ་རེག།
    ཡིད་སྨུག་པའི་གྲང་བས་འགྲིམ་པ་བརྣངས།།
    དཔའ་བློ་ཁོག་སྟག་གི་ཟླ་གྱུར་ཡང་།།
    འགྲན་ངོམས་ས་རང་གི་ལུས་ཕུང་རེད།།

  11. ཀརྨ་སྐལ་བཟང says:
    2012-09-25 at 11:02 am

    ཧོ་ཧོ་དངོས་ཡོད་གནས་ཚུལ་ཆ་ཚང་མ་ཞིག་ད་དུང་གོ་མི་འདུག་་བ་་་་་

  12. བཟང་པོ་ says:
    2012-09-25 at 11:07 am

    ང་ཚོ་བོད་མི་རིགས་ཀྱི་དཀའ་སྡུག་ནི་ལོ་རྒྱུས་རིང་་་རྒྱ་དམར་བཙན་འཛུལ་མཁན་ནི་གདུག་རྩུབ་ཇི་ཆེ་རེད་བོད་རྩ་རླག་གཏོང་སེམས་ཇི་ལྟར་ཆེ་ཡང་བོད་མི་ཡོངས་རྫོགས་ཀྱི་བསམ་འདུན་ནི་གཅིག་རང་ཡིན་པ་རྒྱ་དམར་དང་རྒྱ་དམར་གྱི་བྲན་གཡོག་བོད་མི་ཆེས་ཉུང་ཤས་ཚོས་ཤེས་དགོས་པ་རེད་ང་ཚོ་བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་
    ལྷད་མེད་གནང་ནས་དགྲ་ནག་རྒྱ་དམར་ལ་ཚེ་ཆུང་གང་ས་ནས་ངོ་རྒོལ་གནང་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཐབས་མེད་པའི་གཅིག་གྱུར་གྱི་གོམས་པ་སྤོ་དགོས་པ་ལས་སྣང་ཆུང་གནང་མི་རུང་པ་ཞིག་དང་༧གོང་ས་མཆོག་དང་བོད་གཞུང་གི་དགོངས་འདུན་དང་མཛད་བྱུས་ཁག་ལ་ཡིད་གཏད་བློ་འགེལ་གཙང་མ་གནང་དགོས་པ་མཐོང་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་ཚང་ལ་ནག་མེད་ཉེས་འགེལ་གྱི་དཀའ་སྡུག་གི་བགེགས་བར་བྱུང་བར་གདུང་སེམས་མཉམ་མྱོང་ཞུ་བཞིན་ཡོད་རྒྱ་མིས་སྔར་བོད་ལ་ཡག་པོ་རྩ་བ་ནས་བྱས་མེད་ལ་ད་ལྟ་ཡག་པོ་རྩ་བ་ནས་བྱ་ཡི་མེད་ལ་འབྱུང་འགྱུར་ཡང་ཡག་པོ་རྩ་བ་ནས་བྱ་སྲིད་ཀྱི་མ་རེད་དེ་ནི་ལོ་རྒྱུས་འཁྲུལ་མེད་པ་ཡིན་པས་ང་ཚོས་ལོ་རྒྱུས་ལ་ཕྱི་མིག་ལྟ་རྒྱུ་དང་མ་བརྗེད་པ་བྱ་རྒྱུ་གལ་འགངས་ཆེན་པོ་རེད་དོ་བོད་པ་ཚོ་ད་ནི་རྡོག་རྩ་གཅིག་ལ་སྒྲིལ་རྒྱུ་གལ་འགངས་ཆེ་འོ་བོད་པ་ཚོ་དེ་དོན་དགོངས་པར་འཇགས་འཚལ་ལོ་།

  13. གཉིས་མེད་སེངྒེ says:
    2012-09-25 at 11:41 am

    ཨ་དཀོན་མཆོག་མཁྱེན་་་་་་་་་་་སྒང་བ་བོད་པ་ཚང་གིས་འདི་འདྲའི་ལས་གང་བསགས་ཡིན་ནམ།

  14. ཀརྨ་ཡེ་ཤེས says:
    2012-09-25 at 12:00 pm

    གནས་ཚུལ་འདི་བདེན་པ་ཡིན་ན་དུས་བབ་ཐོག་མི་བཀོད་པ་གང་ཡིན་ནམ། ནང་ཆེན་པ་ཤེས་མཁན་ཚོས་གསལ་ཁ་གནང་རོགས། ནང་ཆེན་བཀྲ་ཤིས་ཟེར་བས་མགར་ཆེན་དགོན་པ་བཙོང་རབས་འདུག

  15. རྣ་བ་བརྒྱདཔ་ says:
    2012-09-25 at 12:47 pm

    གོང་དུ་ལོག་སྨྲ་ཚར་གཅོད་གྱིས་གསུངས་བ་ལྟར། ང་རང་ཡང་དེ་ལྟར་འདོད། ཤེས་བཞིན་དུ་མ་བཤད་པ་དང། ཡོད་བཞིན་དུ་མ་བསྟན་པ་ནི་རྐྱོན་ཆ་ཞིག་དུ་མཐོང། འདི་ནི་རྒྱལ་ཁབ་ཕྱི་ནང་ཐམས་ཅད་ལ་རྗེན་ཆར་དུ་སྟོན་ཅིང། ཀུན་ལ་ཁྱབ་བསྒྲགས་བྱེད་པ་ལ་གངས་ལྗོངས་དཔའ་བོ་འདས་གསོན་རྣམས་གྱིས་འདོད་བློ་ཚིམ་པ་ཞིག་བྱེད་ནུས་པའི། དགེ་མཚན་ཆེ་བར་མཐོང་བའི་རྗེས་མ་ཞིབ་ཚག་པོ་ཞིག་བྱེད་པའི་འབོད་བསྐུལ་བྱེད་པ་ཡིན། ཐུགས་རྗེ་ཆེ།

  16. བཙན་བྱོལ་བ་ says:
    2012-09-26 at 3:35 am

    ཚོང་པ་ཞིག་ཡིན་ཕྱིན་ནག་ཉེས་གཅིག་ཀྱང་མེད་པ་གཏན་ནས་མི་སྲིད། གོང་གི་རྩོམ་དེ་ལེགས་ཕྱོགས་ཤ་སྟག་ལས་ཉེས་ཕྱོགས་མཐོང་རྒྱུ་མི་འདུག ཡིན་ན་ཡང་། གནས་ཚུལ་ཡག་སྙིང་གཉི་ཀ་བཀོད་དགོས་པ་ནི་གལ་ཆེན་རེད།

  17. བཙན་བྱོལ་བ་ says:
    2012-09-26 at 3:41 am

    སྤྱིར་བཏང་དམར་ཤོག་ལུང་པ་གང་ཞིག་ལ་མི་གྲགས་གྲས་རྣམས་སྲིད་གཞུང་འགོ་རྟིང་སློག་པའི་འཇིགས་སྣང་འོག་འཛིན་བཟུང་བྱེད་བཞིན་པ་ནི་ཧ་གོ་གསལ་མཐོང་རེད། དེ་སྔོན་ཕྱིར་ལྟས་སློག་ན། ལྷ་ས་གཡག་མགྲོན་ཁང་གི་སྦྱིན་བདག་དེ་དང་། ཡང་རྒྱུ་རྙིང་ཚོང་པ་ཀརྨ་བསམ་གཏན་དང་། ཡང་ལྷ་སར་དབང་འདུས་ཟེར་བ་རེག་དུག་ནད་གཞི་ཐོག་སློབ་གསོ་རྒྱ་ཆེར་སྤེལ་མཁན་སོགས་ལྟར་རེད།

  18. བྱི་ལ says:
    2012-09-26 at 7:00 am

    གོང་དུ་བཀོད་གནང་བ་ནང་ཆེན་བཀྲ་ཤིས་ཀྱི་གནས་ཚུལ་རྣམས་ལས། མཚན་ནག་ཆུ་ཚོད་བཅུ་གཉིས་ཙམ་གྱི་ཐོག་མི་སྐོར་ཞིག་ནང་ཆེན་བཀྲ་ཤིས་ཀྱི་ནངདུ་སླེབས་ཏེ་ནང་ཆེན་བཀྲ་ཤིས་ཀྱི་བུ་གསུམ་དང་བཟའ་ཟླ་བཅས་ཁྱིམ་མི་བཞི་འཛིིན་བཏང་རྗེས་མིས་མི་ཤེས་ཤིང་ཁྱིས་མི་ཚོརབའི་སྒོ་ནས་ཁོ་ཚང་གི་ཟ་ཁང་དང་ཚོང་ཁང་ཅ་ལག་ཡོད་ཚད་འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་རྗེས་ཕྱི་ཉིན་གནས་དེར་ར་བ་ཡང་བསྐོར་འདུག་སྐད་ཅེས་པ་འདིའི་ནང་ནས་ མགོན་པོ་ལགས། ཞོགས་དུང་དམར་སྲུང་དམག་གི་ལྟ་གྲུབ་རྗེས་ཟློས་པ་ཞིག་ཡིན་ན། ཞོགས་དུང་ཁྲི་མུན་ནང་དུ་རྒྱུ་རྐྱེན་ཅིའི་ཕྱིར་བཅུག་པ་ཡིན་ མིས་མི་ཤེས་ཤིང་ཁྱིས་མི་ཚོར་བའི་སྒོ་ནས་འདེད་འཁོར་གྱིས་ཁང་པ་དང་ཅ་དངོས་ཤུལ་མེད་བཟོས་རྗེས་ཕྱི་ཉིན་ས་གནས་དེར་ར་བ་བསྐོར་ཚར་སྐད་དེས། དངོས་ཡོད་གནས་ཚུལ་ལའང་ཡིད་ཆེས་དཀའ་བར་བཟོས་འདུག་སྙམ།

  19. བྱི་ལ says:
    2012-09-26 at 7:23 am

    མཆན་བཅོ་བརྒྱད་པའི་ མགོན་པོ་ལགས་ཞེས་པ་ནས་ཅིའི་ཕྱིར་བཅུག་པ་ཡིན་ཞེས་པའི་བར་ མཆན་འདིར་མིན་ལགས།

  20. ནོར་བུ་ says:
    2012-09-26 at 9:23 am

    ཨ་ཁ་ ནང་ཆེན་བཀྲ་ཤིས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཚད་མེད་ཡོད། དེ་ནི་ད་ལྟའི་རྒྱ་ནག་གི་བོད་ཐོགས་འཛིན་པའི་སྲིད་ཅིས་རེད། གང་ན་བོད་ལ་ཕན་ཐོགས་མི་བའི་རེ་ཡོད་ན་དེ་རྩ་མེད་བཟོ་བ་དང་བཙོན་འཇུག་བྱེད་པ་སོགས། ཨ་ཤི་རེ་ཁོ་ ངོ་མས་སེམས་སྐྱོ་བ་ལ།

  21. སྤྱང་ཤོག says:
    2012-09-26 at 10:28 am

    ནང་ཆེན་བཀྲ་ཤིས་ལོ་རྒྱུས་གསལ་པོ་ཞིག་ངོ་སྤྲོད་གནང་རོགས། སྐྱེ་ས་དང་སྐྱེ་ཚེས་སོགས།

  22. གླིང་གེ་སར་ says:
    2012-09-26 at 10:43 am

    ནང་ཆེན་བཀྲ་ཤིས་ལ་ཇུས་གཏོགས་མ་བྱེད་། སྐད་ཆ་འདྲ་མི་འདྲ་མང་པོ་ཡོད་རེད་ལབ་ན་བོད་པའི་ཞབས་འདྲེན་རེད་།

  23. གཡང་དཀར་ལུག་རྫི་། says:
    2012-09-28 at 5:57 am

    བོད་མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་དཀར་ཞིང་དུས་ཀུན་བོད་ཀྱི་ལས་དབང་ལ་ཐུགས་ཁུར་གནང་མཁན་གྱི་ཚོང་པ་ནང་ཆེན་བཀྲིས་ཚང་ལ་རྒྱ་གཞུང་གིས་གནས་ལུགས་བྲལ་བའི་དྲག་རྩུབ་ཀྱི་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། ཁོང་གི་ནང་མི་རྣམས་ལ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme