Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་ཟུག

Posted on 2026-03-02 By ཁ་བརྡ་ No Comments on ན་ཟུག

དྲིན་ཆེན་མ་ལོའི་གདོང་གི་རྒས་གཉེར་ལོ་རེ་བཞིན་དུ་ཇེ་མང་དང་།།
མགོ་ཡི་ལན་བུ་ཐར་ཐོར་གསེབ་ན་གང་སར་ཁ་བ་བབས་པ་འདྲ།།
ཚར་དུ་དངར་བའི་དུང་སོའི་ཁྲོད་དུ་རེ་འགའ་ལྷུངས་བ་མཐོང་ཐེངས་རེར།།
ཐ་སྙད་གང་གིས་བརྗོད་ཐབས་བྲལ་ཞིང་ཚོར་བའི་ན་ཟུག་སྙིང་ལ་གཟན།།
བརྙན་གྱི་ལམ་ནས་མཐོང་ཐེངས་རེ་རེར་ཨ་མས་ཁ་གཡང་སྨོན་འདུན་ཁྲོད།།
མ་བུ་ལྷན་འཛོམས་སྐྱིད་པའི་ཉི་མ་ནམ་ཞིག་ཤར་ཞེས་སྨོན་པ་དེར།།
རེ་ཞིང་སྒུག་ནས་ལོ་མང་ཕྱིན་ཀྱང་ད་དུང་དེ་དང་དེ་བཞིན་ཏེ།།
ལས་དབང་གཅིག་པའི་རྒྱང་བཞུད་སྤུན་ཟླའི་ཚོར་བ་གཅིག་མཚུངས་ཡིན་ནམ་སྙམ།།

བཤད་མི་ཚར་བའི་གླེང་མོལ་ཁྲོད་དུ་མ་བུ་ངེད་གཉིས་སྐྱིད་སྣང་ཞིག །
སྐད་ཆ་བཤད་མཚམས་འཇོག་ལ་ཁད་དེར་ཨ་མས་ཁ་པར་འཆར་ངོས་སུ།།
བརྩེ་བའི་འོ་ཞིག་བྱེད་ཐེངས་རེ་རེར་འགོག་མེད་མིག་ཆུ་སེམས་སུ་བཞུར།།
ཨ་མའི་མིག་ལ་ང་ནི་སྔར་ལྟར་ད་དུང་བྱིས་པ་ཞིག་དང་མཚུངས།།

ལས་ཀྱི་ཤུགས་རླུང་བཙན་པོ་ཞིག་གིས་རྒྱང་དུ་དེད་པའི་འཁྱམ་པོ་ངས།།
དགའ་སྡུག་འདྲེས་མའི་དྲན་གདུང་རི་མོ་མ་གསང་སྨྱུ་གུའི་རྩེ་ནས་ལུད།།
སེམས་ཀྱིས་མྱོང་བའི་ཚོར་བ་གསོན་པོ་སྤྲང་འཁྱམས་ང་དང་ང་འདྲ་ལས།།
ཕལ་བ་གང་དང་སུ་ཡིས་མི་རྟོགས་འཇིག་རྟེན་འདི་ཡི་ཆོས་ཉིད་ལགས།།

གོ་ལའི་ཁྱོན་འདི་གསེར་གྱིས་བཀང་ཡང་ཨ་མ་ལས་ལྷག་རིན་ཆེན་གང་།།
མདོ་མེད་ང་འདྲ་འཁྱམས་པོ་ཞིག་གིས་འདི་ལྟར་བརྗོད་པ་མི་འཚམ་མོད།།
གསབ་ཏུ་མེད་པའི་དྲིན་ཅན་ཁྱེད་ཀྱི་བཀའ་དྲིན་ཚིག་གིས་མི་དཔོག་ལ།།
བསམ་གྱིན་བསམ་གྱིན་ཚིག་སྐམ་འགའ་རེ་དབང་མེད་འདི་ནས་ཤོར་ཏེ་ཐལ།།

མི་མཐོང་ཚིག་གི་དབལ་ཁ་རྣོ་ཡང་བཟོད་པའི་གོ་ཆ་ཐབས་ཀྱིས་གྱོན།།
ཚེ་སྲོག་དམར་པོ་འབེན་དུ་གཞག་ནས་མེས་པོའི་ཕ་གཞིས་དྲོན་མོ་འདི།།
རྔུལ་ཆུའི་ཐིགས་པ་རེ་རེའི་ཁྲོད་ནས་དགའ་བའི་འཛུམ་གྱིས་བསྐྱངས་མཁན་ཁྱེད།།
བརྒྱད་ཅུར་སོན་པའི་དྲིན་ཆེན་མ་ལོའི་སྐུ་ཚེ་བྲག་ལྟར་བརྟན་པར་ཤོག །

སྤྱི་ཟླ་དང་པོའི་ཚེས་༩ ཉིན་གྱི་ཞོགས་པར་ང་དང་ངའི་བརྩེ་བའི་ཨ་མ་ངེད་གཉིས་བརྙན་ལམ་བརྒྱུད་ནས་གླེང་མོལ་ཡུན་རིང་བྱས། ངའི་ཨ་མའི་གདོང་ལ་འཛུམ་གྱིས་གང་ཞིང་། ངེད་མ་བུ་གཉིས་གླེང་མོལ་ཁྲོད་སྐབས་རེར་ངའི་ཨ་མ་ནི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་ལ་སྐད་ཆ་བཤད་ཞོར་བགད་ཞོར་ང་ལ་རྣམ་འགྱུར་འདྲ་མིན་བསྟན། ང་ཡང་ཨ་མའི་རྣམ་འགྱུར་ལ་ལྟད་མོར་བལྟས་ཏེ་ངའི་སེམས་སུ་ཨ་མའི་རྣམ་འགྱུར་ནི་གནམ་འོག་ཏུ་གང་གིས་ཀྱང་མཚོན་ཐབས་བྲལ་བའི་ཆེས་མཛེས་སྡུག་དང་ལྡན་ཞིང་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་འང་སྙམ།  སྐབས་རེར་ཨ་མའི་མོ་རང་ལོ་ན་ཆུང་དུས་ཀྱི་ལོ་རྒྱུས་རྐྱང་རྐྱང་བཤད་དེ་ཧ་ཅང་དགའ་སྤྲོ་དང་ལྡན་པའི་རྣམ་འགྱུར་བསྟན། སྐབས་རེར་མོ་རང་ཆུང་དུས་ཀྱི་དཀའ་ངལ་འཕྲད་ལུགས་སོགས་བཤད་དེ།  རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ངའི་ཁྱིམ་ཚང་ནི་ཞྭ་མོ་ཅན་གྱི་ཁྱིམ་ཚང་གི་གྲལ་དུ་བཅུག༼སྐབས་འདིར་ཞྭ་མོ་ཅན་གྱི་ཁྱིམ་ཚང་ཞེས་པའི་དོན་ནི་ས་གནས་དེར་དབང་བའི་གོ་གནས་ཅན་གྱི་ཁྱིམ་ཚང་ཞིག་གི་མིང་ངམ་ཁྱིམ་ཚང་འབྱོར་ཕྱུག་ཅན་ཞིག་ལ་ས་བདག་དང་ཡང་ན་རྒྱ་སྐད་དུ་ 地主家༽ ཟེར།  ང་ཚོ་རྒྱལ་རོང་ཁྲོ་སྐྱབས་སྟོད་ཕྱོགས་པའི་ཁ་སྐད་དུ་ཁྱིམ་ཚང་དེའི་རིགས་ལ་གཏི་ལོ་ནོ་སྟེ་ཟེར།  དེའི་དོན་ནི་༼གཏི་ལོ་ནི་ཞྭ་མོ་དང་༽  ༼ནོ་སྟེ་ནི་སྐོན་པའི་དོན་ཡིན་ལ༽  དོན་དུ་ཞྭ་མོ་བཀབ་པའམ་ཞྭ་མོ་སྐོན་པའི་དོན་ཡིན་ནོ།།
ངའི་ནང་མི་རེ་འགའ་བཙོན་ཁང་དུ་ཁྲིད་དེ་ཕྱིན་ཆད་ཕྱིར་རང་ཡུལ་དུ་ལོག་ཐུབ་མེད་ལ། རེ་འགའ་སྐབས་དེར་གྲོང་གསེབ་གྱི་ལས་ཐོག་པ་འགའ་ཞིག་གིས་ཉིན་མཚན་མེད་པར་གཅར་རྡུང་བྱས་ཏེ་མཐར་ན་ཟུག་གིས་མ་བཟོད་པར་རང་སྲོག་བཅད་དེ་གྲོངས།  སྐབས་དེར་ངའི་ཨ་མ་རང་ལོ་དྲུག་ལས་མ་སོན།  ངའི་ཨ་མས་བཤད་ན་སྐབས་དེ་དུས་ངའི་ཁྱིམ་ཚང་ནི་ཁ་འཐོར་རྒུ་འཐོར་དུ་སོང་སྟེ་བཙོན་ཁང་དུ་ཁྲིད་པའི་མི་དེ་དག་གི་ཤི་བའི་རོ་དང་གསོན་པའི་མིང་ཙམ་ཡང་ད་བར་ཐོས་མ་མྱོང་ཟེར། དུས་དེ་ནས་བཟུང་ང་ཚོ་དང་ཁ་བྲལ་བའི་ནང་མི་དེ་དག་ནི་ནམ་མཁའི་འཇའ་ལྟར་ཡལ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་འཇིགས་་སུ་རུང་བའི་མུན་ནག་གི་འཇིག་རྟེན་འདིའི་པང་ཁུག་ན་རིམ་གྱི་འཐིམ་སོང་ཟེར། གང་ལྟར་ང་ཚོ་དང་ཁ་ཐག་རིང་ཞིང་སེམས་ཐག་ཉེ་བའི་ཤི་གསོན་གང་ཡང་ཆ་མ་འཚལ་བའི་ནང་མི་དེ་དག་གི་སྣང་བརྙན་ནི་ང་ཚོའི་དྲན་པའི་མེ་ལོང་ངོགས་སུ་མག་མོག་ཏུ་གྱུར་ཞིང་།།
ད་བར་དེ་དག་ཤི་གསོན་གྱི་གནས་སྟངས་ཙམ་ཡང་རྗེས་འདེད་ས་མ་རྙེད་པར་གྱུར་ཏེ་འདས་སོང་གི་ལོ་དང་ཟླ་བའི་ཁྲོད་དུ་དུས་ཚོད་ནི་དེ་དང་དེ་བཞིན་ཉིན་དང་ཞག་གིས་ཟད།  རེད་ངའི་ཨ་མས་ངར་དེ་དག་གི་གནས་སྟངས་དེ་བཤད་དུས་ངོ་གདོང་གི་རྣམ་འགྱུར་ཡང་འགྱུར་ཏེ་ཧ་ཅང་གི་སྐྱོ་གདུང་གི་ཁེང་ཞིང་། ངས་ཀྱང་ཁྲ་ཆུང་མིག་གིས་ཨ་མའི་གདོང་ལ་ལྟ་ཞོར་སེམས་སུ་ངའི་ཨ་མའི་མི་ཚེའི་རྒྱུད་རིམ་ནི་དཀའ་སྡུག་དང་མནར་གཅོད་ཀྱི་ཁྲོད་དུ་ནར་སོན་པ་ཞིག་སྟེ་ཇི་འདྲའི་དཔའ་མོ་ཞིག་རེད་འང་བསམ་བྱུང་།  སྐབས་དེ་དུས་མོ་སྐྲག་ས་དང་འཇིགས་ས་ནི་མགོ་ནག་གི་མི་ཡིན་པ་ལས་གདོན་འདྲེ་མིན་ལ།  ལྷག་པར་དུ་མཚན་མོར་ཉལ་དུས་དང་གང་སར་འགྲོ་དུས་སུ་ཉེ་འཁོར་དུ་མིའི་སྐད་ཐོས་པ་ལས་གདོན་འདྲེ་ཡི་སྐད་རེ་ཐོས་ན་ཇི་མ་རུང་སྙམ་པའི་འདུ་ཤེས་སྐྱེ་མྱོང་ཡོད་ཟེར། རྒྱུ་མཚན་ནི་སྐབས་དེ་དུས་མི་ཡི་ཁོག་ཏུ་འདྲེ་ཞུགས་པའི་དུས་ཡིན་པས་མྱི་སྐད་གོ་ན་རང་བཞིན་གྱིས་ཞེད་སྣང་དང་འཇིགས་སྣང་གིས་མནར་དགོས་བྱུང་བ་རེད། ད་དུང་ངའི་ཨ་མ་ངེད་གཉིས་སྐད་ཆ་འདྲ་མི་འདྲ་བཤད་རྗེས་ཐ་མ་དེར་ཨ་མས་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་རྗེས་ངའི་སེམས་ཁམས་གཏན་ནས་སྐྱིད་པོ་བྱུང་མ་སོང་།  སྐད་ཆ་དེ་གང་རེད་ཟེར་ན་ཨ་མའི་མ་ཕྱོགས་སུ་གཏོགས་པའི་ཉེ་རིང་ལས་བྱེད་ཤིག་གིས་ཨ་མ་ལ་བརྔན་པ་ཞིག་སྤྲད་འདུག དེ་ནི་རྒྱུ་ཆ་བལ་ལས་བཟོས་པའི་ཧ་ཅང་གི་དྲོད་འཇམ་ལྡན་པའི་ཉལ་ཆས་ཤིག་རེད། ཨ་མས་ང་ལ་ཟེར་རྒྱུར། ང་ནི་ད་རྒན་ཁོག་ཡིན་པས་དེ་འདྲ་གྱོན་ནའང་ཚོར་བ་དམིགས་བསལ་བ་ཞིག་མེད་ཀི་དེ་བས་རྗེས་མར་ཁྱོད་རང་ཕ་ཡུལ་ལ་ཡོང་དུས་ཁྱོས་གྱོན་ན་བདེ་ཐང་དང་གང་ཐད་ནས་ཡག་པོ་འདུག་བསམ་བྱུང་བས་ངས་བལྟབས་བརྩེག་ཡག་པོ་བྱས་ནས་ཁང་པའི་ཐོག་ལ་ཉར་ཚགས་བྱས་ན་བཞག་ཡོད།  རྗེས་མར་ཁྱོ་ཡོང་དུས་ཨ་ཅེ་ལ་སྐད་ཆ་དྲིས་དང་ངས་གང་དུ་བཞག་ཡོད་ཨ་ཅེས་གསལ་བོ་ཧ་གོ་ནི་རེད་ཟེར།   ཨ་མས་བཤད་པའི་སྐད་ཆ་དེ་ཐོས་མ་ཐག་ཏུ་ངའི་སེམས་ཁམས་རྦད་དུ་སྐྱུར་མོ་སྐྱུར་མོ་ཞིག་དང་ཧ་ཅང་གི་སྐྱོ་སྣང་ཞིག་གིས་མནར། ཡིན་ནའང་ཨ་མར་ངས་ལན་འདི་ལྟར་བཏབ། ཨ་མ་ཁྱེད་རང་གི་གྱོན་དང་ང་ལས་ཁྱེད་ལ་གལ་ཆེ་ནི་རེད་ང་རང་རྗེས་མར་ཡོང་དུས་དེ་འདྲ་ཉོ་ཆོག་ནི་རེད་བ་ལབ་ཡིན། འོན་ཀྱང་ཨ་མས་ངར་མ་རེད་མ་རེད་ཉལ་ཆས་དེ་གཞན་པ་དང་འདྲ་ནི་མ་རེད། ཁྱོད་རང་གིས་གྱོན་ན་མོ་ལ་སེམས་པ་སྐྱིད་པོ་འདུག་ཟེར།   ངའི་ཨ་མ་ལ་མཚོན་ན་ཉལ་ཆས་དེ་ཧ་ཅང་གི་རིན་ཐང་ཅན་ཞིག་དང་རྩ་ཆེན་ཞིག་ཡིན་པའི་སྣང་བ་འདུག་པས་ངས་ཀྱང་ཨ་མའི་འདོད་མོས་ལྟར་དང་ལེན་བྱས་ཏེ།
ཡ་ཡ་བཀའ་དྲིན་ཆེ་འ་ཨ་མ་ཁྱེད་ཀྱིས་ང་ལ་གནང་བའི་ཉལ་ཆས་དེ་ངས་ངེས་པར་དུ་གྱོན་རྒྱུ་ཡིན། ཨ་མས་ང་ལ་གནང་བའི་དངོས་པོ་གང་ཡིན་ན་ང་ལ་མཚོན་ན་འཇིག་རྟེན་གྱི་ཁམས་འདིར་ཆེས་རིན་ཐང་ཆེ་བའི་ནོར་བུ་དང་འདྲ་བས་བཀའ་དྲིན་ཆེ་འ་ཨ་མ་ཞེས་ལན་བཏབ། ཨ་མ་ཡང་དགའ་བའི་འཛུམ་དང་ལྷན་དུ་མོས་བགད་མོ་དགོད་ཞོར་དང་རྩེད་མོ་ཞིག་གི་ཚུལ་དུ་དེ་ད་ཡིན་ནི་རེད་འོ་ཟེར།

ཧྥ་རན་སིའི་ལྷོ་ཕྱོགས་སུ་ Montpellier གྲོང་ཁྱེར་གྱི་ཉེ་འདབས་རྒྱ་མཚོ་ཆེན་མོའི་འགྲམ་དུ་ཁང་ཆུང་གྲུ་བཞི་ཞིག་གི་ནང་དུ་ཕར་མྱི་སྐད་བཤད་ཀྱང་ཚུར་ཡ་ལན་མེད་པའི་གྲོགས་པོ་སྡེར་མའི་མིང་ཅན་འགའ་དང་ལྷན་དུ་འཚོ་ས་ཞིག་ནས་ཨ་མའི་གྱ་སྟོན་དང་འབྲེལ་ཏེ་སྤྲང་འཁྱམས་པ་རྒྱལ་རོང་བ་བསྐལ་བཟང་གཡུང་དྲུང་དུ་འབོད་པ་དེས་སྤྱི་ཟླ་ཚེས་ཉིན།
༡༦/༠༢/༢༠༢༦/

བསམ་ཚུལ།, རྩོམ་རིག, སྙན་ངག

Post navigation

Previous Post: སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
Next Post: །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme