Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྷརྨ་ཤཱ་ལ།

Posted on 2013-04-232013-04-23 By ཁ་བརྡ་ 13 Comments on དྷརྨ་ཤཱ་ལ།

སྐྱོ་བྲག་དགའ་དབང་།

དྷརྨ་ཤཱ་ལ་ནི་ཆོས་ཀྱི་གནས་ཚང་ཞེས་པའི་དོན་ཡིན་ཅིང་། ཕྱོགས་མཐའ་ཁག་ནས་དབང་ཕྱུག་གི་མཆོད་སྡོང་ལིངྒ་མཇལ་དུ་ཡོང་མཁན་དག་གི་གནས་ཚང་ཁང་པ་ཞིག་ཡོད་པ་ལས་ཐོགས་པར་བཤད། དེང་སྐབས་བོད་པ་ཚོས་དྷ་རམ་སཱ་ལ་ཞེས་ཟུར་ཆག་པའི་སྐད་དུ་འབོད། ས་གནས་ནི་སྔར་གྱི་རྒྱ་གར་གྱི་ཆོས་ལུགས་པ་རྣམས་ཀྱིས་གནས་ཆེན་དུ་བརྩི་བ་ཛཱ་ལནྡྷ་རའི་ཡུལ་དུ་གཏོགས་པའི་ཀང་ར་ན་ཡོད། རྒྱབ་རི་ནི་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་བོའི་གདོང་རྒྱུད། མིང་ལ་སྔ་མོར་མོ་ལཀྤརྦཏ་དང་། དེང་སྐབས་དཽ་ལ་དྷཱར་ཏེ། དོན་ནི་ཁ་བས་བཏུམས་པའི་རི་ཞེས་བྱ། དྷ་རམ་སཱ་ལ་འདི་སྔ་མོ་གྲགས་ཅན་ཞིག་མིན་ནའང་། བོད་ལ་དུས་འགྱུར་བྱུང་རྗེས་གོང་ས་མཆོག་གི་བཞུགས་གནས་སུ་གྱུར་པས་འཛམ་གླིང་ན་ཁྱབ་པའི་མིང་དུ་གྱུར་ཅིང་། ལྷག་པར་བོད་པ་ཚོའི་སྤྱི་སྒེར་གྱི་ལོ་རྒྱུས་ན་ནམ་ཡང་མེད་དུ་མི་རུང་བའི་ས་གནས་ཤིག་ཏུ་གྱུར་ཡོད། སྟོང་ལོ་གསར་པའི་ནང་རྒྱལ་དབང་ཀརྨ་པ་བཙན་བྱོལ་དུ་འབྱོར་བས་ཀྱང་གསར་ལམ་དག་ཏུ་གླེང་གྲངས་མང་བ་ཞིག་ཏུ་གྱུར་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: དྲན་པའི་ཉིན་མཚན།
Next Post: ལྕགས་པོ་རི་དང་རྒྱུད་གསུམ། ད་དུང་། སྐབས་ལྔ་པའི་སྨན་སློབ།

Comments (13) on “དྷརྨ་ཤཱ་ལ།”

  1. མེ་ཏོག་དཀར་པོ says:
    2013-04-23 at 1:12 pm

    ༧གོང་ས་མཆོག་ཅེས་འདི་འདྲ་བྲིས། ༢༠༡༢ ལོར་ཀརྨ་ཁྲིམས་འགལ་གྱི་པར་ཤ་མང་པོ་འདུག་ཅེས་ད་རམ་ཤ་ལ་ zee news སོགས་སུ་མིང་གྲགས་ཆེན་པོ་ཆགས་པ་བདེན་པ་རེད།

  2. ཏི་སི། says:
    2013-04-23 at 11:45 pm

    ཧཧཧཧཧཧ། དོན་དག་ཀརྨ་པས་ཡག་གྲགས་བཞག་པ་ཞིག་ཨི་ཡིན། སྡུག་གྲགསབཞག་པ་མ་ཡིན་ནམ། ་གཞི་ཆགས་སྙོམ་ཆུང་དང་དངོན་པ་ཚང་མ་ལ་དཀའ་ངལ་རྒྱུ་རྩ་སུས་སྤྲད་པ་རེད་དམ? སྟོང་ལོ་གསར་པ་ནང་རྒྱ་གར་དགོན་སྡེ་བླ་ཆེན་སུས་མ་གནང་བ་དེ་གནང་།

  3. མངའ་རིས་འཕྲིན་ལས། says:
    2013-04-24 at 3:21 am

    དྷ་ས་ནི་གང་དུ་ཡོད། གང་གིས་སྐད་གྲགས་བྱུང་། གང་འདྲ་ཡོད་ཕལ་ཆེར་ཚང་མའི་ཤེས་ཤེས་རེད། འོན་ཀྱང་དྷ་སའི་མ་རྩོམ་གྱི་བརྗོད་བྱ་ངོ་མ་ལས་ཀྱང་ཀརྨ་པ་ཞེས་པའི་ཚིག་འབྲུ་གཉིས་པོ་དེས་མཆན་ཞབས་རེ་ཟུང་གི་སྙིང་དུམ་བུར་འགྲོ་བའི་མདའ་མོ་ཞིག་ཆགས་འདུག་པས་ངོ་མ་ངོ་མཚར་རེད། ཉི་མ་ཤར་བ་ལ་སྦར་མོས་འགེབ་ཐབས་བྱེད་པ་ནི་ཆེས་བླུན་པའི་རང་བཞིན་ལས་མ་འདས། དཔེར་ན་ནམ་མཁའ་ལ་མི་དགའ་ཞིང་མཁུ་བའི་གང་ཟག་དེ་ནམ་མཁའ་དང་བྲལ་ནས་འགྲོ་ས་གཞན་ཞིག་མ་མཆིས་པ་ཇི་བཞིན། ༧དཔལ་རྒྱལ་དབང་ཀརྨ་པ་ལ་བསམ་ངན་འཆང་ཞིང་མཁུ་བའི་ནག་ཕྱོགས་རྣམས་སོ་སོ་ལས་ངན་བསགས་རྒྱུ་ལས་དོན་འབྲས་གང་ཡང་མེད་པ་ཤེས་པའི་ཐོག་ནས། སོ་སོའི་ལང་ཕྱོགས་དེ་འཕྲལ་ཕུག་རྒྱང་གསུམ་ལ་ནོར་འཁྲུལ་མེད་པར་ཡིད་ཆེས་ཡོ་ཚེ་ད་གཟོད ལངས་ཕྱོགས་བརྟན་པོར་བཟུང་དགོས་པ་ལས། གཞན་ལ་ཁ་གཏོང་སྐུར་འདེབས་བྱེད་དགོས་པ་ཅི་ལ་ཡོད། མ་ཚད་དཔེད་མེད་ཕོ་རྒོད་མདོག་དང་། འཇོན་མདོག་སྤྱང་མདོག་བྱེད་ཅིང་ཞེ་བོ་བཟོ་རྒྱུ་ཡོད་མདོག་བྱེད་པ་ནི་ཞབས་འདྲེན་ལས་གཞན་གང་ཡང་མ་རེད། དགར་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་འཕེན་པ་ནི་མཐའ་མ་སོ་སོའི་མགོ་ལས་གཞན་མེད་པ་ཤེས་དགོས།

  4. མངའ་རིས་འཕྲིན་ལས། says:
    2013-04-24 at 3:25 am

    དགྲ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་འཕེན།

  5. ཏི་སི། says:
    2013-04-25 at 12:14 am

    ང་ཚོས་ལབ་དགོས་ན་ཆུང་ཆུང་རེད། ནམ་མཁའ་ལྟ་བུ་ཀརྨ་པ་ཡིན་ན་ཁྱེད་ཁོག་པའི་ནང་ཡིན་འགྲོ། བོད་སྤྱི་པའི་དོན་ལ་ག་ལ་ཡིན། མ་ཟད་བླ་ཆེན་སུས་མ་བྱས་པ་དེ་བྱས་༡༦ པས་ལས་བཟང་ངན་གང་བསགས་ཡོད་པ་དོག་གཞི་ཡིན་འགྲོ། རྒྱ་གར་zee
    News བཤད་ཡོད་༢༠༡༡ ལོ། ༢༠༡༢ ལོ གང་འདྲ་བཤད་ཡོད། ད་ངུང་དྷ་རམ་སྐད་གྲགས་ཨོ་རྒྱན་འཕྲིན་ལས་ཡིན་ང་ཚོ
    ཆོས་རྒྱུ་ས་སྐྱ་དགེ་ལུགས་རྙིང་མས་ངོས་ལེན་མེད། མ་ཟད་འབྲུག་པ་འབྲི་གུང་བཀའ་བརྒྱུད་སོ་ངོས་ལེན་ཡོད་འདོག་ཁག་པོ་རེད། ཀམ་ཚང་བཇའ་བརྒྱུད་ཕྱེད་ཀས་ཁས་ལེན་འདོག་མ་རེད། ད་ག་ཚད་ལྷག་སོང་རྩིས་རྒྱོབས།་

  6. མེ་ཏོག་དཀར་པོ says:
    2013-04-25 at 12:46 am

    ས་སྐྱ་བཀའ་བརྒྱུད་རྙིང་མས་ངོས་ལེན་ཡོད་མེད་དང་། འབྲི་འབྲུག་གིས་ངོས་ལེན་ཡོད་མེད་གང་ཤེས།
    དང་པོ་ཀམ་ཚང་ཡོངས་ཀྱིས་སྤྱི་གཙུག་ཏུ་བཀུར་རོགས། གཞི་ནས་ས་སྐྱ་སོགས་ཀྱིས་བཀུར་མ་བཀུར་ལྟ་རྒྱུ་རེད། གཞན་མཇེ་མེད་པའི་མཇེ་སྤུ་དང་། སྟུ་མེད་པའི་བྱ་ལེ་ཙམ་རེད།

  7. ཏི་སི། says:
    2013-04-25 at 3:26 am

    མེ་ཏོག་དཀར་པོ་གསུངས་པ་དེ་ལེགས་སོ། རྒྱབ་སྐྱོར་ཞུ་ཡིན། ཨོན་རྒྱན་འཕྲིན་ལས་ཀྱི་་ཨ་ཅ། དེ་ཨ་ལོག་རེད་རེད་དམ། ཨ་ནེ་རེད།
    ངས་གོ་ཐོས་ལ་ཀམ་ཚང་གྲྭ་བ་རྫིག་པོ་ཞིག་མཉམ་དུ་དགའ་གྲོགས་ཡོད་རེད་ཟེར།

  8. ཏི་སི། says:
    2013-04-25 at 3:31 am

    ཨོ་རྒྱན་ཕྲིན་ལས་ཀྱིས་ཐེ་ཝན་ནས་གསུངས་ཚུལ་ལ། ཀམ་ངག་འདོན་མགོ་ལ་ཚིག་བདུན་གསོལ་འདེབས་འདོན་ན་མི་འགྲིག་ང་ཚོ་ཀམ་ཚང་གི་འདོན་པ་གཞན་འདོན་རྒྱུ་ཡིད་ཚུལ་གསུངས་འདུག། ཡང་སྷབས་རེར་འཇུ་མི་ཕམ་གསུངས་ལ་ལྷན་ཐབས་སྦྱར་ནས་བདེ་ཆེན་འབར་བ་ལའང་ཞབས་བཏགས་ཁ་གསབ་ཤོལོཀ་ཁ་ཤས་བསྒྲིགས་ནས་ཐེ་ཝན་ནས་འཇམ་མགིན་བླ་མས་པར་ཁྲི་གཅིག་བཏོན་པ་རེད་དེ་ཚོ་རང་འདོད་ཅང་བྱེད་པ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-25 at 3:39 am

    དྷརྨ་ཤཱ་ལྰ།

  10. མེ་ཏོག་དཀར་པོ says:
    2013-04-25 at 3:46 am

    ཏི་སེ་ལགས། ཀརྨའི་གཅུང་མོ་མཛེས་མ་ཞིག་འདུག ཨ་ལོག་ཇོ་ལོག་གང་བྱེད་མོ་རང་གི་རང་དབང་རེད་དྲན། འདི་ལ་ང་ཚོས་བཤད་བཤད་བྱ་མི་ཉན་སྙམ།

  11. བན་དེ་བ། says:
    2013-04-25 at 4:35 am

    འོ་ང་ཡོང་ས་ནོར་བཞག འདི་ན་སྒྲོ་སྐུར་འདེབས་སའི་དོ་ར་རེད་འདུག ཁྱེད་ནང་་པ་འཚེ་མེད་ཞི་བ་མཁྱེན་པ་ཅན་རྣམས་ཀྱིས་མཐོ་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་ན་རག་དམྱལ་བའི་གསེར་གདན་ཡན་ཆད་ལ་་་་་་་་་་་

  12. མེ་ཏོག་དཀར་པོ says:
    2013-04-25 at 5:09 am

    བན་དེ་ཁྱོད་ལོག་པ་དགའ་པོ་བྱུང་།

  13. ཏི་སི། says:
    2013-04-25 at 5:31 am

    དེ་ལྡན་ཁི་། ཨོ་རྒྱན་འཕྲིན་ལས་གཅེན་མོ་མོ་རང་རང་དབང་རེད། འོན་ཀྱང་ངས་སུ་མཉམ་དུ་འབྲེལ་ལམ་ཡོད་ན་དྲན་ཁི། ཁ་ཤས་ཟེར་ཟུར་མང་འཇམ་དགའ་ལ་འབྲེལ་བ་ཡོད་ཚུལ་ཐོས། ཨི་ལྡན ། ལ་ལས་ཟེར་ན་མཁན་པོ་ཞིག་ལ་ཡོད་རེད་ཟེར་ལན་གནང་རོག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme