Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲེད་མོང་།

Posted on 2010-01-012010-01-01 By དགེ་རབ་ 7 Comments on དྲེད་མོང་།

སྨྱུག་རྒོད་གངས་བུ་དཔལ། ས་གླང་མགོ་༡༤ཉིན་བྲིས།
————————-
༡སྔོན་གླེང་།

ཆུང་དུས་ནས་མི་རྒན་པ་ཚོའི་ངག་ལས་དྲེད་མོང་གི་གཏམ་རྒྱུད་མང་པོ་གོ་མྱོང་ཡང་། དྲེད་མོང་བྱ་བའི་སེམས་ཅན་དེ་གང་འདྲ་ཞིག་ཡོད་དམ་སྙམ་ནས་རྟག་པར་དོགས་པ་ཟ་གི་ཡོད། ངས་མི་རྒན་འགའ་ཞིག་ལ་དྲེད་མོང་བྱ་བ་གང་འདྲ་ཞིག་ཡོད་དམ་ཞེས་སྐད་ཆ་དྲིས་དུས། ཁ་ཤས་ཀྱིས་གདོང་བེའུ་འདྲ་པོ་ཡོད་པ་དང་། ཡང་ཁ་ཤས་ཀྱིས་མགོ་ལ་སྤུ་བཟང་པོ་ཡོད་རབས་དང་། ཁ་ཤས་ཀྱིས་རྒྱང་རིང་ནས་བལྟས་ན་མི་འདྲ་པོ་ཡོད་པ་བཤད་སོང་། ཐམས་ཅད་ཀྱི་ཁ་ཆིག་བསྒྲག་ཏུ་དྲེད་མོང་གིས་གཡག་བསད་ནས་ཟ་གི་ཡོད་པ་བརྗོད་སོང་ལ་འགའ་ཞིག་གིས་དྲེད་མོང་ནི་བུང་བུ་ཟ་རྒྱུར་ལྷག་པར་དགའ་པོ་ཡོད་པ་བཤད་བྱུང་། དྲེད་མོང་གི་རིགས་ལའང་མི་དྲེད་དང་དོམ་དྲེད་ཞེས་གཉིས་ཕྱེ་ཡི་འདུག་ཅིང་ཁ་ངག་ལ་མི་དྲེད་ཀྱིས་གཡོ་ཐབས་ཀྱིས་མི་ཟ་གི་ཡོད་པའང་བཤད་སྲོལ་འདུག ཡིན་ནའང་ཁོ་བོས་དེ་སྔ་དྲེད་མོང་དངོས་སུ་མཐོང་རྒྱུ་ཕར་བཞག་འདྲ་སྣང་གི་སྒྲ་སྤྱི་ཙམ་ཡང་ཡག་པོ་ཞིག་ཤར་མ་ཐུབ་པས་དྲེད་མོང་བྱ་གང་འདྲ་ཞིག་ཡོད་དམ་སྙམ་པའི་ཤེས་འདོད་ཆེན་པོ་བྱུང་བས། ལོ་ཤས་ནང་ངའི་དྲ་ཚིག་སོགས་ནས་དཔར་དེ་འདྲ་ཕབ་ནས་མི་རྒན་ཁ་ཤས་ལ་བསྟན་པ་ལས་ད་ཆ་དྲེད་མོང་བྱ་བ་དེ་འདི་འདྲ་ཞིག་ཏུ་མཐའ་དཔྱོད་བྱས་པ་ཡིན།

༢ དྲེད་མོང་ངོས་འཛིན།
བྱང་ཨ་མི་རི་ཀའི་གླིང་ཆེན་དང་བོད་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག བྱང་ཨ་མི་རི་ཀའི་དྲེད་མོང་ལ་གྷྲི་ཛེ་ལི་བྷིར་grizzly bearཟེར་བ་དང་ཟས་སུ་ཉ་དང་གླ་གླང་སོགས་སྤྱོད་ཅིང་གངས་འཁྱགས་ཉེ་འཁྲིས་ཀྱི་བྲག་དང་ནགས་གསེབ་གནས། བོད་དུ་ཡོད་པའི་དྲེད་མོང་ནི་གཡག་དང་བོང་བུ་སོགས་ཕྱུགས་ཀྱི་རིགས་ཟོས་ཤིང་མི་དྲེད་ཀྱིས་མི་ལའང་འཚེ་བ་བྱེད། གངས་རི་ཉེ་འཁྲིས་ཀྱི་བྲག་རི་དང་ཛ་རི་ནགས་ཁྲོད་དུ་འཚོ། ༼དབྱིན་སྐད་ཚིག་མཛོད་ཁ་ཤས་ནང་blue bearདོམ་སྔོན་པོ་ཡང་ཟེར་འདུག༽
བོད་ཀྱི་དམངས་གཏམ་ཁྲོད་དྲེད་མོང་གི་སྒྲུང་གཏམ་ཡང་མང་པོ་བཤད་སྲོལ་ཡོད།

ཨ་མི་རི་ཀའི་དྲེད་མོང་། grizzly bear
ཨ་མི་རི་ཀའི་དྲེད་མོང་། grizzly bear
509976002xxsagw_
ལྷ་སའི་གཅན་གཟན་ཁང་དུ་ཡོད་པའི་དྲེད་མོང་།

4436052-q-img-2702-tibetan-bear-0

བོད་ཀྱི་དྲེད་མོང་།
བོད་ཀྱི་དྲེད་མོང་།
རྩོམ་རིག

Post navigation

Previous Post: ལོ་གཅིག་ལ་ཕྱི་མིག་བལྟས་པ། {རང་གི་འཚོ་བ།}
Next Post: གངས་སེང་གི་དར་ཆ་མཐོ་རུ་བསྒྲེངས།

Comments (7) on “དྲེད་མོང་།”

  1. མདོ་ལྷ་ཁམས་པ། says:
    2010-01-02 at 1:26 am

    བཤད་རྒྱུན་ལ་ སྟག གཟིག དོམ དྲེད་ བཞི་ནི་གཅན་གཟན་རིགས་སོ་སོར་ཡིན་པར་བཤད།
    གོང་གི་ཁྱེད་ཀྱི་པར་རིས་འདི་ཚོ་ནི་ དོམ་ཟེར་བ་དེ་དང་། དོམ་ནག་ཟེར་བ་དེར་ཧ་ཅང་འདྲ་བོ་འདུག
    དྲེད་མོང་ཟེར་བ་དེ་ག་འདྲ་ཡོད་མེད་ངས་ཀྱང་དངོས་སུ་རིག་མ་མྱོང་།
    ཅིག་བྱས་ན་དྲེད་མོང་གི་རིགས་ཤིག་ཡིན་སྲིད།

  2. སྨོན་སྐོར། says:
    2010-01-02 at 3:34 am

    ཅི་ཞིག་བཟོས་ཀྱང་བཟོ་རོགས། དོམ་ཕྲུག་དྲེད་མོང་ཡིན་པར་མ་བཟོ་རོགས་བྱེད།
    སྐུ་མཁྱེན།

  3. ཆོས་འཁོར་ཚང་། says:
    2010-01-02 at 9:38 am

    དྲེད་མོང་དང་མི་དྲེད་གཉིས་ནི་ཤིན་ཏུ་མི་འདྲ་སྙམ། དྲེད་མོང་ཟེར་བ་དེ་དོམ་དང་ཉེ་བར་སྣང་བ་དེང་སང་ཡང་བོད་ཕྱོགས་སུ་མཐོང་རྒྱུར་མོད་པས། འདི་ཉིད་སྐོར་གནད་འགག་གང་ཡང་མེད་པར་ངོས་བཟུང་སླ། འོན་ཀྱང་། མི་དྲེད་ཅེས་པ་དེ་ནི་དེ་ཉིད་དང་ཤིན་ཏུ་མི་འདྲའོ། །མི་དྲེད་ནི་ཧི་མ་ལ་ཡའི་གངས་སུལ་དུ་གནས་པར་གྲགས་པའི་མི་ཡི་བྱ་སྤྱོད་ལྡན་པའི་གཅན་གཟན་ཞིག་ཏུ་འདོད། འདི་ནི་ད་དུང་དངོས་ཡོད་ཡིན་མིན་སུས་ཀྱང་བདེན་དཔང་མ་འཕེར་ཞིང་། མུ་མཐུད་ནས་བརྟག་བྱར་གྱུར་ཡོད། དབྱིན་སྐད་ནང་དུ་(YETI)ཟེར་བ་དེ་ཡིན། འདི་ཡི་བྱ་སྤྱོད་གང་ཞིག་གླེང་ཡང་མི་ཡི་ཀུན་སྤྱོད་དང་ཤིན་ཏུ་ཉེ་བར་གླེང་བཞིན་ཡོད། བརྒྱ་ཕྲག་བཅུ་དགུ་པའི་ལོ་རབས་ལྔ་བཅུ་ཡས་མས་སུ་ཧི་མ་ལ་ཡའི་ཤར་མཐའ་ནས་འདི་ཡི་སྤུ་རྩིད་གང་རུང་ཞིག་རྙེད་རབས་སྐོར་(National Geography)གློག་བརྙན་ནས་མཐོང་མྱོང་། གང་ལྟར་མི་དྲེད་ནི་དམངས་སྒྲུང་སོགས་ཁོ་ན་ལས་གསལ་བའི་གཅན་གཟན་ཞིག་ཏུ་གྱུར་ཡོད་ཅིང་། གཅིག་ཤོས་དྲེད་མོང་ནི་ད་དུང་ཡང་སྣང་ངོར་ཡོད་པས་ཤིན་ཏུ་མི་འདྲའོ། །

  4. KARMA DORJE says:
    2010-01-04 at 12:33 am

    མི་དྼེད་་གངས་སེང་་མཐོང་བའི་་གསང་རནམ་་འདུག །
    གསང་རནམས་་ཡིན་ཕྻིར་་ཀུན་དང་་མཐུན་ཐབས་་མེད། །
    ཤར་ཕྻོགས་་པ་ཡི་་གཡ་ཏི་(yeti)མི་འདྼ་་པོ། །
    ནུབ་ཕྻོགས་་པ་ཡི་་འབིག་ཕུཊ་(big-foot)ཉིད་དང་་མཚུངས། །

    !!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!
    !!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!
    ???????????????????????????????????????
    ???????????????????????????????????????

  5. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-04 at 6:08 am

    དོམ་ཡིན་དང་དྲེད་མོང་ཡིན་ནའང་ཐག་ཆོད་གསལ་པོ་དགོས་འདུག གོང་གི་དཔར་ནང་ཡོད་པ་དེ་དག་མིན་པའི་དྲེད་མོང་ཞིག་ཡོད་ན་གངས་ཀྱི་སེང་གེ་ལྟར་རིག་རྒྱུ་མེད་པ་དེ་འདྲ་མ་བཟོས་པར། ད་ལྟ་འཛམ་གླིང་ལ་ར་སྤྲོད་ཞིག་གནོངས་དང་། གྲོགས་པོ་ཚོ།

  6. གཞོན་ནུ་ཟླ་མེད says:
    2010-01-04 at 11:42 am

    མི་དྲེད་ཞིག་ནས་༡༩༩༦ ལོར་ཧ་མ་ལ་ཡའི་རི་རྒྱུད་ནས་བླ་བྲང་ཕྱོག་གི་གྲྭ་བ་ཅིག་རྒྱ་གར་དུ་འོང་བའི་ལམ་བར་ནས་བཟུང་ནས་མག་པར་བཞག་པ་དེ་འདིའི་ནང་ན་ཤེས་མཁན་ཡོད་ཀྱི་རེད། མག་པར་ལོ་གཉིས་ཙམ་བསྡད་པ་རེད་ཟེར། འོན་ཀྱང་དེ་ yeti ཡིན་མིན་ཐག་ཆོད་མ་སོང་། ངའི་ངོ་ཤེས་འོ་སི་ཁྲི་ལེ་ཡའི་སྲོག་ཆགས་ཞིབ་འཇུག་པ་ཞིག་ཡོད། ཁོང་གིས་ཟེར་ན་ yeti ནི་དེང་སང་མགོ་ལོག་དང་། བོང་སྟག་སོགས་སུ་ཡོད་པར་སྣང་། ཟེར། ངས་བསམ་ན་yeti ནི་མི་རྒོད་ཟེར་བ་དེ་ཡིན་ས་རེད། མི་དྲེད་ཡིན་ས་མ་རེད།
    གོང་གི་དཔར་དེ་ཚོ་བླ་བྲང་དཔར་ཁང་དང་། ཟི་ལིང་སྲོག་ཆགས་གླིང་ཀ ལྷ་སའི་ནོར་བུ་གླིང་ཀ་བཅས་ནས་མཐོང་མྱོང་། དེ་དུས་དོམ་ཟེར་བ་འདྲ་བོ་ཅིག་གོ་སོང་།
    ངའི་སྤུན་ཉེ་ཅིག་ཞིན་ཧེ་ན་ཡོད། ཁོང་ཡོད་ས་དེར་དྲེད་མོང་དང་དོམ་མང་པོ་རེད་ཟེར། ཁོང་གིས་བཤད་ན་མི་དྲེད་ནས་མི་གསོད་ཀྱི་རེད་མ་གཏོགས་རྟ་དྲེད་ནས་མི་གསོད་ཀྱི་མ་རེད་ཟེར། མི་དྲེད་དེ་ལག་པར་ཤུགས་ཧ་ཅང་གི་ཆེན་པོ་རེད་ཟེར། མི་དང་འཁྲུགས་འཛིང་ཤོར་སྐབས་རྒྱུགས་འོང་ནས་མི་དང་བར་ཐག་གོམས་པ་ལྔ་དྲུག་ཅིག་ནས་ཡར་ཀེག་གིས་ལངས་ནས་ཅུང་ཟད་བསྡད་རྗེས་མི་ཡི་གདོང་ལ་མཆོང་གི་འདུག་ཟེར། མི་རྣམས་ཀྱིས་རྩིད་པའི་ཤིང་བ་རིལ་ལུ་བཟོས་ནས་སོང་དེ་ཁོ་རང་ཡར་ལངས་པ་དང་ཤིང་བ་རིལ་ལུ་དེ་ཁོ་ལ་གཡུག་ན། ཁོ་དེ་ལ་འཐམ་ནས་ལག་པ་མགྱོགས་སུ་ཕྱིར་ལེན་མི་ཐུབ་པའི་སྐབས་དང་བསྟུན་ནས་ལག་པར་རྒྱུགས་པས་བཞུས་ཚུར་རྒོལ་བྱེད་མི་ཐུབ་པ་བཟོས་རྗེས་ག་ལེར་གསོད་ཀྱི་རེད་ཟེར། དྲེད་མོང་ཇི་ལྟར་བཙན་ན་ཡང་དོམ་ལ་ཤིན་ཏུ་སྐྲག་པར་བཤད།

  7. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-05 at 2:17 am

    གྲོགས་པ་ལགས་འདིར་མི་དྲེད་དམ་yeti ཐོད་པ་ཡིན་ཟེར་བ་ཞིག་འདུག་པས་བལྟས་དང་། http://en.wikipedia.org/wiki/File:Yetiscalp.JPG ངས་བྱས་ན་མི་དྲེད་དང་དོམ་དྲེད་ཀྱི་ཁྱད་པར་ཆེན་པོ་ཡོད་ས་རེད་སྙམ། titin in tibet ཞེས་པའི་སྒྲུང་དེབ་ནང་yeti དེ་མི་རྒོད་འདྲ་པོ་བྲིས་འདུག དྲེད་མོང་བྱ་བ་དེ་གསལ་པོ་བཟོས་ཐུབ་ན་གཡག་ནང་བཞིན་བོད་ཀྱི་ཐུན་མོང་མིན་པའི་སྲོག་ཆགས་ཞིག་རྙེད་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme